ཨོ་རྒྱན་བྱེ་བ་ཕྲག་བརྒྱར་གསོལ་བ་འདེབས།།
祈祷莲师百千尊,
བར་ཆད་བྱེ་བ་ཕྲག་བརྒྱ་མྱུར་ཏུ་ཞི།།
许褚障碍百千万,
བསམ་པ་བྱེ་བ་ཕྲག་བརྒྱ་ལྷུན་གྱིས་འགྲུབ།།
臆想百千万事如,
འགྲོ་དོན་བྱེ་བ་ཕྲག་བརྒྱ་འབྱུང་བར་ཤོག།
度化百千万事众
ༀ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
嗡啊吽 班杂格热班玛色得吽。

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
嗡阿吽班杂古汝贝玛斯地吽

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
嗡阿吽班杂古汝贝玛斯地吽

༄༅།།ༀ་མ་ཎི་པདྨེ་ཧཱུཾ་གྱི་ཀླད་ཀོར་མ་ཡིག་ཏུ་བཀླག་དགོས་པའི་སྒྲུབ་བྱེད།

སྣར་ཐང་བའི་སྔགས་བཀླག་ཐབས་ལས། ༀ་དང་ཧཱུཾ་ནི་མ་དང་ང་།། ཚིག་གྲོགས་དག་ལ་ལྟོས་པ་མིན།། ཅེས་གསུངས་པ་སྟེ། ༀ་དང་ཧཱུཾ་གཉིས་ཀྱི་ཀླད་ཀོར་ཚིག་གྲོགས་དག་ལ་མ་ལྟོས་པར། རྣམ་པ་ཀུན་ཏུ་ༀ་གྱི་ཀླད་ཀོར་མ་དང་། ཧཱུཾ་གྱི་ཀླད་ཀོར་ང་རུ་མཐའ་གཅིག་ཏུ་བཀླག་དགོས་པར་གསུངས་ཡོད་པར་མ་ཟད། ད་དུང་ཁོང་གིས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་སོ་ཞེས་ཁུངས་སུ་དྲངས་ཡོད་ལ།

སྔགས་བཀླག་ཐབས་ཀུན་བཏུས་སོགས་ལས་ཀྱང་ༀ་དང་ཧཱུཾ་གྱི་ཀླད་ཀོར་རིམ་བཞིན་མ་དང་ང་རུ་བཀླག་དགོས་པར་བཤད་པ་དང་།

རྒྱུད་སྡེའི་ཆོ་ག་རྣམས་སུ་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ།

ཧཱུཾ་ལས་འཁོར་ལོ་ཧཱུཾ་གིས་མཚན་པ་ཞེས་མང་དུ་འབྱུང་ངོ་།།

འོ་ན། ༀ་མ་ཎི་པདྨེ་ཧཱུཾ་ཞེས་པའི་ཧཱུཾ་གི་ཀླད་ཀོར་ང་ཡིག་ཏུ་བཀླག་དགོས་སམ་ཞེ་ན།

མ་ངེས་ཏེ། སྣར་ཐང་བའི་སྔགས་བཀླག་ཐབས་སོགས་ལས་དེ་ལྟར་གསུངས་ནའང་།

སྔོན་ནས་ད་ལྟའི་བར་དུ་ཕལ་མོ་ཆེས་ༀ་མ་ཎི་པདྨེ་ཧཱུཾ་ལ་ཧཱུམ་ཞེས་ང་རོ་མ་ཡིག་ཏུ་བཀླག་པའི་བག་ཆགས་མཐུག་ཕྱིར། དེ་ལ་ཅུང་ཟད་བརྗོད་པར་བྱ་སྟེ། རྒྱུད་རྡོ་རྗེ་ཕྲེང་བ་ལས། ཧ་ལ་དབྱངས་ཡིག་དྲུག་པ་ཨཱུ་ཡིས་ཕྱེས་པ་སྟེ་བརྒྱན་པས་ཧཱུའོ།། དེ་ལ་སླར་ཡང་ལྔ་བ་མ་ཡིག་རྗེས་སུ་ང་རོར་བྱས་པས་ཧཱུཾ་སྟེ། ཞེས་དང་། དེའི་མཐའ་མ་ནི་ཧའོ།། དེ་ལ་ཆ་ཤས་ཏེ་དབྱངས་དྲུག་གིས་ཏེ། དྲུག་པ་ཨཱུ་རིང་བོས་མཚན་པ་ཉིད་ཀྱིས་ཧཱུའོ།། དེའི་སྟེང་དུ་མ་ཡིག་རྗེས་སུ་ང་རོ་ཐིག་ལེར་བྱས་ནས་བརྒྱན་པས་ཧཱུཾ་ངོ་།། འདི་ནི་སྙིང་གར་སྔགས་ཀྱི་ཐིག་ལེ་ཧཱུཾ་སྒོམ་པའི་ལུགས་སོ།། ཞེས་དང་།

རྗེ་ཙོང་ཁ་པའི་གསང་འདུས་བཤད་རྒྱུད་བཞིས་ཞུས་བཤད་པ་སྲོག་རྩོལ་གསལ་བ་ལས། ཧཱུཾ་ཡིག་གི་ཧ་དང་ཨཱུ་དང་མ྄་གསུམ་རིམ་པ་བཞིན་གསང་བར་གནས་པའི་ཐུར་སེལ་དང་མགྲིན་པར་གནས་པའི་གྱེན་རྒྱུ་དང་། སྨིན་མཚམས་ཀྱི་འཁོར་ལོ་ཁྱབ་པའི་སྲོག་འཛིན་གསུམ་ལ་བྱས་ནས་ཡིག་གསུམ་གཅིག་ཏུ་འདུས་པ་ཐུགས་ཀའི་ཧཱུཾ་དུ་གྱུར་བའི་དོན་རླུང་དེ་གསུམ་སྙིང་གའི་རྩ་འཁོར་དབུས་སུ་འདྲེས་པ།

ཞེས་ཧཱུཾ་ཡིག་གི་ང་རོ་མ་ཡིག་ཏུ་བཀླག་པས་ཧཱུཾ་ཞེས་མ་ཡིག་ཏུ་བཀླག་པར་བཤད་པ་དང་།

རིམ་ལྔ་གསལ་སྒྲོན་ལས་ཀྱང་།

ངེས་དོན་ཧཱུཾ་ཡིག་ཐུ་ཚུལ་ནི།།ཧ་ནི་ཐུར་སེལ་མིང་ཅན་རླུང་།། བཤང་སྒོ་གསང་བའི་དབུས་ན་གནས།། ཡི་གེ་ཨཱུ་ནི་སྟེང་འགྲོའི་རླུང་།།མགྲིན་པའི་པདྨའི་དབུས་ན་གནས།། ཡི་གེ་མ་ནི་སྲོག་རླུང་ཡིན།། དཔྲལ་བར་རླུང་གི་འཁོར་ལོ་ལ།།དེ་དག་གཅིག་གྱུར་སྙིང་ག་ལ།།ཐུགས་ཀྱི་ས་བོན་དུ་ནི་བརྗོད།། ཞེས་ཧའི་དོན་ཐུར་སེལ་དང་། སྙིང་ག་ནས་སྨིན་མཚམས་ཀྱི་རླུང་གི་འཁོར་ལོ་ལ་ཁྱབ་པའི་སྲོག་རླུང་མའི་དོན་དང་། ཨཱུ་ཡིག་གི་དོན་སྟེང་འགྲོའམ་གྱེན་རྒྱུའི་རླུང་གསུམ། ཧཱུཾ་ཡིག་སྙིང་གར་འགོད་པ་བཞིན་དུ།

ཆོས་ཀྱི་འཁོར་ལོའི་རྩ་མདུད་དབུས་ཀྱི་དྡྷཱ་ཏཱའི་ནང་དུ་སྡུད་པར་གསུངས་པའི་སྐབས་སུ་འང་། ཧཱུཾ་གྱི་ང་རོ་མ་ཡིག་ཏུ་ཀློག་པ་སོགས་མང་དུ་བྱུང་ཡང་ཡི་གེར་འཇིགས་ནས་མི་འགོད་ལ།

གཞན་དུ་སྒྲ་པ་ཎི་བ་ལས་ཀྱང་ཧཱུཾ་གྱི་ཀླད་ཀོར་ནི་མཐའ་གཅིག་ཏུ་མ་རུ་བཀླག་པར་བཤད་པ་དང་། ཡང་ལྷའི་ས་བོན་གྱི་སྐབས་སུ་རཾ་ཡཾ་ལཾ་བཾ་ཁཾ་སོགས་ཀྱང་མ་ཡིག་ལྟར་བཀླག་དགོས་ཞེས་གསུངས་པ་མང་དུ་མཐོང་ངོ་།། དེ་བས་གསེར་ཏོག་གི་སྔགས་བཀླག་ཐབས་མཆན་འགྲེལ་ལས། གལ་ཏེ་ཧཱུཾ་གི་ཀླད་ཀོར་མར་བཀླག་ན་ཧཱུམ་ཞེས་མཆུ་བཙུམ་པའི་བྱེད་རྩོལ་གྱིས་ལྡང་བ་ཚད་ལྡན་ཡང་མི་འོང་བའི་ཕྱིར་རོ།། ཞེས་ཟེར་རྐྱང་ཡིན་མིན་བརྟག་པར་བྱ་བའི་གནས་སོ།།

ཁ་གྱའི་ཁྱུང་སྔོན་འཕྲིན་སྟེགས་ལས་དྲངས།

ཨ་མ་རྗེ་བཙུན་སྒྲོལ་མ་ལ།།
གསོལ་བ་འདེབས་སོ་བྱིན་གྱིས་རློབས།།
ཕྱི་ནང་གསང་བའི་བར་ཆད་ཞི།།
མཆོག་ཐུན་འདོད་པའི་དངོས་གྲུབ་སྩོལ།།
ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔
ཨ་མ་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས།


发布     👍 0 举报 写留言 🖊   
✋热门推荐
  • 【游戏资讯】暴雪在最近的开发者直播中谈到,他们注意到铁拳这名角色强度是有些超模,所以《守望先锋》的常驻拳击手即将在《守望先锋2》切换角色,铁拳将从伤害英雄转变为
  • 《中国美学研究》(第十八辑)主要分为“中国古典美学”“美学理论”“艺术美学”“西方美学”等几个部分,所讨论的学术话题包括但不限于:老子与康德的美学观,百年中国美
  • ”#叮咚买菜回应上海用户购物后感染新冠##重文理资讯# 我校学生喜获第十三届重庆市青少年科技创新市长奖。小奶狗找领养啦~领养要求:1、需长期定居长沙,被领养
  • 我们知道电子产品对孩子的视力,专注力,睡眠和心理都是有影响的;家长刷手机会上瘾,更别说一个孩子了。一,孩子缺乏关爱,比如家长每天在看电子产品,跟孩子交流过少,研
  • 肖战我喜欢你❤️小飞侠永远支持肖战 肖战,愿世界温柔待你,愿岁月静好如初,愿你身后总有力量,愿你身前常有太阳,愿你向前繁华似锦肖战我喜欢你小飞侠永远支持肖战你
  • 都说不要把工作的情绪带回家,舍友也是好脾气能每天听我叨叨这么些琐碎事,那些在工作中看似很关键很细微的事等回到家吐槽完又觉得或许也是无关紧要的小事,所以每天跳半小
  • 강아지와 고양이..솔직히..난 당연히 강아지가 더 좋아한다.우리 카레 덕분에..정말 안전감이 많이 느꼈어...그녀는 전갈자리의 아이다..그래서
  • 后面,我安慰妈妈道“放心,我们很快就会有新的钥匙,各种各样的钥匙,而且姑姑们在武汉,姐姐在武汉,我后面也会回武汉,只要有家的地方,有家人的地方,那里就是家乡!这
  • 春天的绿色套餐(我是麻辣烫的食草动物 ),感觉风都是那种清清的轻轻的(我觉得心旷神怡无法形容),总之吹完就快乐起来~源氏大辣片是我的好朋友,只是这次的包装我以为
  • #上海租房[超话]##上海租房[超话]#个人转租。主卧很大,有两张床两个桌子两个衣柜和一个大阳台,夏天很凉快,可以一个女生或者两个女生一起住。
  • 辖区4万人的调解压力,没有把她“逼”走;对家人和女儿的亏欠,没有把她“劝”走;无数升迁加薪的机会,没有把她“诱”走!从一个有体面工作和社会地位的正常人,到被人“
  • 三:主板故障主板故障引起的笔记本不充电是笔记本维修中遇到最多的,因为是做芯片级维修,一般的电源和电池引起的不充电在板级维修员手中就会解决,不会到我们手上的。主板
  • ”老汉畏缩着不敢回答,那女子早看出明珠有来头,忙回道:“顺治十年我们家逃到这里,种了十五亩地,原来是前明福王的地,这个痞子前年仗他哥哥的势保了千总,硬说这地要缴
  • ”那些带着真诚和热爱的人、心中小火花不灭的人,是最能打动我的,又想到了因冬奥会认识的柚子,他也是追逐星星点点的追梦者,借用周雨彤说的“感恩这些人”让我看到这世间
  • 好像一直都是在劝别人不要太容貌焦虑了 每个人都有每个人的可爱的地方毕业找不到方向迷茫很正常 做好当下的事情不要太难过了 世界上男人多的是可是放到自己身上就不洒脱
  • ps还点了土豆泥有3⃣️种味道,都很8⃣️错滴~#心动探店挑战##探店新势力# 【天暖了我们一起去放风筝吧】宽阔的场地,徐徐的微风,紧握着手中的线,仰望着风筝撒
  • ✎﹏ 真正想要的东西也许早就失去了葡萄藤上开不出百合花找不到答案的时候就找自己我来这个世界不是为了繁衍后代而是来看花怎么开水怎么流太阳怎么升起夕阳怎么落下我活在
  • #大连[超话]##大连##大连月老# #武汉[超话]##武汉身边事##武汉生活# 1283号女嘉宾推荐年份:1996身高:163学历:专科星座:天秤座职业:教师
  • 华中师范大学与美国科罗拉多州立大学联合办学硕士项目,旅游资源与环境(MTM)专业(30个计划)自然旅游与生态保护(MPPM)专业(60个计划)全国最优中外合作硕
  • 6,不休息可以加班,月薪8000元。刚好那时候我就满50岁了,如果退休政策没啥大变化,两年后就可以正式领退休金了。