༼ནང་གྲོགས་བསོད་སྟོབས་ལགས་ཀྱིས་བྲིས་པའི་རྩོམ་ཐུང་འདི་ད་ལྟའི་ངའི་སེམས་ཚོར་གྱི་བསྡུས་གཟུགས་གསོན་པོ་ཡིན།༽

མ་མཐོང་མཚན་མོའི་སྲང་ནས་མི་ཡི་ནོར།།
འཇབ་སྟེ་རྐུ་བ་ཁྲེལ་ལྡན་རྐུན་པོའི་སྲོལ།།
དཀར་ངོགས་ཉིན་མོ་ཀུན་གྱི་མཐོང་ས་ནས།།
བརྐུས་ནས་ངོམ་པ་ཨུ་རུ་སུ་མའི་ལུགས།།

ར་ཤིའི་བསེ་དྲི་ཅན་གྱི་མོ་ངན་ཚོས།།
རང་ནོར་བརྐུས་ཀྱང་ར་མདའ་མ་ཆོད་ནས།།
ལོ་བཅུ་ལུས་པ་ཉམ་ཆུང་བོད་པའི་ལས།།
ཁྱེད་ཉིད་ཤེད་ཀྱིས་ངུ་བའི་རྒྱུ་ཡང་ཡིན།།

གསེར་ལས་བྱས་པའི་མེ་ལོང་ཙམ་ཞིག་མིན།།
དེ་ལ་འཛམ་གླིང་བུ་མོའི་གཟི་བརྗིད་ཡོད།།
རིན་ཆེན་ཕྱེ་མར་སྤུངས་པས་མི་མཚོན་པའི།།
ནོར་དང་ཐོབ་དང་གྲགས་པའི་རིན་ཐང་ཡོད།།

ད་ནི་ཅི་བྱ་ཡོད་ཚད་“ཕྱིས་དྲགས”སོང་།།
གྱོང་བསབ་ཟེར་ཡང་ངུ་ཁ་འབྲིད་བྱེད་ཙམ།།
མ་སོབས་མི་སོབས་སོབས་པ་མི་སྲིད་པས།།
ར་མོར་དམོད་པ་ཙམ་ལས་ཅི་ཞིག་བྱ།།

འོན་ཏེ་ནོར་དང་གྲགས་པ་བརླག་ན་ཡང་།།
བདེན་དྲང་རྒྱལ་ཁའི་གཟི་འོད་མ་ཤོར་བ།།
འདི་ཀོ་ཅི་བས་རིན་ཐང་ཆེ་ལགས་པས།།
འཛུམ་གྱི་དབུ་འཕང་བསྟོད་ཤོག་རིགས་ཀྱི་སྲིང་།།

ཁྱོད་ཀྱི་རྒྱབ་ན་ལངས་བའི་ངེད་ཅག་ལ།།
དཔུང་པའི་ཤེད་མོང་དར་བ་མེད་ན་ཡང་།།
རྣམ་དག་སེམས་ཀྱི་སྨོན་འདུན་ཁྱེར་བ་ཡི།།
མི་རིགས་ཧྲིལ་པོ་ཞིག་གི་སྐྱོར་མ་ཡོད།།

དེ་རིང་སྐྱ་སེར་བན་བོན་མི་གླེང་ཞིང་།།
རྙིང་མའི་རབ་སྔགས་དགེ་ལྡན་སྲུང་མ་ཡང་།།
མ་རྩོད་མཉམ་དུ་ཁྱེད་ལ་བལྟས་ནས་ཡོད།།
ཁྱེད་ཀྱི་ཆེད་དུ་དགའ་ཞིང་སྐྱོ་བཞིན་ཡོད།།

གོ་འཇོ་བསོད་སྟོབས་ཀྱིས།

ཕལ་ཆེར་ལོ་ངོ་བཅུ་ཙམ་གྱི་སྔོན་དུ་ཨ་མདོ་ནས་ཟུར་མཁར་བློ་གྲོས་རྒྱལ་པོའི༼རྡོ་རིང་མཛེས་བྱེད༽ལ་མཇལ་མྱོང་ཡོད། དེ་དུས་སུ་གོ་བ་གང་ཡང་ལེན་ཤེས་མ་སོང་། ཕྱིས་སུ་ཡུལ་དབུས་སུ་ཨ་རིའི་ཧྭ་ཝེར་གཙུག་ལག་སློབ་ཆེན་གྱི་གསོ་རིག་འབུམ་རམས་པ་བདེ་གཤེགས་དབྱངས་དགའི་དགོངས་པའི་ཤུགས་རྐྱེན་འོག་ཏུ། ན་ནིང་ཞིག་ལ་ཟུར་མཁར་བའི་ཁོག་དབུག་དང་རྡོ་རིང་མཛེས་བྱེད་བསྐྱར་ཏུ་བཀླག་ནས་ཡིད་འཕྲོག་པ་བྱུང་། དེའི་རྗེས་སུ་དྲ་རྒྱའི་སྟེང༼རྒྱུད་བཞིའི་འགྲེལ་བ་མེས་པོའི་ཞལ་ལུང༽དཔེ་རྙིང་སྟོད་ཆ་འདི་བླུས་ནས་བཀླག་པ་ཡིན། དུས་རབས་བཅོ་ལྔ་བའི་དཔལ་ལྡན་གསོ་བ་རིག་པའི་ཁྱབ་ཁོངས་སུ། ཕལ་ཆེར་ཟུར་མཁར་བློ་གྲོས་རྒྱལ་པོ་འདྲ་ཡོད་ས་མ་རེད། འཆད་དགོས་ན། རྩོད་དགོས་ན། རྩོམ་དགོས་ན་ཕལ་ཆེར་མཁས་པ་གཞན་གྱིས་གླགས་ཁེལ་ས་མ་རེད། ཁྱད་པར་དུ་གུས་པ་དགའ་ས་ནི་རྩོད་པའི་མཇུག་ལ་ཁ་ཚོད་མཐོ་བ་དང་ཚིག་སྦྱོར་དང་རིགས་ལམ་གྱིས་ཡིད་དབང་འཕྲོག་པ་དེ་རེད། ༼མེས་པོའི་ཞལ་ལུང༽གི་སྨད་ཆ་འདི་ཁ་སྐོང་གི་ཚུལ་དུ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཛད་འདུག སྤྱིར་ན་དར་མོ་ཚང་ཡང་མཁས་མཆོག་འགྲན་ཟླ་བྲལ་བ་ཞིག་ལགས་ལ། རྩ་བའི་ས་བཅད་ལེན་སྟངས། མཆོད་བརྗོད། ལུང་འདྲེན་སྟངས་སོགས་ཟུར་མཁར་པ་དང་ལད་མོ་བྱེད་ཅི་ཐུབ་ལ་འབད་བརྩོན་གནང་ཡོད་ནའང་། ཟུར་མཁར་བ་དང་བསྡུར་ན་ཉམས་ཆུང་ངུ་ལ་རིགས་པའི་རྩལ་ཆུང་བ་ལྟ་བུར་སྣང་། དར་མོ་ནས་ཀྱིས་མཛད་པའི༼མེས་པོའི་ཞལ་ལུང༽གི་སྨད་ཆའི་ཕྱག་དཔེ་འདི་ག་རང་ལྷག་མ་ཡོད་མཁན་དང་ཕྱག་དཔེ་འདི་ག་རང་རེག་མཁན་ཡོད་ན་ང་ལ་ཆོས་སྦྱིན་གནང་རོགས་ཞུ། སྨད་ཆ་འདི་ནི་གུས་པའི་གྲོགས་པོ་དམ་པ་སེར་བརྒྱ་ལྕགས་འབུམ་ཚེ་རིང་ལ་གཡར་པ་ཡིན། — བན་ཤུལ་པས་ལྷ་སའི་ཤར་གྱི་ཉི་འོད་འཇམ་ཞིང་ནགས་ཚུལ་སྟུག་ལ་བྱེ་བྱེའུ་ཡི་གླུ་དབྱངས་ལེན་པའི་ཉམས་དགའི་དབེན་གནས་རང་ཁྱིམ་ཉི་འོད་ཅན་ཞིག་ནས་ཁྲག་ལ་ཕན་པའི་ལྷོ་ཇ་སྦངས་ཏེ་དཔེ་ཀློག་བྱེད་པའི་བར་གསེང་ནས་ཀུན་ལ་ཕན་ཕྱིར་དྲ་ངོས་སུ་སྤེལ་བ་དགེའོ།།

࿐གྱ་ས་འགར་རྩེ་དགོན་ཐུབ་བསྟན་ཆོས་འཁོར་གླིང་ནི།(瓜什则寺)རྨ་ལྷོ་ཁུལ་རེབ་གོང་རྫོང་རོང་བོ་གྲོང་རྡལ་གྱི་ཤར་ཕྱོགས་སུ་公里44 ཡི་མཚམས།ད་ལྟའི་འགར་རྩེ་ཞང་གི་གོང་རོལ་དུ་ཆགས་ཡོད།དགོན་འདིས་དགོན་བདག་བླ་མ་གཙོ་བོ་འགར་རྩེ་སྐུ་ཕྲེང་ཆེ་བ་རིམ་བྱོན་ཡིན་ལ། ད་ལྟའི་སར་དགོན་པ་འདི་ཉིད་ཕྱག་འདེབས་མཁན་ནི་༧འགར་རྩེ་སྐུ་ཕྲེང་གསུམ་པ་ཁྲི་རྒན་མཁན་མཆོག་རྒྱ་མཚོ་ཡིན། དགོན་འདིས་སྐུ་རྟེན་གྱི་གཙོ་བོ་ནི་ཐུབ་པ་ཆོས་འཁོར་མ་དང་༧རྗེ་རྒྱལ་བ་གཉིས་པའི་ཕྱག་ཏུ་བསྣམས་པ་ཐུགས་སྲས་མཁས་གྲུབ་ཐམས་ཅད་མཁྱེན་པའི་རྒྱུན་གཟིགས་ཀྱི་ཕྱག་དཔེ་འཁྲུལ་མེད༼སྔགས་རིམ་ཆེན་མོ ༽རྗེ་རིན་པོ་ཆེའི་ཚེམས་འཁྲུལ་མེད་སོགས་ཡོད།ལྷག་དོན་དགོན་འདིས་གཞི་གསུམ་གྱི་ཕྱག་ལེན་གཙོས་ཚོགས་ཆོས་ཐོག་དང་ཆོ་ག་ཕྱག་ལེན། གཞུང་ཕྱོགས་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི་ལ་འཆད་ཉན་གྱི་ཕྱག་སྲོལ་བླ་བྲང་བཀྲ་ཤིས་འཁྱིལ་བ་ལྟར་གཏན་ཆགས་སུ་ཚུགས་བཞིན་པ་ལགས་སོ།


发布     👍 0 举报 写留言 🖊   
✋热门推荐
  • 我不发神里绫人的疯我发什么疯?你以为我像你们一样喜欢的都是放过立绘的老公/老婆吗?都会自己摸鱼二创?我从喜欢神里绫人开始就一路自闭只能幻想幻想他的长相,脑补他的
  • ”的“未见本性”的偈颂而言,惠能表达了“一切万法,不离自性”的道理,令弘忍大为赞赏,是夜三更,五祖弘忍密召惠能,为其演说《金刚经》并密授衣法。因佛陀全知,能见六
  • 彭佳很喜欢秀姑,但在爱情和“为民除害”面前,他选择了后者。彭佳没有得到搭救,死在岛上,变成了现在的“彭佳岛”和“秀姑峦山”遥遥相望。
  • #微博新知博主##父亲因办不了电话卡家暴33岁女儿#人身安全保护令是让家庭暴力受害人保护自己的法律武器,以下关于人身安全保护令的四问四答[举手]Q:人身安全保护
  • ”张家口联通公司接待站媒体服务通信保障负责人王栋说,2021年12月份开始,张家口联通对酒店内,尤其是接待站内区域内的会议区、公寓区做了整体通信建设。”王栋说,
  • ”很庆幸在自己20+的时候遇到这本书,也希望自己永远保持独立,以成年的人方式思考和行动;不因被否定而自我怀疑,保持理智和自信;拥有强大的自我意识,不讨好不迎合,
  • 没有哪一个春天像这个春天一场春雪一场突然严峻的疫情这一刻仿佛在顷刻间静止静默取代了喧嚣不安取代了平静焦虑恐惧弥漫在每个人的心中没有人生来勇敢只是因为被需要他们逆
  • 我还在云南买了件大衣好冷,后来放咸鱼出手了哈哈哈哈。还有喜欢酸的可以加点醋,我因为配的自己腌的酸笋,就没再放醋。
  • 你在吐槽这场对线的时候,有人把你截图单独拉出来烧香,你还能默默看着香烧完不吭气,那我佩服您格局巨大,您把收款码打开,我高低给您上贡点,拜拜您这尊大佛我就是小气吧
  • (供稿人:湘西联通 陈菲 向青)#分享时事# 【东数西算推动云市场加速爆发】数据显示,近年来,我国云计算产业保持了年均超过30%的增速。1月《“十四五”数字经济
  • #香港##港闻##守护香港##疫情防控# (点新闻)献“爱心” 同战“疫”| 他们选择这样做……病毒无情,人间有爱,面对近期疫情防控的严峻形势,社会各界爱心人士
  • 像身体裂开了一道口子,把我的光,热,明亮,和力量一点点流走了,没啥可说的,也不知道在苦苦熬些什么,但就是在一点点把自己消耗掉,在每一个睡不着却苦苦挣扎的夜里,也
  • 因此,诺鲁孜会持续12天,第13天代表着混乱的日子,于是这天相约亲朋好友去户外一起野餐,亲近大自然就避免与数字13有关的厄运。例如,在某些年份,自然规律转变的时
  • 荣耀留给华为最后一份“礼物”
  • #微博星专访#【Anson Lo現身打卡感謝「神徒」應援 】「教主」Anson Lo(#盧瀚霆#)早前推出新歌《Mr. Stranger》攻勢不斷更加推跳舞版M
  • 年报发布会上,华为郭平、孟晚舟回应媒体热点问题
  • 牢房、枷锁是限制人的自由的,而气数和天命,则是无形的牢房和枷锁,这股气质会影响人的一生,所以《庄子》说:“无所逃于天地之间。” 仙人王方平发现有一个叫蔡经的人
  • (伟仔表情be like↓)”姑娘很心水星璨陈飞春,光博士施悦,但是有担心失败,来问我是否头黑料【洛洛都给了建议解答】上海吸zhi近期问起的yi森有:陈兵,宋建
  • 作为一个人,他对大家很好,但他也因伤缺席了很多比赛爱欲是人世很大的考验,它真实、坚强、如同金子,也经常成为一座牢狱。在它混乱的另一面,是我们澄净自性的现实。
  • 现在,小区物业一到各种果子成熟的时候都会在树干上贴上“已打药,不可食用”的标语,摘果子的人果然少了,有时候瞧着瞧着一颗也没有了,听说是被物业的人统一下树了。山茶