༄༅།།རྨི་ལམ་དང་མེ་ཏོག།

ཚངས་སྤྱོད་ཀྱིས།།

རྨི་ལམ་དུ་མེ་ཏོག་འཁྲུངས།
ངོ་བོ་མཛེས་ཤིང་ཡིད་དུ་འོང་།
སྨིན་ལེགས་མའི་གཟུགས་དང་།
དྲི་ཞིམ་མངལ་བའི་མེ་ཏོག།
ངག་འཇམ་པའི་གསང་ཚིག་དག།
ཁ་རོག་གེར་ཁུ་སིམ་མེར་ངང་།
མུན་ནག་འཐིམས་པའི་བར་མཁྱམས་ནས།
མེ་ཏོག་ལ་འཁྲུལ་ནས་དྲི་ཞིམ་བསྒོམ།
འོན་ཀྱང་། ཁུ་སིམ་ངང་གནས་པའི་ལོ་ལོའི།
མེ་ཏོག་ལ་ཐ་སྙད་བརྗོད་གྲགས་པའི།
ཁོས་སུན་སྣང་གི་ཞིང་ཁམས་ལ་སྨོན་པ་ཤོར།
དྲི་ངན་གྱི་སླད་པའི་བྲག་ཁུང་སྐྱ་བོ་དང་།
ཞན་སྨྱུག་ལས་འཁྲུངས་པའི་ཟླ་བ་ཕྱེད་ཙམ་ནི།
རྟ་ཕོའི་འཚེར་སྐད་སྒྲོགས་ཀྱང་།
རྣམ་ཤེས་གཡེང་བའི་རླུང་བུ་བཞིན།
སྤྲིན་དཀར་ལ་འཐིམས།
མུན་པའི་བར་གསེང་ནས།
ཁྱོས་ཞེས་པ། མེ་ཏོག་གསར་སྐྱེས་ཞིག་དུ་བསྒོམ།
ཟླ་བ་གོར་གོར་ཞིག་དུ་འདོད། །

             ལོ་ཆང་ཁམ་པ།
                                   
དྲན་པ་མག་མོག་ཞིག་ནས།།
རྨི་ལམ་ཅུང་ཙམ་རྨིས་སོང་།།
ཐག་རིང་ཨ་ཇོ་སེམས་ནས།།
མཇལ་འཛོམས་སྐལ་བ་སྒུག་ཡོད།།

ཨ་ཇོ་སེམས་ཞིག་ཡོད་ན།།
མཇལ་བའི་སྐལ་བ་གནོང་ཤོག།
ལས་སྨོན་སོང་བའི་མི་དེས།།
དྲན་པའི་ཀློང་ནས་སྒུག་ཡོད།།

ཁ་ཐག་བར་ཐག་རིང་ཡང་།།
སེམས་མཐུན་བསམ་པ་རིང་མེད།།
སྨོན་འདུན་ལྷ་ལ་ཞུས་ནས།།
ཤེལ་སྒོར་བར་ནས་ལྟས་ཡོད།།

ཨ་སྔོན་སྤྲིན་པ་སེར་པོ།།
འདི་ནས་མི་འདུག་འགྲོ་ན།།
རྒྱང་རིང་ཡུལ་གྱི་ཨ་ཇོ།།
མཇལ་བའི་སྐལ་བཟང་ཐོབ་ཤོག།

དྲན་པ་དབང་དུ་གྲགས་པས།།
རྨི་ལམ་ནང་ནས་མཇལ་སོང་།།
ཞལ་མཇལ་གསུངས་གླེང་སྐབས་སུ།།
རྨི་ལམ་རྨིས་འཚམ་ཟད་སོང་།།

འདོད་ཁམས་ཞེ་ནག་ཅན་པོས།།
གནས་ཡུལ་ཁ་ཁར་བཞག་ནས།།
དྲན་པ་སྟོང་བ་ཞིག་གིས།།
རང་ལམ་བསྙེགས་དགོས་ཐུག་སོང་།།

འཇིག་རྟེན་འཁོར་བ་འདི་ནས།།
འཚོ་འདོད་ཞེ་ན་མེད་ཀྱང་།།
ལས་དབང་བསམ་ནག་ཅན་དེས།།
བཙན་པོའི་རོལ་དུ་བཅུག་སོང་།།

འཆི་སེམས་སྐད་ཅིག་མཐའ་མར།།
དྲན་པ་རང་ལ་དབང་ན།།
ཕྱི་སྟོང་ནང་སྟོང་ནང་གི།
ན་ཟུག་ཕྱི་ལ་སྒྲོན་སྲིད།།

ཆུང་དུས་རྩེ་རུའི་ཁྲོད་ན།།
བདེ་སྐྱིད་ཡོད་པ་མང་ཙམ།།
སྤྲོད་སྐྱིད་ཁྲོད་ཀྱི་ལོ་བརྡ།།
ཕྱི་མར་སོང་ཡང་བརྗེད་དཀའ།།

མཐུན་པའི་མེ་ཏོག་ཆུང་ཆུང་།།
གཡུ་སྤྲང་འཁོར་ས་ལོས་ཡིན།།
མཛུམ་པའི་འདབ་ལོ་རྒྱས་དང་།།
གཡུ་སྤྲང་ཕྱོགས་རྩལ་རྒྱས་འགྲོ།།

ཆོས་གྲོགས་ཚེ་རིང་ཟླ་བ།།
ཨ་ཇོ་ཚེ་རིང་བསྟན་ཉི།།
དབུས་གྲོཊ་ཚེ་རིང་དོན་འགྲུབ།།
ཚེ་ཐག་རང་གི་སྨོན་ལམ།།

སྡེ་ཆེན་སྡེ་བའི་ཁྲོད་ན།།
ཕྱི་མཛེས་ཕྱུག་པོ་མང་ཡང་།།
ཨ་ཇོ་དུང་བའི་དབང་གིས།།
སེམས་སོང་མི་ལ་མ་གྱུར།།

ཨ་ཇོ་ཨ་ཇོ་ཟེར་ནས།།
དྲན་པ་དུབ་ལ་ཁད་རེད།།
ཕྱིར་ཕེབས་ཕྱིར་ཕེབས་ཟེར་དུས།།
མིག་ཆུ་ཟད་ནས་བུད་ཐལ།།

དུང་བ་ཆེ་བའི་དབང་གི།
རྣ་དབང་ཡིད་དབང་འགག་ཁད།།
དྲན་པ་ཆེ་བའི་དབང་གིས།།
ནང་སེམས་སྟོང་བར་གྱུར་ཐལ།།

བརྡ་འཕྲིན་དུས་རབས་ཡིན་ཡང་།།
སྐད་འཕྲིན་བརྩེ་འདོད་དཀའ་གི།
གླུ་དབྱངས་སྙན་མོ་ཡོད་ཡང་།།
ཉན་འདོད་ཞེ་ན་དཀོན་གི།

མི་ཚེ་འཁྱམས་པོ་ཞིག་གིས།།
སེམས་སུ་ཟླ་བ་ཤར་ཡང་།།
སྤྲིན་པ་ཁོག་རྩོག་ཅན་དེས།།
མ་དབང་བཙན་གྱིས་ཁྲིད་སོང་།།

༢༠༢༤

༄༄༎ ནམ་ཞིག་སྐྱེས་བུ་གང་དེ་འདོད་པ་ཐམས་ཅད་དང་ཡོངས་སུ་བྲལ་བའི་གནས་སྐབས་སུ་མཆི་ན།གང་དེའི་ནང་གི་རྣམ་པར་ཤེས་པའང་རང་བཞིན་ཞི་ཞིང་འཇགས་ལ་འཆིང་བ་ཐམས་ཅད་ལས་གྲོལ་བའི་རང་བཞིན་གི་རྣམ་པ་ཡང་དག་པར་གནས་སོ།


发布     👍 0 举报 写留言 🖊   
✋热门推荐
  • #胶响乐上新# 韩国釜山乐队Say Sue Me,偏于广安里海滩边一隅排练,以日记的牢骚体写词,用不熟悉的英语唱歌,却凭温暖悦耳、内向低调的独立摇滚之声,打开广
  • 只考九分会被嘲讽为什么人都能进入娱乐圈,写纸条骂任课老师是不敬师长从而延伸到我没有教养不尊老,而校园暴力的旁观者更不用说啦,你怎么可以见死不救,没有一片雪花是无
  • 想起我小时候吃的维生素类似压缩面粉,口感特别差,每天都是被强行塞到嘴里的,现在小朋友真的太幸福了!香飘飘真的从我小学时候就出名了吧,研究了奶茶这么多年,爱喝他家
  • via.广州卫健委 #广州白云区新增2例确诊病例# 【广州排查发现6例新增确诊,2例涉及白云区永平街道】#白云区重点人群排查发现2例确诊#2021年6月12日0
  • 再看图二,这是上证60分钟图,很清楚的看到底部买入区,也可以看到高位减仓区,在下面的时候,我在喊买,在上面的时候,我在说分批减仓,也少损失了这二天的回踩。30岁
  • 只因一次地铁站外的“多管闲事”一位年逾七旬的老人开始了连续多年的报恩,这份情谊,他还打算自己身后继续延续下去……2018年9月19日,贾永婷在北京的地铁站帮助了
  • 亏良心,是最不利己的行为,「都摄六根,净念相继」的意思是说,如果我们平常能够照顾好我们的六根,能够念念都能生起清净的心。心,三藏十二部 八万四千法门 归根结底围
  • 另据爆料人信佐国反映,当时怡高陶瓷有限公司还非法占用其基本农田用于建设工厂,赔偿也不到位。内部人士提供的资料显示,山东美蔬达农产品批发市场2022年建成,占地约
  • 爱,成都助孕,才能让自己变好吃醋是真的,苏州助孕,我凡事都看的开他竟然当真了,武汉助孕,悲痛锐减覆水难收。爱,成都助孕,才能让自己变好吃醋是真的,苏州助孕,我凡
  • #中国少先队建队73周年#【传承红色基因,呵护梦想启航】“我们是共产主义接班人,继承革命先辈的光荣传统……”伴随着熟悉的旋律响起,刚刚入少先队的场景一幕幕在脑海
  • 【上海13家市级医院采购38台进口大型医用设备 金额5.7亿元】财联社11月8日电,作为第五届中国国际进口博览会上海交易团的重要配套现场活动之一,由上海申康医院
  • 我还是想不明白为什么用我的信息作为紧急联系人,好几年没有联系过了,而且也不是很熟。这三个月来平台给我打了得有七八个电话,今天直到那个人准确的说出了我的信息,我问
  • 你开心了,你传递给其他人的情绪就是正面,别人也会不由自主地想要靠近你,而对前任来说,积极的情绪,不仅能吸引ta靠近你,还能打破ta对你原本的心理预期,本来以为分
  • 那一定是不知道新冠的症状有发烧吧,或者就是自信60%的国民同时感染新冠不会击穿医疗体系(真有这种自信为啥不能相信一下动态清零呢)。那一刻真想留下来,这种念头在很
  • #原来家电还可以这样# 久等啦久等啦,那些发愁11.11怎么买的宝子们别再急到不行啦,超贴心的直播清单快快马起来,有了这些你就是人群中最会买的崽~现在就打开京东
  • 如果不严加禁止,任人东竖一拳,西下一喝,此处作一偈,那边说一颂,如疯如狂,如戏如谑,逐渐演变成故弄玄虚的人多而真实用功的人少,你以为宗门由此可以复兴,我以为佛法
  • 今天早上六点多起床就打通了北京12345的人工客服,表达了我的诉求,现在毫无反应!我也不想有这么多负面情绪,可是孩子总是气我,总和孩子发脾气的结果就是孩子居然不
  • ”立刻教育他,“粉红色又不是女生的专属, 男孩子也可以拥有粉红色的呀!”3⃣️铅笔课间给学生削了一下铅笔,一个男孩子上来第一句话就是“猛男铅笔”我问为什么说这样
  • 若夫不刻意而高,无仁义而修,无功名而治,无江海而闲,不导引而寿,无不忘也,无不有也,澹然无极而众美从之;此天地之道,圣人之德也。现实中真正的中医,就是佛,就是神
  • 世间所有的相遇都是久别的重逢,都是四季更替的旋律,我们也在用心情弹拨韵律,把人生写成最美的诗篇,从而深情不负。若说岁月是一幅流年的淡墨山水,那么,我们每个人都在