࿑ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་།།
བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན།།
རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས།།
གནས་ལུགས་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས།།[合十][合十][合十]

࿑གལ་ཏེ་ཁྱོད་ཀྱིས་བླ་མ་ཞིག་དྲན་ནས་མིག་ཆུ་ཞིག་ཤོར་ན།
མིག་ཆུ་དེ་ནི་དགེ་བ་ཐམས་ཅད་ཀྱི་ནང་ནས་ཆེས་ཆེ་བའི་དགེ་བ་དེའོ།།

———འཕགས་པ་ཀླུ་སྒྲུབ་ཀྱིས།[合十]

࿑ སྤྱིར་བཏང་ཉིན་ཁ་ཤས་ཀྱི་སྔ་རོལ་ཏུ་རོགས་པ་གཉིས་དང་མཉམ་དུ་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ནས་ལོ་འཁོར་ཉི་ཤུ་ལོན་པར་རྗེས་དྲན་ཞུ་སྤྱད་ལ་ཁོང་གི་རྣམ་ཐར་རྒྱས་པ་ཚར་གཅིག་ལྟ་ཀློག་བགྱིད་རྩིས་མ་གྲོས་བསམ་པ་གཅིག་མཐུན་བྱུང་ཡོད། གཙོ་བོ་འདས་མཆོད་མ་འཚོགས་པའི་ཡར་སྔོན་ལ་རྣམ་ཐར་ཡོངས་སུ་མཇལ་ཨི་ཐུབ་བསམ། འོན་ཀྱང་། འདོད་པ་ཇི་ལྟ་བ་བཞིན་དུ་དོན་ལ་ཁེལ་མ་སོང་། དེ་ལྟ་ནའང་། ཁོང་གི་རྣམ་ཐར་རྒྱས་པའི་སྟོད་ཆ་ཡོངས་དང་སྨད་ཆའི་ཕྱེད་ཀ་རྐང་ནས་མཇལ་ཐུབ་སོང་བ་ཁོ་བོ་སྒེར་ལ་མཚོན་ན་ངེས་དོན་བསྟན་པའི་གསལ་བྱེད་ཁོང་ལ་རྗེས་དྲན་བྱེད་སྟངས་ཡག་ཤོས་ཤིག་ལ་བརྩིས་ཡོད། མ་གཞི་བླ་མ་ཞིག་ལ་དད་པ་ཐེར་ཟུག་རང་བཞིན་ཅན་ཞིག་ཆགས་དགོས་ན་དེ་ཉིད་ཀྱི་རྣམ་ཐར་དང་། རང་རྣམ་ལ་ལྟ་ཀློག་བྱེད་རྒྱུ་གལ་འགངས་ཆེ་ཤོས་སུ་ཆགས་འདུག་པ་ལས་གཞན་གྱི་ཁ་སྒོ་ནས་ཡོང་བའི་ཞེན་ཁོག་དང་། ཞལ་ཤོབ་ལ་ཡིད་རྟོན་བྱེད་འོས་ཀྱི་ཆ་གང་ཡང་མི་འདུག་སྙམ། མདོར་ན། ཉམ་ང་ཞིང་། ཉག་ཕྲ་བའི་དུས་སྐབས་སུ་ཆོས་རིག་གི་དབུ་འཕང་དགུང་དུ་བསྟད་མྱངས་པའི་དམ་པ་ཁོང་གི་ཐུགས་སྟོབས་དང་། གཟིགས་རྒྱང་། མཛད་རྗེས་སོགས་ལ་ཁོ་བོས་མིག་ལྟོས་བྱེད་ནས་བླ་མའི་བྱིན་རླབས་སེམས་ལ་འཇུག་པར་གསོལ་བ་འདེབས་བཞིན་ཡོད།


发布     👍 0 举报 写留言 🖊   
✋热门推荐
  • 热心路人伸腿协助特警抓人 休假特警撞见偷车贼作案
  • 王力宏为李靓蕾苦练身材,奈何老婆却只爱手机!
  • 特朗普“后院”遭FBI突袭 艰难回涨的美股“闻讯”下跌
  • 张木易张千巽禁言 发布涉未成年人低俗信息
  • 一只苍蝇76万?!奔驰尾灯里有只苍蝇,车主起诉双倍赔钱!
  • 韩东君微博向马天宇道歉,马天宇:看到我的大白眼没!
  • 陈坤长发登封面表现力获赞 狂野姿态引领潮流
  • 2017年度全国十大考古新发现揭晓 !这张“藏宝图”请收藏
  • 丹麦爆破失误 数百名围观市民亲眼目睹
  • 逃犯听演唱会落网 网友:歌声感人引嫌犯落网
  • 足协罚单:阿兰肘击刘奕鸣禁赛8场 处罚条例能否更加细化?
  • 俄渔民出海遇海狗 不是为了要吃的?
  • 俄军已处战备状态!金银重整旗鼓,迎接终极大考!
  • 太康夫妻疑利用3岁女儿诈捐并致其死亡……
  • Facebook数据滥用悬赏计划 如何能拿到赏金?
  • 美军伞兵训练,似曾相识?
  • 张翰上错车造粉丝围堵,场面尴尬
  • 中国游客不听警察劝阻在意大利景区吃冰淇淋,或被公诉
  • 牌牌琦丨团队无人能扛大旗!牌牌琦被封,小伊伊被爆骗钱,牌家何去何从!
  • 为什么中国人特别爱喝热水?