ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྟེ། ཞང་ཞུང་དང་བོན་པོའི་ཤེས་རིག་གི་ཆེད་མཁས་པ་རྒན་ཐོགས་མེད་ལགས་ཀྱིས༼ཞང་ཞུང་ཤེས་རིག་དང་བོད་ཀྱི་གསོ་བ་རིག་པ༽ཞེས་པའི་བརྗོད་གཞིའི་སྒང་ནས་རིག་གཞུང་འཆད་ཁྲིད་སྐྱོང་འཆར་གྱི་བརྡ་ཁྱབ། 成都中医药大学民族医药学院和成都中医药大学科技处联合举办,邀请西南民族大学象雄文明研究方面的著名专家同美教授讲座:“象雄文明与藏族医药学”将在2023年10月25日 (周三)上午10:00-12:00在成都中医药大学(温江校区)博物馆一楼示教厅举行。

࿑ སྐུ་ཚེ་གཅིག་གི་རིང་རྟེན་དགེ་བསྙེན་དུ་བཞུགས་པ་ལས་རབ་བྱུང་མ་མཛད་ཀྱང་བསླབ་ཁྲིམས་བསྲུང་བ་ལ་དགེ་སློང་ལས་ཀྱང་ལྷག་པ་མཛད་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས༼༡༠༠༤-༡༠༦༤༽ལགས་ཀྱི་དངོས་སློབ་བཀའ་གདམས་སྐུ་མཆེད་གསུམ་སྟེ་དགེ་བཤེས་པོ་ཏོ་བ་དང་། དགེ་བཤེས་སྤྱན་སྔ་བ། དགེ་བཤེས་ཕུ་ཆུང་བ་བཅས་གྲགས་པའི་ཡ་གྱལ་དགེ་བའི་བཤེས་གཉེན་པོ་ཏོ་བའམ་རིན་ཆེན་གསལ༼༡༠༢༧-༡༡༠༥༽ནི་བཀའ་གདམས་པའི་དགེ་བཤེས་སློབ་མ་ལ་ཆོས་འཆད་པ་ལ་མཁས་པའི་མཆོག་ཏུ་གྱུར་པ་ཞིག་ཡིན་པར་གྲགས། ཁོང་གི་སློབ་མ་དག་གིས་བླ་མ་པོ་ཏོ་བའི་གསུང་སྒྲོས་བསྒྲིགས་ཏེ་འགྲེལ་པ་སྦྱར་བ་ལ་བེའུ་བུམ་སྔོན་པོ་ཞེས་གྲགས་པའི་བཀའ་གདམས་པའི་མན་ངག་དེབ་ལེགས་འདི་ནི་ལོ་འགའི་སྔ་རོལ་ཏུ་དྲིན་ཆེ་བའི་སློབ་དཔོན་ལགས་ཀྱིས་འོས་སྦྱོར་བྱས་ཤིང་། དེབ་འདི་ལ་ཐེངས་གཅིག་མཇལ་ན་ལེགས་ཚུལ་ཐེངས་དུ་མ་ཞིག་ལ་གསུངས་མྱངས། འོན་ཀྱང་། ཡུན་རིང་ཞིག་ལ་དཔེ་ཆ་འདི་ལག་ཏུ་མ་སོན་པ་རྒྱུ་མཚན་དུ་བྱས་ན་དུས་ད་ལྟའི་དབར་དུ་མཇལ་སྐལ་མ་ལྡན་པ་ཡིན། དེ་རིང་དུས་ཚོད་གཅིག་བེད་སྤྱོད་གཏོང་ནས་བེའུ་བུམ་སྔོན་པོ་ལས་པོ་ཏོ་བའི་ཆིག་ལབ་རིང་མོ་བྱ་བར་ཞིབ་མཇལ་ཐེངས་གཅིག་བྱས་པ་ཡིན། ཁོ་བོ་དང་ཁོ་བོ་མཉམ་པའི་མི་རྣམས་ཀྱིས་མི་ཚེ་ཧྲིལ་པོ་སྟོན་པ་བདེ་བར་གཤེགས་པའི་བཀའ་དང་། རྗེས་འབྲངས་སློབ་མའི་བསྟན་བཅོས་གཞུང་བཀའ་པོད་ལྔ་ལ་གཙོར་བོར་བློ་ཁ་ཕྱོགས་ནས་སློབ་སྦྱོང་བགྱིད་པའི་ངང་ཚུལ་ཞིག་ནམ་ཞར་བསྟན་དང་། སྟོན་བཞིན་ཡོད་རེད། སྤྱིར་བཏང་གཞུང་བཀའ་པོད་ལྔ་ལ་སྦྱང་བ་བྱས་པ་གང་དེས་མ་ཆོག་པ་ཞིག་མི་འདུག་མོད། འོན་ཀྱང་། ཁོ་བོར་ཉིན་མཚན་ཀུན་ཏུ་རྩ་ཚིག་དང་། དྲི་བ་བློར་འཛིན་པ་དང་། འགྲེལ་པ་དང་། དེའི་མཐའ་བཤད་ལ་གོམས་འདྲིས་མཐར་སོན་པ་དང་། མཐུན་དང་མི་མཐུན་པ་རྩོད་པར་བྱས་པ་གང་དེས་སེམས་རྒྱུད་དམ་བསམ་བློ་ལེགས་བཅོས་བྱས་པ་ཤས་ཆུང་ཤོས་རེད། དྲང་མོར་ཡིན། དེ་ནི་ཁོ་བོའི་བསམ་བློའི་ཁོག་ཆུང་བ་དང་། དད་པ་དང་། དག་སྣང་ཕོངས་དྲགས་པས་ཀྱང་ལོས་ཡིན་སྙམ། མདོར་ན་རྡོག་རྡོག་བྱས་ན་གཞུང་བཀའ་པོད་ལས་སྐབས་ལ་ལར་ཁམས་དང་། མོས་པ། སེམས་དང་། བསམ་པ་འདུལ་སྤྱད་ལ་འདི་དང་འདི་ལྟ་བུའི་མན་ངག་ལས་དགའ་ཞིག་མི་འདུག་སྙམ། མ་མཐའང་ཁོ་བོ་དེ་ལས་མ་འདས་པས་ནམ་ཞར་དཔེ་ཀློག་གི་ཁ་ཕྱོགས་སློབ་གསོ་དང་། མན་ངག་འདི་ལྟ་བུའི་དཔེ་ཆའི་རིགས་ལ་ཕྱོགས་རྩིས་ཡོད། སྤྱིར་དེ་རིང་ཁར་སང་ཁོ་བོ་འཆི་བར་ཇེ་སྐྲག་དང་། ཇེ་འཇིགས་རེད། བསམ་བློ་ཡང་དང་བསྐྱར་དུ་གཏོང་སྐབས་ཅི་འདི་གང་འདི་མེད་པ་ཞིག་ཏུ་གཞི་ནས་ལོག་འགྲོ་བཞིན་འདུག དངོས་གནས་ཚེ་འདི་ནས༼ཤི་ཆོས༽ཤིག་མ་འགྲུབ་ཚེ་མྱི་ཚེ་ཉི་མ་སྟོང་ཟད་རང་བྱས་འདུག་སྙམ་པའི་ཚོར་སྣང་ཉིན་རེ་ནས་ཉིན་རེར་ཇེ་ཡོད་དང་། ཇེ་སྟུག་ཡིན་པའི་སྐབས་ལ་མན་ངག་འདི་དང་འདི་ལྟ་བུ་དག་གིས་ནང་སེམས་ལྷོད་ལ་འབབ་ཏུ་བཅུག་ཐུབ་པ་དངོས་གནས་མཁོ་སོད་པ་ཞིག་རེད་ཨང་། གཞན་སློབ་གསོ་སློབ་ཁྲིད་ལ་མངའ་བརྙེས་པ་ཞིག་བྱ་འདོད་ན་རྒྱལ་བའི་གདུང་ཚབ་དགེ་བཤེས་པོ་ཏོ་བ་མཆོག་གི་དཔེ་ཆོས་བེའུ་བུམ་སྔོན་པོ་དང་། དཔེ་ཆོས་རིན་ཆེན་སྤུངས། དེའི་འགྲེལ་བ་དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ་སོགས་ལ་ཞིབ་མཇལ་བྱས་ན་ཤིན་ཏུ་ལེགས་པར་སྙམ་མོ། ། [太阳] ཞེས་ནབས་ཀྱིས།

གསུམ་པ། ༼ རྙེད་དཀའི་དཔེ་ལ་བསམ་པ།༽
རླབས་ཆེན་པོས་རྣམ་པར་དཀྲུགས་པའི་རྒྱ་མཚོའི་སྟེང་གི་གཉའ་ཤིང་གི་བུ་ག་དང་། ཞབས་ཀྱི་རུས་སྦལ་གྱི་མགྲིན་པ་འཕྲད་པ་ལས་ཀྱང་མི་ལུས་ཐོབ་དཀའ་བར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཞི་བ་ལྷས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། ། བུ་གུར་རུས་སྦལ་མགྲིན་ཆུད་ལྟར། ། མི་ཉིད་ཤིན་ཏུ་རྙེད་དཀའ་གསུངས། ། ཞེས་པ་ལྟརོ། །
三、(思维难得之喻)
佛说:在波涛汹涌的海面上漂浮的木轭孔与海底盲龟颈相遇极为困难,而得到人身与此相比更是难上加难。寂天菩萨:“人生极难得,如海上盲龟,劲入轭本孔。”


发布     👍 0 举报 写留言 🖊   
✋热门推荐
  • 在技术与电影产业的相互促进中,爆米花电影所能够代表的就是观众主流的需求,代表了当下最流行最时尚的文化。21世纪,商业电影可以是在AI时代观众对自己的想象,以及对
  • ”在党的第三个历史决议通过之际,习近平总书记的话语无比豪迈——“今天,我们比历史上任何时期都更接近、更有信心和能力实现中华民族伟大复兴的目标。”大家纷纷表示,这
  • 如今,60件噩国时期的青铜器在此聚集,在蜿蜒回环中静静诉说这个神秘王国的历史,考古学者们也正是从这一件件青铜器上,逐步考证推断出从未被史书记载的噩国历史。”依靠
  • 王阳明困顿之时,仍不忘探索圣人之道,他能有日后的成就,也就不足为奇了。我想你能做的善行就是,如果不能做到有对社会很大的贡献,但起码可以从身边一些小事情,点滴做起
  • 中医养生“不妄作劳”“精神内守”“形恃神而立”的思想和原则与道教文化一脉相承。#北京太壹园中医[超话]##马尾神经损伤[超话]#古代一直有用熏香防疫治病的先例,
  • 之前一直不理解你为什么喜欢一遍又一遍的看已经看过的电影 你应该是带着浪漫的情节在里面的吧微弱的欢喜或者紧张或者激动等待剧情的发生品着细节 带着人性的闪光的那种片
  • #店长之声—打造店长培训第一品牌# 一个能长期生存下去的实体店,至少有着与众不同的经营理念……就拿服装店这一块来说说吧!首先你得有客户来店体验和服务的这种好的感
  •     2021年辛丑,干支印比同旺,运气大幅上扬,对你事业有帮助,贵人缘较旺,可抓住机会,使自己的工作有个好的开端,或者是个新的转折,财源丰沛。    这两年
  • 【"双城"发力 助推南昌航空产业做优做强做大 聚焦航空全产业链铸链、补链、强链】67年前,新中国第一架飞机在南昌诞生成功首飞,随之一代又一代
  • 有点鸡肋,不知道是三全的问题还是7-11的问题,还有服务也没跟上,产品线并没有发挥出三全的优势啊,如果只是挂个门头,那迟早要被便利蜂和悦来悦喜吊打的,三全现在的
  • 企业一直在提高工资,并增加其他激励措施,因为潜在劳动力的工作比例远低于疫情前的水平。面对面教育的回归、有效的疫苗接种率以及延长和提高失业救济金的结束,市场本应看
  • 本次论坛以“城市碳中和产业经济发展”为主题✨✨✨,邀请了知名专家和行业领袖,在数字经济发展、智慧城市建设、AI与数字城市、碳达峰与碳中和对未来城市发展的影
  • 感悟:“无所从来,亦无所去”如果对于世间万物都能如此的思维跟理解,并且随时保持不被这些短暂存在的事务所牵绊及影响,而产生一丝丝的困扰及烦恼的话,那你就达到佛的境
  • #燕理•每日分享# 11月11日每日分享-诗集推荐跨越自己汪国真我们可以欺瞒别人却无法欺瞒自己当我们走向枝繁叶茂的五月青春就不再是一个谜向上的路总是坎坷又崎岖要
  • 在世俗之中,大多数人也都是活在名利之中,名利在无形之中仿佛已经成了世俗之人毋庸置疑的信仰,总祈求这种世俗的信仰能满足所有生命的需求。而这个核心也必然含有超越世俗
  • 我在一个有关爱情的视频下看到这句话突然觉得 这句话就是真的那些小小的感动和爱意都是妈妈给我的 之前疫情在家里身体状态差到喝中药养身体 很长时间都恶心想吐 特别
  • 突然一下子明白了 为什么我会是会长们选定志工部接班人而不是我们老部长们理想的接班人 老部长们都是很随性的人 以前在我们部门一直都是大家开心最重要 导致部长换届面
  • 于是又到了得罪人招骂的说实话环节,很多来问医美建议的,我真的苦口婆心劝你们:先减肥 不瘦下来,你永远不知道自己的鼻头大、鼻子显矮是不是因为面部脂肪堆积,而
  • 真的是到年纪了家人们[思考][思考]我从今年开始我就觉得我用红色的口红真的好显老[跪了][跪了]17.18岁的时候觉得红色口红好成熟好显白买的口红全是红色[思考
  • 《自然-人类行为》的一项新研究提示,如果对方对你有意思,他/她的心跳应该也会时快时慢,并且这个快慢节奏都会和你一样。新发现——心情决定我是社恐还是社牛~上周真