༄༅།།བདུད་འཇོམས་རིན་པོ་ཆེས་རྣམ་ཐར་མདོར་བསྡུས་བཞུགས་སོ།།     

སྐྱབས་རྗེ་༸བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཛད།    

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེར་(༡༩༠༤-༡༩༨༧)འབོད་པའི་རྒྱལ་ཁམས་པ་བདག་གི་སྐྱེ་ཡུལ་ནི་སྦས་ཡུལ་པདྨ་བཀོད། སྐྱེད་བྱེད་ཀྱི་ཕ་ནི་ཀ་གནམ་རྗེ་རིགས་ཀྱི་མི་རྒྱུད་ཁེངས་བླ་འཇམ་དཔལ་ནོར་བུ་དབང་རྒྱལ་གྱི་བུ་རུ། རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ལོར་སྐྱེས། ལོ་ངོ་གསུམ་ཙམ་ནས་བདུད་འཇོམས་གཏེར་ཆེན་གྱི་སྤྲུལ་སྐུར་ངོས་འཛིན་བྱས་ཏེ་གོང་མའི་ཞལ་སློབ་སོགས་ནས་བདག་གིར་བཟུང་སྟེ་ཆོས་སྒོར་བཅུག། ཡོན་ཏན་གྱི་རྩ་བ་འབྲི་ཀློག་ཡིན་ཅེས་དགེ་རྒན་ནས་སློབ་སྦྱོང་གི་ཞུར་ལ་དྲངས། ཞར་ལ་ཆོ་ག་ཆོས་སྤྱོད་སོགས་ཀྱི་དཔེ་འཛིན་དང་། སྒོ་གསུམ་སྤྱོད་ལམ་གང་ཅིར་ཉེས་འགོག་ལེགས་སྦྱོར་གྱི་སློབ་ཁྲིད་དང་འབྲེལ། ལོ་རྒྱུས་གཏམ་རྒྱུད་སྔོན་འགྲོའི་གོ་དོན་སོགས་ཁྲིད་ཚུལ་ཇི་སྙེད་པས་བློ་མིག་ཅུང་ཟད་ཕྱེ། རིམ་གྱིས་ལོ་ན་བློ་ཚོད་དང་མཐུན་པར་སྔ་ཕྱིར་མཁས་གྲུབ་བླ་མ་རྣམས་ཀྱིས་བརྩེ་བས་རྗེས་སུ་བཟུང་སྟེ། བརྡ་དག་སྙན་གསུམ་རྩིས་སྨན་སྐོར་སོགས་ཐུན་མོང་རིག་གནས་ཁ་ཐོར། དབུ་ཕད་བྱམས་ཆོས་སྤྱོད་འཇུག་སྡོམ་གསུམ་སོགས་ཐུན་མིན་གཞུང་བཤད་འགའ་ཙམ། ཁྱད་པར་རང་ལུགས་སྔགས་རྒྱུད་བཀའ་གཏེར་རྒྱ་མཚོའི་སྨིན་གྲོལ་རྒྱུད་འགྲེལ་ཟབ་ཁྲིད་སོགས་གཙོ་བོར་བཟུང་། རྡོ་རྗེ་སློབ་དཔོན་གྱི་ལས་བཅུ་གསུམ་ནས་བརྩམས་སྒྲུབ་སྡེ་ཆོ་གའི་རྣམ་གཞག། གཏོར་བཟོ་རྒྱན་བཀོད་གར་ཐིག་དབྱངས་རོལ་ཚུན་རིག་འཛིན་བརྒྱུད་པའི་ཕྱག་བཞེས་རས་སུ་མ་བོར་བར་སྦྱང་བརྩོན་ལ་འབད་འབུངས་བགྱིས། སྐབས་སུ་སྔོན་འགྲོ་བསགས་སྦྱོང་ནས་བརྩམས་དངོས་གཞི་བསྐྱེད་རྫོགས་བསྙེན་སྒྲུབ་ཀྱི་ཉམས་ལེན་ཡང་བྲེ་གསོག་ཕུལ་གསོག་ཅི་ནུས་སུ་བརྩོན་ཁུལ་བྱས་མོད། འོན་ཀྱང་བླ་མའི་མིང་ངན་ཐོགས་པ་འདིས་བསླུས་ཏེ། བསྟན་དོན་འགྲོ་ཕན་དུ་བསྙད་པའི་རྣམ་གཡེང་གི་ཁོལ་པོར་འཕྱན་ནས། སྒྲུབ་པ་ཉམས་ལེན་གྱི་མངོན་རྟགས་ཡོན་ཏན་ནི་རུས་སྦལ་གྱི་སྤུའི་རྗེས་སུ་སོང་། རང་ལ་ཆོས་ཀྱི་བདུད་རྩི་ཇི་ཙམ་ཐོབ་ཅིང་ཐོས་པ་ཕལ་ཆེར་གཞན་སོ་སོའི་ངོ་སྐལ་དང་འཚམས་པར་འཆད་སྤེལ་གང་ནུས་སུ་བགྱིས། མཁས་པའི་གྲལ་མི་གཤོག་ཀྱང་སྐུལ་བ་པོའི་ངོ་མི་ལྡོག་ཕྱིར་དང་། འགའ་ཞིག་བསྟན་པའི་ཞབས་ཏོག་ཏུའང་ཅུད་ཟད་འགྱུར་དུ་རེ་བས། བོད་སྔ་རབས་པའི་ཆོས་འབྱུང་དང་། རྙིང་བསྟན་རྣམ་གཞག། རྒྱལ་རབས། སྡོམ་གསུམ་འབྲུ་འགྲེལ། སྒྲུབ་སྐོར་མང་པོའི་ཆོག་ཁྲིགས། ཁྲིད་ཡིག་སོགས་ཀྱིས་མཚོན་རྩོམ་ཐོར་ཡོངས་བསྡོམས་པོད་གྲངས་བཅུ་ཕྲག་གཉིས་ལས་བརྒལ་བ་བྱུང་སོང་བ་ཐོས་པའི་ལག་རྗེས་རྩོམ་པར་བསྙད་དེ། རེ་དོགས་མེད་པར་དཔེ་ཐོག་ཏུ་བཀོད། དོན་གྱི་སྙིང་པོ་འདྲེན་པའི་མཆོག་དམ་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན། དག་སྣང་གི་བློ་མིག་མ་ལྡོངས་ཙམ་ནས་གཞན་གྱི་ཆོས་དང་གང་ཟག་སུ་ལའང་ལོག་ལྟ་སྐུར་འདེབས་ཆོས་སྤོང་གི་ལས་ངན་བསགས་མ་མྱོང་ཞིང་། རང་སེམས་གཡོ་སྒྱུ་སྤངས་པའི་བསམ་པ་བཟང་པོ་ཞིག་ལ་རྟག་པར་སློབ་བཞིན་པ་ཡིན་སྟབས། སྟོན་པ་ཐུགས་རྗེ་ཅན་གྱི་འཁོར་རྣམ་བཞིའི་གྲལ་རིམ་འོག་མའི་ཁྱུར་མི་ཚུད་སྙམ་པའི་དོགས་པ་སྤུ་ཙམ་མེད་པས་ན། རེས་འགའ་རང་མཐོང་གི་བསམ་བློ་ཅུང་ཟད་རེའང་འཆར་ཡོང་གིན་འདུག་པ་འདི་དམ་པའི་ཆོས་དང་མི་དགེའི་སྡིག་གང་ཡིན་ཆ་མ་འཚལ་བར་གནས་ཡོད་ཞུ་རྒྱུ་སྔགས་རྒན་བདག་གི་ལོ་རྒྱུས་ཀྱི་བསྡུས་དོན་ལགས་སོ། །

དགོན་ལུང་དགོན་པ། བྱང་གི་དགོན་ཆེན་བཞིའི་ཡ་གྱལ་ཞིག ༡༦༠༤ ལོར་རྒྱལ་བ་ཡོན་ཏན་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཆོས་རྒྱལ་ཟུང་གི་བཀའ་དགོངས་ལྟར་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ་ཆེད་མངགས་ཀྱིས་ཕྱག་བཏབ་པ་དང་ཕྱིས་ལྕང་སྐྱ་དང་ཐུའུ་བཀྭན་ཧོ་ཐོག་ཐུའི་གདན་ས་ཡིན། ད་ལྟའི་སྲིད་འཛིན་ས་ཁུལ་ནི་ཧོར་རིགས་རང་སྐྱོང་རྫོང་གི་ཁོངས་སུ་གཏོགས།

ཚེ་ཕྱི་མའི་བརྩེ་དུང་གི་ལས་སྐལ།

རྩོམ་པ་པོ།

རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ།
ཡིད་འོང་དབེན་པའི་རི་ངོགས་བྱང་ཆུབ་ཀྱི་དགོན་པར།།
མཚར་སྡུག་ཡིད་འཛིན་བུ་མོའི་དུངས་སེམས་ཀྱི་མེ་ཏོག།
ཁྲེལ་ལྡན་གཞུང་བཟང་བུ་ཡི་སྙིང་ག་རུ་བཞད་པས།།
ཅི་ཞིག་ལྟར་ན་བརྩེ་དུང་འདབ་བརྒྱ་དེ་གྲོལ་སོང་།།

རིགས་གཟུགས་ལང་ཚོ་གནམ་སའི་བར་ཐག་གིས་བཅད་ཀྱང་།།
མཉེན་གཤིན་སེམས་ཀྱི་འདུན་མ་གཞི་གཅིག་ལ་འབྲེལ་བའི།།
མི་ཡུལ་རྣམ་ཤེས་ཟུང་གི་སྐྱིད་སྡུག་གི་ལས་བསྐོས།།
སེམས་ཆུང་ཤུགས་རིང་འབྱིན་པའི་རྒྱུ་རྐྱེན་དུ་གྱུར་འདུག།

སྡུག་སྣང་སྐྱིད་དུ་ཚོར་བའི་འདོད་གདུང་གི་བཟི་ཁ།།
རྗེས་ཆགས་དྲོད་ཁོལ་འབར་བའི་ལང་ཚོ་རུ་སིམ་སྟེ།།
མངར་སྐྱུར་བྲོ་བ་འདྲེས་པའི་འཇིག་རྟེན་གྱི་འཚོ་བ།།
གཞོན་ཆུང་མི་ཚེའི་སྙིང་གི་བདུད་རྩི་རུ་ཐོབ་ཀྱང་།།

མ་བཅོས་སྙིང་གི་གསང་གཏམ་ཟུར་མིག་ལ་འཁྱུད་ཅིང་།།
ལུས་སེམས་འོ་ཆུ་འདྲེས་པའི་ཉམས་དགའ་ཡི་སྣང་ཤས།།
དབང་ཆེན་དཔོན་པོའི་སེམས་ཀྱི་ཚེར་མ་རུ་མཐོང་ནས།།
མཐའ་མེད་ཆགས་སྒོ་འབོད་པའི་གཡབ་མོ་རུ་གྱུར་སོང་།།

འབྲལ་ཁའི་གདུང་བ་དྲག་པོ་སྙིང་ཁ་རུ་ཟུག་པས།།
སེམས་ཀྱི་རྨ་ཁ་གསར་བར་ན་ཚ་ཞིག་བསླངས་ཏེ།།
དབང་མེད་བཙན་གྱིས་དེད་པའི་གྱེས་བྲལ་གྱི་གདུང་བ།།
ཉམ་ཆུང་ཚེ་སྲོག་འཕྲོག་པའི་གཤེད་མ་རུ་ཆས་སོ།།

བཏབ་པའི་བྲོ་ཚིག་བོར་བའི་བརྡ་འཕྲིན་དེ་འབྱོར་བས།།
རེ་ཐག་བྲལ་བའི་སེམས་པ་ངེས་འབྱུང་ལ་ཕྱོགས་ཏེ།།
མགོ་སྐྱེས་ལྕང་ལོ་བྲེགས་པའི་གཙུག་ཕུད་ཀྱི་ཟར་བུ།།
ཡིད་གཅུགས་བུ་མོའི་སེམས་ཀྱི་དྲན་རྟེན་དུ་བསྐུར་སོང་།།

ཆར་ཞོད་ཆེ་བའི་མཚན་མོའི་སྨག་རུམ་གྱི་ཁྲོད་ནས།།
མཛའ་བོའི་མིང་ནས་འབོད་ཅིང་གདུང་ཡུས་ཀྱིས་མནར་བཞིན།།
འགྱེལ་མ་ལང་གི་གོམ་སྟབས་དབེན་རི་ལ་བསྒྱུར་ཡང་།།
དཀའ་ཐུབ་བརྟུལ་ཞུགས་བླངས་པའི་སྙིང་གྲོགས་དེ་མ་མཐོང་།།

ན་ཆུང་སེམས་ཀྱི་མེ་ཏོག་མི་ཡུལ་ནས་བྲལ་ཁར།།
བརྩེ་གདུང་མཆི་མ་འཁྱིལ་བའི་ཤི་མིག་གི་འོད་ཞགས།།
རྒྱང་རིང་འཇིག་རྟེན་ཕྱི་མའི་ཞིང་ཁམས་སུ་གཏད་ནས།།
ཚེ་རྟིང་མཉམ་འཛོམས་འོང་བའི་ལས་འཕྲོ་ཞིག་བསྒྱུར་ཡོད།།

མལ་གྱི་ཐ་མར་མནལ་བའི་ཉམ་ཆུང་གི་བུ་མོས།།
ཤི་གསོན་བར་དུ་སྤྲིངས་པའི་དུང་སེམས་ཀྱི་ཡིག་ཆུང་།།
ཕྱི་ཐག་རིང་བའི་གྲོགས་ཀྱི་སྤྱན་ལམ་དུ་འབྱོར་ཚེ།།
དྲན་གདུང་སྤུ་གྲིས་སྙིང་ག་འགས་སྙམ་ཞིག་ལོས་བྱེད།།

བག་དྲང་ལས་ཀྱི་རླུང་དམར་དྲག་པོ་ཡིས་བདས་པའི།།
སྐྱོ་མོའི་སྣང་བ་ཡད་ཡུད་ཕྱད་ཕྱོད་ཀྱི་ངོགས་ནས།།
ཤི་གསོན་ངོ་འཕྲད་བྱུང་བའི་དགའ་སྐྱོ་ཡི་མིག་ཆུ།།
བར་དོའི་འཇིག་རྟེན་ཁམས་ཀྱི་རི་ཀླུང་དུ་བབས་སོ།།

མི་ལོ་བརྒྱ་སྟོང་དུ་མའི་བར་ཐག་གིས་བསྐལ་ཡང་།།
འགྲོགས་པའི་ལས་སྐལ་སྒུག་པའི་བརྩེ་དུང་གི་སྐྱོར་གར།།
སྐྱེ་ཤིའི་ཕྲེང་བ་བརྒྱུད་པའི་ལམ་ཕྲན་གྱི་ངོགས་ནས།།
ད་དུང་ཕྱི་མིག་བགྲད་ན་ཐེངས་གཅིག་ལ་ལྟ་ངེས།།


发布     👍 0 举报 写留言 🖊   
✋热门推荐
  • 万爽今年28岁,王斌今年30岁,他们家在山西临汾,已经有6年跨区域收割的经验。同样来自邯郸的卜丽霞和丈夫已到漯河收割十多次了,算是资深从业者。
  • 招收手机兼职打字员会员如果你是学生 可以利用暑假多赚一点零花钱❤如果你是宝妈 可以补贴家用为孩子赚一点奶粉钱如果你是上班族 可以利用多余的时间增加哦一份额外的收
  • 菡萏冰泪 江月晃重山~何处是清欢 今世难求洒脱,此心难起波澜。唯在重阳,塞北江南,同寄一片秋思;或在清明,将一缕缕雨丝,洒作千里一地的冷冷清清与悲悲戚戚。
  • 结语:浓缩液索样或技术详询请联络陈先生158-9988-9633,微信/电话同号 附图为世界一线巨头,深镀能力数据对比情况,我们的浓缩液不输国际一线品牌。4.
  • 掉史努比窝里[可爱]▪️上手简单 经典消消乐或者寻物解谜 超好玩▪️史努比控必备 场景还原度高 画质也没得说 鸭鸭比较推荐前两排喔~无需搭./快乐都在不经意间/
  • 凡事只要于心无愧,不必计较太多,让自己活出潇洒自我,慢慢成 ...展开全文c人生就像不停在用的铅笔,开始很尖,但慢慢地就磨得圆滑了。凡事只要于心无愧,不必计较太
  • #王一博[超话]#对你的爱始于20年,但是19年买过你的护肤品,那是第一次没有扔掉明信片,因为太干净了那时最惊艳的是你的笑容,狠狠的击中了我的心,爱心笑[哈哈]
  • 在认真察勘了有研究价值的引水线路,加上其他有关专家的研究成果,我们终于找到了最有利于选择引水水库坝址线的理想河段,并与我向毛主席汇报时提出的设想相符合,即丹江口
  • #刘宇宁过年的歌# 摩登兄弟mdxd 刘宇宁lyn 棚主 宁哥过去一年走过的脚步留下的是艰辛和攀登的苦新的一年里展望的路希望你带着更高的理想继续付出………………
  • 唐生智认为自己是高级将领,曾率兵死守南京,虽然最后失败,但誓死奋战,虽败犹荣,如今自己弟弟成为汪伪座上宾,有失颜面,而且打入汪伪内部危险重重,他不想让弟弟冒险。
  • 你还是愿意悄悄把他偷偷藏在心底你还是愿意默默等他确确真的坚定你还是愿意每天听他闲聊生活琐事你还是愿意为了见他跨越山水千里你还是愿意去告诉他年月想在一起你还是愿意
  • “我们的研究报告了第一批受COVID-19 Alpha变体影响的猫和狗的病例,并比以往任何时候都更突出了伴侣动物可能感染SARS-CoV-2的风险,”主要作者、
  • 这个心态不能凭空出现,它一定需要对境来训练,住持三宝就是我们六根的对境。比如供花,自己先使劲闻一下;供一盒点心,自己先尝一个,这都不对,为甚麽?
  • 小周的健康生活Day3[兔子]✅初始体重:61.55kg 今日体重:60.85kg 目标体重:55kg饮食记录✅早餐:(蟹柳滑蛋/奶酪)贝果+桃子酸奶✅午餐:番
  • 好嗨的周末,中秋第一博完美收官,今晚我和玛同学是“番茄炒蛋”组合[偷笑]​#每日一善[超话]##阳光信用# 心中那遥远的地方,终有一天会到达,我想展开翅膀,在空
  • 女生有这线纹个性激进,我很实在提醒,能找年龄比自己长的,就找吧,十个女人有八个婚后都是跟丈夫争吵,要是不争,更可悲,因为她们已看淡这段情。和朋友们分享最近滴生活
  • 【220616】 Nnattawin twi更新#milenattawin[超话]#BeonCloud团队的人在没有安排服装的时候,会偶然穿得一模一样,但很好,
  • 我真的恨啊,好不容易找到一对糊咖,卖腐也卖的我心里,还蛊的我买了东西,结果就塌了,真的好敬业……为什么要让我知道塌了,那样我一定会很开心,不过现在唯一的好事就是
  • (气死了 之前的买的胶水不知道啥时候整不见了)这次种草的美瞳是星空手帐系列!这个操作真的挺有意思挺牛的 卸的时候一定要仔仔细细好害怕秃了[悲伤][悲伤]高光也特
  • 各位粉丝好,从今天开始,小皇人bot投稿号就开通了!其实之前也关注了非官方的微博,但那是非官方的,我还会很开心的当做同人看,可是这个是官方微博,就有一点担心……