ལྗང་བུའི་སྙན་དེབ་གཟུ་མིག་དགུ་པ། #མུ་འགོད#

ལྗང་བུ།  མདོ་སྨད་རྨ་ལྷོ་རུ་སྐུ་བལྟམས། མཚན་དངོས་ལ་རྡོ་རྗེ་ཚེ་རིང་ཞུ་ཞིང་། བསེ་རུ་སོགས་སྨྱུག་མིང་ཁ་ཤས་བེད་སྤྱོད་གཏོང་གནང་མྱོང་ཡོད་འདུག བོད་པའི་རྩོམ་རིག་སྡིངས་ཆ་རུ་སྣང་ཚུལ་རིགས་ཤིག་ཏུ་གྱུར་ཡོད་པའི་ཁོང་གིས་སྙན་ངག་གསར་རྩོམ་གྱི་ཞོར་དུ་སྒྲུང་རྩོམ་དང་ལྷུག་རྩོམ། ལོ་ཙཱ། རྩོམ་རིག་མཐའ་དཔྱོད་དང་གློག་བརྙན་འཁྲབ་གཞུང་སོགས་གསར་རྩོམ་གནང་གིན་ཡོད་ཅིང་། དེ་མིན་ད་དུང་འདྲ་པར་དང་རི་མོའི་གསར་རྩོམ། རིག་གནས་བརྗེ་ལེན་དང་རིག་ལས་ཇུས་འགོད། བྱེད་སྒོ་སྒྲིག་འཛུགས་བཅས་ཀྱི་ཕྱག་ལས་ཀྱང་གནང་གིན་ཡོད་འདུག 《ལྗང་བུའི་རྩོམ་བཏུས》ཀྱིས་མཚོན་ཕྱག་དེབ་དུ་མ་པར་བསྐྲུན་གྲུབ་ཡོད་ལ། དེ་ལས་གང་འཚམ་ཞིག་རྒྱལ་ནང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སྐད་ཡིག་བསླབ་གཞིའི་ཁྲོད་དུ་བདམས་འཁོད་ཡོད་ཁར་སློབ་ཕྲུག་ཚོས་བརྩི་མཐོང་ཞུ་བཞིན་ཡོད་པ་བཅས།  ཁོང་གི་རྩོམ་ཡིག་ཕོན་ཆེ་དབྱིན་ཇི་དང་ཧྥ་རན་སི། ཉི་ཧོང་། ཧྥིན་ལན། ཧིབྷེརི་སོགས་ཡིག་རིགས་བཅུ་ཕྲག་གི་ལམ་ནས་དུས་དེབ་སྟེང་སྤེལ་བ་དང་ཡང་ན་ཕྱག་དེབ་པར་བསྐྲུན་མཛད་ཡོད་པར། 《གཟི་མིག་དགུ་བ》ཞེས་པའི་རྩོམ་དེབ་དེའི་དབྱིན་འགྱུར་མ་ནི་ཨ་མེ་རི་ཀ་ཙམ་ན་ཡང་གཙུག་ལག་སློབ་ཆེན་ལྔ་ཡན་གྱིས་འབྲེལ་ཡོད་ཆེད་ལས་དམིགས་འཛུགས་ཀློག་དེབ་ཀྱི་ཨང་ཐོར་བཀོད་ཡོད་འདུག  དེ་སྔ“ལྗོངས་དང་ཞིང་ཆེན་ལྔའི་རྩོམ་རིག་བྱ་དགའ་ཨང་དང་པོ”(1985ལོར)དང“སྦྲང་ཆར་རྩོམ་རིག་བྱ་དགའ”(1991ལོར)“བོད་ཇོ་མོ་གླིང་མ་རྩོམ་རིག་བྱ་དགའ”(2002ལོར)“མི་རིགས་རྩོམ་རིགས་བྱ་དགའ”(2016ལོར)སོགས་བྱ་དགའ་ཉི་ཤུ་ལྷག་ཙམ་ཐོབ་མྱོང་ཡོད་ཁར། རྒྱལ་སྤྱིའི་རྩོམ་རིག་བྱེད་སྒོ་དང་སྙན་ངག་དུས་སྟོན་སོགས་ལ་ཕེབས་ཞུགས་གནང་པ་མ་ཟད།  གློག་བརྙན་དང་རིག་གཞུང་ཞིབ་འཇུག་གི་ཐད་ལའང་ཕྱག་མ་དལ་བ་རེ་གནང་ཡོད་དེ། ཁོང་གིས་ཨོག་སི་ཧྥོར་རྡི་སློབ་ཆེན་དང་། ཀོ་ལུམ་སྦི་ཡཱ་སློབ་ཆེན། ཉིག་ཡོག་སློབ་ཆེན། ཐཱོ་ཀྱོ་ཕྱི་སྐད་སློབ་གླིང་སོགས་འཛམ་གླིང་གི་སྐད་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་དང་ཉམས་ཞིབ་ཁང་ཉི་ཤུ་ལྷག་གི་ནང་རྩོམ་རིག་ལེགས་སྦྱར་གསུང་བཤད་དང་འཆད་ཁྲིད་བྱེད་སྒོ་སྤེལ་གནང་ཡོད་འདུག ཁོང་སྐུ་སྒེར་གྱི་མཚན་ཐོག་ནས་སམ་ཡང་ན་སྐྱེ་བོ་གཞན་དང་མཉམ་འབྲེལ་སྒོས་བཟོ་སྐྲུན་མཛད་པའི་གློག་བརྙན་དག་ཉིག་ཡོག་དེང་རབས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་གི(MoMa)གློག་བརྙན་འགྲེམས་སྟོན་སོགས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཉི་ཤུ་ལྷག་ལ་ཞུགས་ཐུབ་པ་ནས་ཐེངས་དུ་མར་གསེར་གྱི་གཟེངས་རྟགས་ཐོབ་པའི་ཟིན་ཐོ་བཀོད་ཡོད།  ཁོང་གིས་ད་དུང་ཕ་སྐད་ནང་བྱིས་པའི་ཀློག་དེབ་སྒྲིག་རྩོམ་དང་སྣོད་བཅུད་སྲུང་འཛིན། ནད་ཡམས་སྔོན་འགོག འཁོས་ཞན་སློབ་མ་དང་སྟོངས་སུ་ཉེ་བའི་སྐད་ཡིག་སྲུང་སྐྱོབ་བཅས་ལ་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་ཐུགས་དང་བླངས་ཀྱི་ཕྱག་ལས་ཕུན་སུམ་ཚོགས་པ་གནང་མུས་སུ་ཡོད་དོ།།

ཀུན་མཁྱེན་ཏཱ་ར་ནཱ་ཐས་ཕྱག་བཏབས་པའི་རྟག་བརྟན་དམ་ཆོས་གླིང་བྱུང་བའི་དུས་ཚོད།
<<རང་རྣམ་མ་བཅོས་ལྷུག་པའི་རྟོགས་བརྗོད།>>སྨད་ཆ་ལས།“སྡེ་སྲིད་ནས་ངེད་ལ་འདི་སྐབས་ལྷོ་ནས་འཕྱོང་ལུང་འབྲོག་པ་དང་། གཙང་བསམ་འགྲུབ་བདེ་ཆེན་མ་ལག་སྐོར་བཅས་ཆོས་བཞིས་སུ་སྦྱོར་འཇགས་གནང་། རྟག་བརྟན་གྱི་ཆོས་སྡེ་འདི་འཛུགས་པའི་བཀའ་གྲོས་ངེས་ཅན་ཐམས་ཅད་ཀྱང་དེ་སྐབས་བྱུང་བ་ལགས།  ཞེས་གསུངས་པ་ལྟར། ཕྱི་ལོ། ༡༦༡༤ ལོ་སྟེ་རྗེ་བཙུན་དགུང་ལོ་བཞི་བཅུ་པའི་སྟེང་གཙང་བ་སྡེ་སྲིད་དང་དགོན་གཞི་གསར་དུ་ཕེབས་རྒྱུའི་བཀའ་གྲོས་བྱུང་བ་ནས། རབ་བྱུང་བཅུ་པའི་ཤིང་མོ་ཡོས། ཕྱི་ལོ། ༡༦༡༥ ལོར་ཇོ་ནང་རྗེ་བཙུན་ཉིད་དགུང་ལོ་ཞེ་གཅིག་པའི་སྟེང་གཙང་སྟོད་ཇོ་མོ་ནགས་རྒྱལ་གྱི་ཉེ་མདོར་༼རྟག་བརྟན་དམ་པའི་ཆོས་ཀྱི་གླིང་ངེས་དོན་དགའ་བའི་ཚལ༽་སྟེ་མཚན་ཡོངས་གྲགས་སུ་༼རྟག་བརྟན་དམ་ཆོས་གླིང་༽གསར་དུ་ཕྱག་འདེབས་མཛད་ཅིང་། དབུས་ཀྱི་གཙུག་ལག་ཁང་ཆེན་མོ་གཙོ་བོར་གྱུར་བའི། མཆོད་ཁང་རྩེ་དང་། དགའ་ལྡན་བྱམས་པ་ལྷ་ཁང་། བདེ་འབྱུང་ཤམ་བྷ་ལའི་ལྷ་ཁང་སོགས་ལྷ་ཁང་ཉི་ཤུ་ལྷག་གི་རྟེན་དང་བརྟེན་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་བཞེངས་བསྐྲུན་མཛད། རབ་བྱུང་བཅུ་པའི་ས་ལུག ཕྱི་ལོ། ༡༦༡༩ ལོར་བཞེངས་བསྐྲུན་གྲུབ་ཏེ་དགའ་སྟོན་རྒྱ་ཆེར་བྱས་ཤིང་། བོད་གངས་ཅན་གྱི་གྲུབ་མཐའ་ལྔའི་ནང་ཚན་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་བཤད་པ་དང་སྒྲུབ་པའི་བསྟན་པ་རྒྱ་ཆེར་དར་མྱོང་སའི་དགོན་གནས་ཞིག་ཡིན། གསར་འདེབས་མཛད་ནས་ད་ལྟའི་བར་ལོ། ༤༠༠ ལྷག་སོང་བས་བོད་གངས་ཅན་གྱི་རྟེན་དང་བརྟེན་པའི་བཞེངས་བསྐྲུན་གྱི་ཐད་ནས་ཚབ་མཚོན་རང་བཞིན་གྱི་རྟེན་གཞི་བླ་མེད་ཞིག་ཏུ་གྱུར་ཡོད་དོ། །

ཉི་ཤུའི་སྣང་བ་ནམ་མཁའི་ཁམས་སུ་བྲིས། །
ལང་ཚོའི་གཟུགས་བརྙན་སྲ་ཞིང་བརྟན་སྣང་ཤར། །
དེ་ལྟར་རྟག་པར་འཛིན་པའི་རྟག་འཛིན་ཏེ། །
རྩ་བར་དེད་ན་བདེན་འཛིན་ཉིད་ལ་ཐུགས། །

ཆོས་རྣམས་རྟེན་འབྲེལ་སྒྱུ་ལྟར་སྣང་ཙམ་དང་། །
དེ་ཡང་དེད་ན་བློ་ལ་སྣང་ཙམ་མོད། །
དེ་ལས་ལྡོག་སྟེ་ངོས་ནས་ཡོད་འཛིན་པ། །
རྩ་བར་དེད་ན་བདེན་འཛིན་ཉིད་ལ་ཐུག །

ལེགས་དང་ཉེས་པའི་རྣམ་བཞག་འཇོག་པ་དང་། །
རྣམ་བཞག་དེར་རྟེན་དགའ་སྐྱོ་འཕེལ་བ་སོགས། །
བཞག་བྱ་འཇོག་བྱེད་དེ་ཀུན་ཡོད་འཛིན་པ། །
རྩ་བར་དེད་ན་བདེན་འཛིན་ཉིད་ལ་ཐུག །

མདོར་ན་འཁོར་འདས་ཆོས་ཀུན་སྣང་ཙམ་ལས། །
དོན་ལ་རྡུལ་ཙམ་མེད་པ་འདོད་བཞིན་དུ། །
ང་དང་ངའི་ཞེས་ཤུགས་ཀྱིས་འབོད་པ་འདི། །
བསམ་ཞིང་བསམ་ན་ཆོས་པ་མིན་པའི་རྟགས། །

ཞེས་ཀྱང་བློ་ངག་གིས།


发布     👍 0 举报 写留言 🖊   
✋热门推荐
  • 歌手景书 采访提及 IU⬇️Q.想要产生好的影响力的景书,拥有这种正确想法的景书的榜样会是谁呢?我想模仿IU前辈接近大众的样子,前辈与大众、粉丝的关系、沟通的方
  • )原来美女也有社交恐惧症:“我是那种有点怕生的性格,然后逛街啊购物啊什么的,也很少会主动开口邀请别人的。)原来美女也有社交恐惧症:“我是那种有点怕生的性格,然后
  • ​​87年的梅西,34岁的迪马利亚,确实不能要求他们再怎么发挥,不得不承认,他们确实老了,人,终究抵不过岁月。​​87年的梅西,34岁的迪马利亚,确实不能要求他
  • 【商品】 美阳阳 超轻粘土24色橡皮泥套装【在售价】 12.7【券后价】 7.7---------------【累计销量240万,86万好评,4.9超高评分】拉
  • 6点15分,住在阳光花园小区里的失信被执行人家的大门被敲开,一名穿着睡衣的男子面对法院干警的询问,并无任何异议,在听完执行人员宣读的法律文书后,跟着法警一起上了
  • #投资#【11月25日盘前题材挖掘】投资机会: 1、首届中阿峰会下月召开,人民币跨境结算需求有望进一步增长; 2、欧盟超430亿欧元投向芯片领域,半导体设备
  • 大饼昨日微博空头目标还是来了吧[偷笑],早上睡的刚醒,币价最低触及20156-线支撑反弹,趋势完全按剧本写的发展,估计导演部也不敢这么写吧[允悲],昨晚还有拿着
  • 最好是QQ,wx都是家长,最近收的谷镇cn是夙谋平时可以叫阿夙虽然我平时空间是什么都发的类型松浓度可能不是很高,但毕竟最近的主坑是这个,私下也会一起讨论一些)虽
  • 」又表示感受到觀眾會不捨得,是睇一集少一集,「最近校長(黃嘉雯)出場是照顧男觀眾,會覺得車總有得上唔上,女觀眾則是戥美儀心痛,不過所有都只是思想出軌!她笑言若開
  • 版型上我们区分为「圆领」和「半高领」之前我就有看了好几家的德绒打底衣样品,然后因为都不太满意所以一直没有上,最终敲定这家也确实是看过产品的品质再说话,是真的好,
  • 5)我的期望与目标设定。3)我要将哪些产品或者哪些市场交给他们去做。
  • 尤其晚霜今年做了升级添加了胜肽,A醇+多肽黄金CP,两大抗老巨头的搭配永远让人惊喜,不光是是充盈,还有紧致提拉感,针对松弛下垂等皮肤结构性老化的改善更加明显!让
  • 心急果然吃不了热豆腐,不过每个月郁院长都会亲自帮我调整牙齿排列位置,矫正速度其实也不慢,预计还有三个月就可以摘了,小雀跃~#青岛牙齿矫正##青岛整牙##青岛牙套
  • 嗯……一周目的时候阿米西亚有两句特别弱智的台词,让我印象很深,现在看了下法语版,原来是翻译的锅。@周柏豪Pakho 演技唱功和男人味都爆表,潘导师@潘瑋柏 的R
  • 照顾孩子的活,就彻底落在了这个北京女知青的头上。赵大哥的婆姨比这个女知青大6岁,是个热情善良而且手脚非常勤快的,生怕怠慢了两个城里女娃,家里收拾得干净,什么臭虫
  • 黑色深灰色都非常百搭耐看,搭配裙子短裤长卫衣配鞋子都很好看的[鼓掌] 不影响二次xiao售的前提下支持7天无理由退换,非质量问题自理U#每日一善[超话]##阳光
  • 还有黑兔唇釉,clio睫毛膏,痘痘贴,unny双眼皮贴和水杨酸棉片: 1.6终于让我搞到了suqqu/lunasol/rmk/addiction/amplitu
  • 12星座吵架时最讨厌听到哪句话?1 · 白羊座 · 03.21 - 04.19我也没有办法2 · 金牛座 · 04.20 - 05.20你全对3 · 双子座 ·
  • 最近好像每一天都像是过了很久很久,其实一看日历我来上海也才一百天,正式入职不过是7.16的事情,也说不上有什么大的收获,只是更加坚定了自己想要的生活,一直有在改
  • 不知道还会爱你多久,但是当下的这一分这一秒,摸着我因为给你写信而剧烈跳动的心脏,我知道我正在热烈地爱着你。“亲爱的陈嘉玲,你是从几时开始忘记了,忘记了这辈子其实