ཚེ་ཕྱི་མའི་བརྩེ་དུང་གི་ལས་སྐལ།

རྩོམ་པ་པོ།

རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ།
ཡིད་འོང་དབེན་པའི་རི་ངོགས་བྱང་ཆུབ་ཀྱི་དགོན་པར།།
མཚར་སྡུག་ཡིད་འཛིན་བུ་མོའི་དུངས་སེམས་ཀྱི་མེ་ཏོག།
ཁྲེལ་ལྡན་གཞུང་བཟང་བུ་ཡི་སྙིང་ག་རུ་བཞད་པས།།
ཅི་ཞིག་ལྟར་ན་བརྩེ་དུང་འདབ་བརྒྱ་དེ་གྲོལ་སོང་།།

རིགས་གཟུགས་ལང་ཚོ་གནམ་སའི་བར་ཐག་གིས་བཅད་ཀྱང་།།
མཉེན་གཤིན་སེམས་ཀྱི་འདུན་མ་གཞི་གཅིག་ལ་འབྲེལ་བའི།།
མི་ཡུལ་རྣམ་ཤེས་ཟུང་གི་སྐྱིད་སྡུག་གི་ལས་བསྐོས།།
སེམས་ཆུང་ཤུགས་རིང་འབྱིན་པའི་རྒྱུ་རྐྱེན་དུ་གྱུར་འདུག།

སྡུག་སྣང་སྐྱིད་དུ་ཚོར་བའི་འདོད་གདུང་གི་བཟི་ཁ།།
རྗེས་ཆགས་དྲོད་ཁོལ་འབར་བའི་ལང་ཚོ་རུ་སིམ་སྟེ།།
མངར་སྐྱུར་བྲོ་བ་འདྲེས་པའི་འཇིག་རྟེན་གྱི་འཚོ་བ།།
གཞོན་ཆུང་མི་ཚེའི་སྙིང་གི་བདུད་རྩི་རུ་ཐོབ་ཀྱང་།།

མ་བཅོས་སྙིང་གི་གསང་གཏམ་ཟུར་མིག་ལ་འཁྱུད་ཅིང་།།
ལུས་སེམས་འོ་ཆུ་འདྲེས་པའི་ཉམས་དགའ་ཡི་སྣང་ཤས།།
དབང་ཆེན་དཔོན་པོའི་སེམས་ཀྱི་ཚེར་མ་རུ་མཐོང་ནས།།
མཐའ་མེད་ཆགས་སྒོ་འབོད་པའི་གཡབ་མོ་རུ་གྱུར་སོང་།།

འབྲལ་ཁའི་གདུང་བ་དྲག་པོ་སྙིང་ཁ་རུ་ཟུག་པས།།
སེམས་ཀྱི་རྨ་ཁ་གསར་བར་ན་ཚ་ཞིག་བསླངས་ཏེ།།
དབང་མེད་བཙན་གྱིས་དེད་པའི་གྱེས་བྲལ་གྱི་གདུང་བ།།
ཉམ་ཆུང་ཚེ་སྲོག་འཕྲོག་པའི་གཤེད་མ་རུ་ཆས་སོ།།

བཏབ་པའི་བྲོ་ཚིག་བོར་བའི་བརྡ་འཕྲིན་དེ་འབྱོར་བས།།
རེ་ཐག་བྲལ་བའི་སེམས་པ་ངེས་འབྱུང་ལ་ཕྱོགས་ཏེ།།
མགོ་སྐྱེས་ལྕང་ལོ་བྲེགས་པའི་གཙུག་ཕུད་ཀྱི་ཟར་བུ།།
ཡིད་གཅུགས་བུ་མོའི་སེམས་ཀྱི་དྲན་རྟེན་དུ་བསྐུར་སོང་།།

ཆར་ཞོད་ཆེ་བའི་མཚན་མོའི་སྨག་རུམ་གྱི་ཁྲོད་ནས།།
མཛའ་བོའི་མིང་ནས་འབོད་ཅིང་གདུང་ཡུས་ཀྱིས་མནར་བཞིན།།
འགྱེལ་མ་ལང་གི་གོམ་སྟབས་དབེན་རི་ལ་བསྒྱུར་ཡང་།།
དཀའ་ཐུབ་བརྟུལ་ཞུགས་བླངས་པའི་སྙིང་གྲོགས་དེ་མ་མཐོང་།།

ན་ཆུང་སེམས་ཀྱི་མེ་ཏོག་མི་ཡུལ་ནས་བྲལ་ཁར།།
བརྩེ་གདུང་མཆི་མ་འཁྱིལ་བའི་ཤི་མིག་གི་འོད་ཞགས།།
རྒྱང་རིང་འཇིག་རྟེན་ཕྱི་མའི་ཞིང་ཁམས་སུ་གཏད་ནས།།
ཚེ་རྟིང་མཉམ་འཛོམས་འོང་བའི་ལས་འཕྲོ་ཞིག་བསྒྱུར་ཡོད།།

མལ་གྱི་ཐ་མར་མནལ་བའི་ཉམ་ཆུང་གི་བུ་མོས།།
ཤི་གསོན་བར་དུ་སྤྲིངས་པའི་དུང་སེམས་ཀྱི་ཡིག་ཆུང་།།
ཕྱི་ཐག་རིང་བའི་གྲོགས་ཀྱི་སྤྱན་ལམ་དུ་འབྱོར་ཚེ།།
དྲན་གདུང་སྤུ་གྲིས་སྙིང་ག་འགས་སྙམ་ཞིག་ལོས་བྱེད།།

བག་དྲང་ལས་ཀྱི་རླུང་དམར་དྲག་པོ་ཡིས་བདས་པའི།།
སྐྱོ་མོའི་སྣང་བ་ཡད་ཡུད་ཕྱད་ཕྱོད་ཀྱི་ངོགས་ནས།།
ཤི་གསོན་ངོ་འཕྲད་བྱུང་བའི་དགའ་སྐྱོ་ཡི་མིག་ཆུ།།
བར་དོའི་འཇིག་རྟེན་ཁམས་ཀྱི་རི་ཀླུང་དུ་བབས་སོ།།

མི་ལོ་བརྒྱ་སྟོང་དུ་མའི་བར་ཐག་གིས་བསྐལ་ཡང་།།
འགྲོགས་པའི་ལས་སྐལ་སྒུག་པའི་བརྩེ་དུང་གི་སྐྱོར་གར།།
སྐྱེ་ཤིའི་ཕྲེང་བ་བརྒྱུད་པའི་ལམ་ཕྲན་གྱི་ངོགས་ནས།།
ད་དུང་ཕྱི་མིག་བགྲད་ན་ཐེངས་གཅིག་ལ་ལྟ་ངེས།།

དགུན་ཁ།

དགུན་ཁ
གྲང་རླུང་ལྡང་བས
ས་ཆེན་གྱི་ལྭ་བ་བཀོག་ཅིང་
ལྗོན་པའི་ཚོགས་ཀྱི་རལ་པ་དག་བཅད

དགུན་ཁ
ཁ་བ་བབས་པས
རི་ལུང་ལ་གདོང་འབག་བསྐོན་ཅིང་
ས་ཆེན་མ་མ་ཡང་གངས་རྡུལ་གྱིས་མནན

དགུན་ཁ
བུ་ཡུག་འཚུབ་པས
ལུས་སེམས་ཟུང་འཁྱག་དར་གྱིས་བསྡམས་ཤིང་
སྨྲ་བྱེད་ཀྱི་ངག་སྒོ་ཙག་རླུང་གིས་བཅུན

དགུན་ཁ
སྤྱང་ཚོགས་མོད་པས
ལྷས་ར་ཡི་ལྷིང་འཇགས་དཀྲོགས་ཤིང་
ཤེད་ཞན་པའི་སྒོ་ཟོག་དག་ལྷས་ར་ནས་བསད

ཕུན་ཚོགས་རྒྱ་མཚོ།
2024/1/10#冬天#

རྒན་པོ་ཚོའི་ཁ་ན་བོད་རེ་བས་འཆི།

དགྱ་དོགས་པས་འཆི་ཟེར་བའི་གཏམ་དཔེ་ཞིག་ཡོད།

གཏམ་དཔེ་དེའི་ནང་སྙིང་ན་བོད་དགྱ་གཉིས་ཀྱི་བསམ་བློའི་འཁྱེར་སོ་ཞིག་ཀྱང་ཡོད།

དེ་ནི་བོད་ལ་ལག་ལེན་མེད་པ་དང་དགྱ་ལ་ཡིད་རྟེན་མེད་ཅེས་པའི་དོན་རེད།

རེ་བ་ལས་ལག་ལེན་མེད་མཁན་གྱི་བོད་དང་དོགས་པ་ལས་ཡིད་རྟོན་མེད་མཁན་གྱི་དགྱ་གཉིས་ནི་གནའ་ནས་ད་བར་དུ་འཇིག་རྟེན་གྱི་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ། འཚོ་གནས་ཀྱི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་སོགས་ཐ་དད་དང་འགལ་ཟླ་རུ་གྱུར་ནས་ལྷན་ཅིག་མི་གནས་འགལ་དུ་གྲུབ་ཡོད་པ་རེད།

གཡུ་བྲག་ཀར་ཕུན།


发布     👍 0 举报 写留言 🖊   
✋热门推荐
  • 2020年庚子,食神生正财,地支两子冲一午,冲了印星的根气,印星为忌,被冲后反而利于他的发展,而且子午相冲也有变动,走动之象,在20年的下半年冬天,工作方面可能
  • 这个道理是很简单的,我们知道门窗是空气对流交换的地方,因此即是入气口也是出气口。风水就是一种对人有利的气场,这种气场见风则散,见水则止,要想吉气凝聚,就要选背山
  • 建设者们昼夜奋战,苦干实干,用了3个月的时间,难题解决了,也为雄忻高铁后续工作的推进创造了有利条件。”郭东升说,站在新的历史起点上,“雄忻高铁是我们‘登天的梯、
  • 我这一天天的,忙到都不觉得冷,啥事都要我做,你们又没人能帮得了我那我不知道要做什么事情呀,你要叫我说去做什么做什么我就会去做了嘛你们做的我看不上眼那就是咯我是让
  • 拟赴美上市企业震坤行获“无异议回复”,境外上市渠道保持畅通
  • 十二星座转发后,好运扑向你【很灵】必须转大吉大利,好运满满:白羊座:压力减轻,学业有成[许愿虎][许愿虎]金牛座:事业有成,幸福安康[许愿虎][许愿虎]双子座:
  • 我也知趣地放慢了进攻的节奏,开心就好墙上的照片居然没有影响到自己,我想,可能我已经走出了对他的依赖区时间是如此的美好和残酷,这段时间满屏都是大s和具先生的美好故
  • 你不信任对方,所以你觉得没有安全感,你希望能通过他的及时回复,嘘寒问暖,偶尔制造浪漫惊喜来证明他爱你,但对方都没有做到,同时,你也把这些做不到归因给了“距离”导
  • 今天上班看到了这只狗狗,觉得特别可爱就给我领导看,正好她在擦眼镜,摘下眼镜什么都看不清,我俩工位还离的有一段距离,她以为我给她看的是蔡徐坤,就说“啊 这张我看过
  • 【西安城南客运站:4月1日恢复客运站至湖北监利班线】3月27日,城南客运站传来消息,4月1日将恢复西安城南客运站至湖北监利班线。(三秦都市报)#西安[超话]#
  • 有关主管部门就深化影视业综合改革、促进影视业健康发展、强化网络内容监管等采取了一系列措施,对明星天价片酬、“阴阳合同”、偷逃税、低俗信息炒作和劣迹艺人管理等不断
  • 要论我心中的国货之光的话毛戈平、珀莱雅、花西子肯定帮上有名这6款都是我很用过且效果都很可的品1⃣️毛戈平鱼子无暇气垫,对于男生而言,携带也很方便,也考虑到我们的
  • 有的人,就感受到了生命的使命,然后他们持续不断的关注这些事情,他们会说:“这是我想要的,我要留在这里足够长的时间,直到我发现、明白、了解它对我生命的意义。所以,
  • 就是等的太久然后大家都吃的太晚然后都好撑了哈哈哈哈 最后回家的路上太巧合了哈哈哈 和老余聊我们的优秀校友凯凯王 结果滴滴师傅是凯凯王妈妈的好朋友哈哈哈还和凯凯
  • 每当李成敏展露笑容的时候,不知道迷倒多少少男,不仅在韩国与国内有名,她更是被誉为“亚洲第一美女”尽管容貌与身材非常不错,但从来不会炒作自己,出道多年可以说0绯闻
  • 第一次见官方带头造谣用户[怒]被包包君踢出了bug反馈群,于是在另一个群问我做了什么,在经过千呼万唤之后,包包君说,“主要在于说几个用户是舔狗以及说是垃圾哦”。
  • #朴智旻我们的蓝调ost#[打call]#朴智旻将演唱我们的布鲁斯ost# 初雪夏日西瓜刨冰机 .: ...出道九年的首个个人资源终于到来,所有的翘首
  • #石家庄招聘[超话]# [爱心]一场突如其来的疫情让你终于明白一个道理光有一份光鲜的主业工作真不行[撇嘴]还得有个副业的备胎[呲牙]不然房贷,车贷等,真的凉凉!
  • 第四,是为了推动后面的剧情,后面的剧情是少谷主和纪云禾联合杀谷主,不交代谷主的育人理念,不执着深刻的仇恨,少谷主去杀他父亲,是不是又要说他大逆不道了?如果以今天
  • 别想太多,一切都会过去的简单的生活,实际上就是最大的幸福✨寻常小日,最为珍贵愿你所得,皆你所愿祝我们都能在鸡零狗碎里找到闪闪的快乐✨☆.. ❥₍ᐢ..ᐢ₎♡̷