鸭脚木དེ་ཐོག་མར་ཉོས་ཡོང་སྐབས་གཡུ་ལོ་ཐགས་སུ་བཀྲ་བ་ཞིག་ཡོད། ད་ཆ་ལོ་མ་སེར་པོར་གྱུར་ཏེ་ལྷུང་པ་རྣམས་ལྷུང་། གཏུབ་དགོས་པ་དག་གཏུབས་ནས་སྐམ་ཤི་མ་ཐེབས་ཙམ་གྱི་ཚད་དུ་བསླེབ་པས། ནང་མི་ཚོས་གསོན་པའི་རེ་བ་མཐའ་མཇུག་དེ་བཅོལ་ཞིང་། ས་དག་སོབ་སོབ་བཟོས་པ་དང་། གཞུང་ཤིང་ས་ངོས་སུ་ལི་སྨི་ཉི་ཤུ་རྩ་ལྔ་བུད་མཚམས་ནས་ཡོངས་སུ་བཅད་པ། འགྱིག་ཐུམ་གྱིས་བཏུམས་པ་སོགས་བྱས།

གང་ཚེ་བསྐྱོད་པར་འདོད་གྱུར་ཏམ།། སྨྲ་བར་འདོད་པར་གྱུར་ན་ཡང་།། དང་པོར་རང་གི་སེམས་བརྟགས་ནས།། བརྟན་པས་རིགས་པ་ལྡན་པར་བྱ།། གང་ཚེ་རང་ཡིད་ཆགས་པ་དང་།། ཁྲོ་བར་འདོད་པ་དེ་ཡི་ཚེ།། ལས་སུ་མི་བྱ་སྨྲ་མི་བྱ།། ཤིང་བཞིན་དུ་ནི་གནས་པར་བྱ།། རྒོད་དང་ག་ཞར་བཅས་པ་འམ།། གལ་ཏེ་ང་རྒྱལ་རྒྱགས་ལྡན་པའམ།། མཚང་འབྲུ་བ་ཡི་བསམ་པ་དང་།། གལ་ཏེ་སྐྱོར་འབྱིན་བསླུ་སེམས་སམ།། གང་ཚེ་བདག་བསྟོད་ལྷུར་ལེན་པའམ།། གཞན་ལ་སྨོད་པ་ཉིད་དང་ནི།། གཤེ་བཅས་འགྱེད་དང་བཅས་གྱུར་པ།། དེ་ཚེ་ཤིང་བཞིན་གནས་པར་བྱ།། རྙེད་དང་བཀུར་སྟི་གྲགས་འདོད་པའམ།། གཡོག་འཁོར་དོན་དུ་གཉེར་འདོད་པའམ།། བདག་སེམས་རིམ་གྲོ་འདོད་གྱུར་ན།། དེ་ཚེ་ཤིང་བཞིན་གནས་པར་བྱ།། གཞན་དོན་ཡལ་བར་འདོར་བ་དང་།། རང་དོན་གཉེར་བར་འདོད་པ་དང་།། སྨྲ་བར་འདོད་པའི་སེམས་བྱུང་ན།། དེ་ཚེ་ཤིང་བཞིན་གནས་པར་བྱ།། མི་བཟོད་ལེ་ལོ་འཇིགས་པ་དང་།། དེ་བཞིན་སྤྱི་བརྟོལ་མུ་ཅོར་དང་།། རང་གི་ཕྱོགས་ཞེན་སེམས་བྱུང་ན།། དེ་ཚེ་ཤིང་བཞིན་གནས་པར་བྱ།།

རྒྱལ་རབས་གསལ་བའི་མེ་ལོང་གི་མཇུག་རྩོམ་ལས།

​ཆོས་རྒྱལ་རྣམས་ཀྱི་རྣམ་ཐར་མདོར་བསྡུས་འདི།།
​ལྷ་བཙུན་རིན་ཆེན་དཔལ་གྱིས་བསྐུལ་བའི་ངོར།།
​རྡོ་རྗེ་འ​ཛིན་པ་བསོད་ནམས་རྒྱལ་མཚན་གྱིས།།
​འགལ་འཁྲུལ་སྤངས་ཏེ་ལེགས་པར་བསྒྲིགས་པ་ཡིན།།


ངས་རྒྱལ་རབས་འདི་ཀློག་པ་ཐོག་མ་ཡིན་སྟབས་ངེས་ཆ་ཆེར་མ་སོང་མོད། སྤྱིར་ལོ་རྒྱུས་ཀྱི་འཇིངས་སུ་ཉལ་བའི་གནས་ལུགས་ཁར་ཁེར་རེ་ངའི་ཡིད་དུ་ཉལ་ཡོད་ལ་ཡིན་མིན་གྱི་དོགས་པ་རེ་ཡང་བློ་ངོར་བཟུང་ཡོད་ཕྱིར་ཕན་པའི་རྒྱུ་ཡང་མང་དུ་རྙེད། འོན་ཀྱང་དེབ་འདིར་ལོ་རྒྱུས་ཀྱི་གཙོ་བོ་གཅིག་ཆད་འདུག་པ་ནི་ལོ་ཚིགས་གོང་འོག་བསྒྲིག་འོང་ཚེ་འགལ་འགྲོ་བ་དེ་རེད། དེབ་དཀར་མཁན་པོས་བརྗོད་པའི་སྐྱོན་ཡང་དོན་དངོས་ཡིན་འདུག་སྙམ། ད་དུང་མགར་སྟོང་བཙན་གྱིས་ཡི་གེ་མི་ཤེས་པར་བཤད་བཤད་རྗེས་རྒྱལ་བོའི་བཀའ་ཆེམས་མགར་གྱིས་ཡི་གེར་བཀོད་ཚུལ་བཤད་པ་ལྟ་བུའི་ཞིབ་ཆ་མ་ཐོན་པའམ་བདེན་ལ་འཇུ་དཀའ་བ་མང་དུ་མཆིས། གཙོ་བོ་ཆོས་ཀྱི་ཆེ་བ་འདོན་ཕྱིར་དེབ་འདི་བརྩམས་པ་འདྲ་སྟེ། མགོ་མཇུག་བར་གསུམ་དུ་ལྷ་སྒྲུང་གིས་ཁྱབ་ཅིང་ཆོས་རྒྱལ་གྱི་ཆེ་བ་མང་དུ་བཤད། སྲིད་རྒྱལ་གྱི་ཆེ་བ་ནི་བསྡུས་བཤད་ཅི་ཐུབ་བྱས་ཡོད་པས་སོ།། སྤྲུལ་བ་གྱེས་ནས་མཐའ་བཞི་དབང་དུ་བསྡུས་རབས་མ་གཏོགས་མི་ཕལ་བས་གོ་མཚོན་སྤྱད་དེ་རྒྱལ་ཁབ་བསྐྲུན་རབས་མི་འདུག གཞན་ཡང་ཐོན་མིས་ཡི་གེ་གསར་དོད་བྱས་པ་ལྟ་བུ་རྒྱལ་རབས་སམ་མི་རིགས་ཀྱི་ལོ་རྒྱུས་ནང་མི་བཤད་ཐབས་མེད་ཀྱི་སྐོར་ལུས་འདུག་པ་ཡང་ཁེད་མཚར། ལེགས་པའི་ཆ་ཡང་མེད་པ་ག་ལ་ཡིན་དེས་ན་བློ་གསལ་ལོ་རྒྱུས་ལ་དགའ་བ་དག་གིས་ཤེས་རབ་ཀྱི་རལ་གྲི་རྣོན་པོ་སྤྱད་དེ་དྲང་བདེན་གྱི་གཏམ་སྨྲ་རྒྱུ་ཧ་ཅང་གལ་ཆེ་བ་ལགས།




༢༠༢༤/༡/༡༡ཉིན། བཀླགས་གྲུབ་མ་ཐག་ཞུགས་ཆེན་གྱིས་སྦྱར།


发布     👍 0 举报 写留言 🖊   
✋热门推荐
  • #张远[超话]##张远出道十七周年快乐# 17周年了耶,虽然我没有陪伴你走过17年,但你的声音却是实实在在地陪伴我走过了17年哦~[抱一抱] 希望我的大男
  • 愚以为宫中之事,事无大小,悉以咨之,然后施行,必能裨补阙漏,有所广益。先帝在时,每与臣论此事,未尝不叹息痛恨于桓、灵也。
  • 无论如何啊你们就出不去,还有一种可能就是惧怕我们出去,或者是害怕我们发现真相,就比如我们是一个动物,它只需要让地球是圆的,那我们永远就不可能出去了。也就是说宇宙
  • #焕顺[超话]# 姜文焕养了一只小仓鼠 “啊啊啊我撤回我撤回,姜文焕你按住他啊!” 姬发立刻跑到阳台用窗帘作掩护,只露出一个脑袋战战兢兢地看着姜文焕一边抱着
  • ”  《雲笈七箋之日月星辰部》简述了北斗九星的各自职责:如“阳明星,天之太尉,司政主非,上总九天上真,中监五岳飞仙,下领后学真之人,天地神灵,功过轻重,莫不隶焉
  • 【#多地鼓励医生兼职赚钱#,一线医生:兼职卖烤肠、卖红薯属于少数,多点执业还是有的】#多地鼓励医务人员兼职获取报酬# 护士摆摊卖烤肠、医生烤红薯······近期
  • 结果就像是18年的晴天霹雳重演一样,我爸3月19号去湖北省人民医院检查确诊了他的肝癌已经转移到耻骨了。#爱情公寓5# #锦衣之下# #陈情令# #陈情令# #电
  • ”他也揭晓了小米汽车的广告词:人车合一 我心澎湃。他表示,这句话的意思是小米SU7将做到人与车的相互融合,打造成一台50万以内最好看、好开、智能的轿车。
  • [好喜欢] [微风] 今天恰鸡输了好多把,我将这些事情私信分享给你,但是你一个字都没有讲,我在想你是不是在忙?我头痛欲裂,终于在我给你发了几十条消息之后
  • 最后补一补day1,最近在忙没看微博,还是想说一说入坑的原因,看《与凤行》被新哥的演技折服,又get到了新哥硬帅能打的颜值,深入考古之后又被新哥的人品迷倒,很温
  • 男主角是一个34岁的自由撰稿人,但整本书里他就没工作过多长时间,还能飞到这里那里地,喝酒喝咖啡,飞夏威夷度假两周,平时游泳,带女伴去吃好吃的,开斯巴鲁——这生活
  • 透过故事轴的规划动线,引领游客参观整个古老的酿酒流程。透过故事轴的规划动线,引领游客参观整个古老的酿酒流程。
  • 震荡5日后连续3日杀跌,向2012年1月6日~2013年6月28日的历史低位区域加速赶底,并杀到了2012年的周线底部平台一线,历史低位空方宣泄,市场静待落底。
  • 对于许多过去从未购买过特定品牌产品的人来说,官网和公众号都属于特意去搜索才能获取信息的渠道,而土味营销则能依靠反差感,更快地吸引到潜在消费者LOEWE最近几个季
  • “这种玩法已经持续很多年了,只是市场好的时候玩家更多,只要没有人刻意砸盘,一直有人接盘,基本没什么风险,这个玩法就可以循环下去。比如,瑞丰达这样的公司,他的一个
  • (来自华新报道)广告全新电混林肯冒险家美式豪华SUV,至高10000元购置税减半补贴本人认为这报道很有见地,全面客观地解述了山西华新燃气集团此次巡查的重点,此次
  • 01 龙园旅游区福利来袭:1、女士门票优惠打折2、龙园为可爱的妈妈们准备了康乃馨,以花之名,致谢母亲(数量有限,送完为止)。时间:2024.5.11~2024.
  • 在进行亲子鉴定时,保密性和隐私保护是非常重要的,而三甲医院可能无法提供足够的保障。3、医院的人口流动性很大,如何确保委托人的个人隐私得到保护也是一个需要认真考虑
  • 稍一疏忽不去便出新问题,因此除了这次的11万治疗费外,从三年级至高三间修补牙齿亦消耗不少我的牙医称见过二十多年来差的牙齿便是我的...我想分享两个深刻的经历:一
  • #摩登兄弟[超话]# ☕️[太阳]²⁰²⁴/ʚɞ⋅◡̈°| ᑋᵉᑊᑊᵒ❤︎̤̮‪♡ ᵕ̈ᴹᴼᴿᴺᴵᴺᴳᵕ̈ [给你小心心]美好幸福的一天从爱你开启[送花花][