རང་ཆས་རང་ལ་མོད་ཀྱང་རྟོགས་ཐབས་མེད།།
རྟོག་འགྱུའི་རི་མོ་ཆུ་ཡི་གཟུགས་རིས་འདྲ།།
མཐོང་དུ་སྲིད་ཀྱང་ཡུལ་གྱི་སྣང་བརྙན་ཙམ།།
མཁས་པར་རློམ་ཡང་འཁོར་བའི་བྱིས་པ་ཞིག།

མདོ་སྔགས་བསྟན་འཛིན[月亮]

ཉིན་གཉིས་ཀྱི་མེ་འཁོར་ནང་ཡུལ་སྐོར་བ་གཉིས་ཐུག།
དམའ་འབྲིང་ནས་བཟུང་སློབ་མཚམས་བཞག་པའི་ཁོ་ཚོ་ནི་འཚོ་བའི་ཁུར་ཆེན་གྱིས་མནར་བས་ལོ་བཅུ་དྲག་གྱི་སྤོབས་པ་ཆེར་བསྐྱེད་མི་མཐོང་ལ་དེ་བས་མང་བ་ནི་ནར་སོན་དང་བརྟན་བརླིང། དེ་ཡིན་ཀྱང་བོད་ཀྱི་ཡུལ་སྐོར་ལ་རེ་སྒུག་ཚད་མེད་བྱེད་བཞིན་ཡུལ་སྐོར་འདིའི་ཕྱེད་དུ་ཟླ་བ་ཁ་ཤས་དངུལ་གསག་ནས་གྲ་སྒྲིག་བྱེད་པ་ཡིན་ཟེར།
ང་ཚོས་མེ་ལིས་ཧོའོ་ཡིས་སྐྱོ་གདུང་གི་མཇུག་སྒྲིལ་བའི་ཚེ་སྲོག་གླིང་ཞིང། ཡང་དེ་ལྟར་དོན་དངོས་ཀྱི་ཡིད་སྐྱོ་བའི་གནས་བབ་མང་དག་ལ་དབུགས་རིང་འབྱིན།
ལམ་བར་དུ་སྟབས་ལེགས་པ་ཞིག་ཉི་འོད་གསེར་རིར་འཕྲོས་པའི་མཛེས་ལྗོངས་མཐོང་བྱུང། ངས་མཛེས་ལྗོངས་དེ་ངོ་སྤྲོད་བྱེད་བཞིན་དུ་ཁྱོད་ཚོ་བྱ་བ་ལམ་འགྲོ་ཡོང་ངེས་རེད་བཅས་ལབ་འདོད་ཀྱང་ཁ་ནས་མ་འདོན།
རེད་ལགས། འཚོ་བར་གཏན་ཆགས་མེད་ཀྱང་རྒྱང་རིང་ལ་བསྐྱོད་པའི་སྤོབས་སེམས་ང་ཚོར་ཡང་ཡོད་པར་སྨོན།

ནགས་ཚམ་མདུན་གྱི་སྡོང་རྒན།

ཕྱི་རོལ་ནས་ལྡང་ཡོང་བའི་བསེར་བུས
ངའི་རྣམ་ཤེས་སྐར་ཁུང་གི་ཕྱི་རོལ་ཏུ་བཀུག
ཕྱི་རོལ་ན་ཅི་འདྲའི་འཁྱག་ཨང
ངས་མཐོང་ཡོང་བ་ནི་ཐག་མི་རིང་བའི་ནགས་ཚལ་རེད
དེ་ལས་ཀྱང་གསལ་ཡོང་བ་ནི་ནགས་ཚལ་མདུན་གྱི་སྡོང་རྒན་དེ་རེད
སྡོང་རྒན་དེ་རྒས་དྲགས་པས་དམར་ཧྲེང་ཧྲེང་དུ་འདུག
ཡིན་ཡང་ཁོ་ནི་དབུ་ཁྲིད་ཅིག་དང་ཅི་འདྲའི་མཚུངས

ཅུང་ཙམ་ནས་བྱིས་པ་གཅེར་བུ་འགའ་ཐོན་བྱུང
ཐག་རིང་ནས་བལྟས་ན་སྡོང་རྒན་དེས་འཛུམ་གྱིས་བསུ་བ་དང་འདྲ
བྱིས་པ་གཅེར་བུ་ཚོས་རང་རང་ལ་འཚམ་པའི་ཡལ་ག་རེ་བཙལ་ནས
ཉིན་གང་བོར་རྩེད་མོ་སྣ་ཚོགས་ཚོགས་ལ་འཇུག་པར་བརྩམ
ངས་བྱིས་པ་འདི་དག་གཅེར་བུར་ཕུད་མཁན་དེ་སུ་ཞིག་ཡིན་ཨང་སྙམ

རླུང་འཚུབ་དང་ཐལ་རྡུལ་ཁྲོད་དུ་བྱིས་པ་ཚོ་རྩེད་མོ་སྣ་ཚོགས་ལ་རོལ
ལ་ལའི་སྣབས་ཁ་ནང་བར་དྲིད་ཅིང ལ་ལའི་མིག་ཀོང་མཆི་མ་དང་ས་རྡུལ་གྱི་བཀང
ཤ་ཚ་ཞིག་ཤོར་ཡང་ཁོ་ཚོ་ད་དུང་དགའ་དགའ་སྤྲོ་སྤྲོ་ངང་སྡོད
སྡོང་རྒན་དེའི་ཡལ་ག་རེ་ཟུང་གངས་རུས་ལྟར་དཀར་ཞིང
དེ་ནི་བྱིས་པ་པྲ་ཚགས་འདི་ཚོས་ལོ་ལོ་བཞིན་བཞོན་པ་རྟ་དང་གཡག
གནམ་གྲི་དང་འཕྲུལ་རྟ་སོགས་སུ་བྱས་རྐྱེན་གྱིས་ལོས་ཡིན་མོད
སྡོང་རྒན་འདིའི་མཐོ་སའི་ཡལ་དག་བྱིས་པ་ཚོར་ལན་པ་མེད

སྡོང་རྒན་དེའི་རྒྱབ་རོལ་ན་ནགས་ཚལ་ཡོད
ནགས་ཚལ་ནི་དགུན་ཁའང་སྔོ་ལྡེམ་ལྡེམ་དུ་འདུག
ཁ་བ་འབབ་ཐེངས་རེར་རྣམ་པ་གཞན་ཞིག་གིས་ཡིད་སེམས་འཕྲོག་སྲིད་མོད
དེ་རིང་ཁ་བ་སྡོགས་གཅིག་ཀྱང་མི་འབབ་པའི་གྲང་ཤུར་ཤུར་གྱི་ཉིན་མོ་ཞིག་རེད
ངེད་ཚང་གི་ལྕགས་ཐབ་དམར་པོ་མེ་ཟླུམ་འདྲ་ཞིག་ཡོད་མོད
ཕྱི་རོལ་གྱི་གྲང་ངར་འགོག་མི་ཐུབ་པས་ངས་ཕྱི་རོལ་ལ་ཡང་ཡང་བལྟས

2023-12---སྨྲ་གྲོལ།


发布     👍 0 举报 写留言 🖊   
✋热门推荐
  • 今天和朋友说:有人可以求教、有人愿意教自己是一件非常幸福的事情…知也无涯,求道有先后,人的能力有长短,无穷的世界有无尽的知识前景。在有一方自己的立足之点后,每一
  • 案例数最多的推荐哪个医生? [疑问]北京隐形矫正中关村、常营地附近有哪家医院比较好? 有以下困惑的也可以【私信】找博主@整牙就问小仙女 兔费解答哦,还可以在评
  • 当然了,感情方面,既然今天适合独处,那在感情上也给自己和对方更多独处的空间吧。双鱼座♓今日提醒:精神层面有提升去做:让自己安静别做:把时间浪费在交际上  今天对
  • ”太难受了看到最后真相大白发现自己好像冤枉狗子了[泪]狗子多好啊多温柔啊那么善良的,“不要报仇,要报恩”。就是我好累啊嘻嘻最后祝我滴破产姐妹儿生日快乐哟~二哈看
  • ”社保基金会有关部门负责人介绍,未来在对实业投资的布局方面,社保基金会将始终胸怀“国之大者”主动融入和服务国家发展战略;探索开展可持续投资实践;逐步提升实业投资
  • 《诸病源候论.瘰疬瘘候》则综合了前人的经验,指出:“此由风邪毒气,客于肌肉,随虚处而停结为瘰疬”《备急千金要方》在禀承以《内经》为代表的前人论瘰疬的基础上,又极
  • 8.有句话说的好,不打没有准备的仗,做事之前要修炼自己,有能力才会有魄力,有魄力才会有勇气,有这样的胆色才能把能力发挥到极致,那么你就成功了!9.懒惰是很奇怪的
  • 下图可以看到,第一波一波的炒作高度更高,在跌到起始位置时,有一个什么样的逻辑让我们相信,第2波上涨。下图可以看到,第一波一波的炒作高度更高,在跌到起始位置时,有
  • 好像也没什么打算,最多提醒自己从这一秒开始,不再浪费时间烦恼,工作已经很多了。”还有,不要错过现在在我们身边存在的像尘埃一样的瞬间。
  • 这些年他所给我们带来的角色都是成功的,每一个都塑造得极其完美。镇魂已经过去四年了,偶然间提起那夏日盛况带给我的感动依旧不减,和两位演员一样,我们都会奔赴更多更美
  • 强拆事件发生后,我方多次找政府理论,要求政府给老百姓一个合理的答复,但当地政府推三阻四,对老百姓敷衍了事,导致问题至今没有得到解决。强拆事件发生后,我方多次找政
  • 」是时大地六种震动,当时之中国,见五色光,贯太微宫,周昭王询问群臣,太史苏由答曰:「西方有圣人生,却后千年,教法来此。成道太子于菩提树下摄心端坐,勇猛精进,终于
  • 是因为韩国粉丝可以随心所欲看afreeca 但外国粉丝们(比如日本、中国、美国等)不方便啊chat:把这些用英语和外国粉丝解释一下Ans:……我要是有这本事 早
  • 处理问题到现在,曾经做过七八年的管理,从基础岗位一点点摸索做起来,也没谁真真切切的手把手带过,那时候是真用心,工作加班,一路上跌跌撞撞,后来做的心累,回头想想那
  • @摩登兄弟刘宇宁 摩登兄弟 mdxd 刘宇宁lyn 宁哥 刘宇宁开始推理吧|刘宇宁刘下来刘宇宁说英雄谁是英雄|刘宇宁白愁飞刘宇宁做自己的光|刘宇宁蒋俊豪刘宇宁一
  • 我公司以市场为导向,以技术为核心,密切与各大高校和科研机构合作,决心将岳阳晨冉医药科技有限公司建设成为一个现代化高科技型的医药原料药及中间体生产企业。 我们热忱
  • #华西甲状腺外科朱精强团队#草莓园丁mini3开箱b站视频整理【纠纷运气围观贴】BV1zp4y1S7Xc(围观绝美毛毯背景)BV1UD4y1m715(同样用9粉
  • 那么就再为了自己,稍微再任性一点;不仅仅是为了大家,也算是为了我自己,再继续竞技生涯也好呢。太感动啦,我的同事们都好好,我到现在也放宽心了,其实不算严重,就是在
  • 学校日常P1跑步真的真的好解压噢P2舍友弟弟弄的雪梨膏 蛮好喝的 第一次喝P3遇到博士在拉小提琴P4点了陨石拿铁 居然拿错吸管哩P5舍友买的石榴 红红的 但不是
  • 所以,不管薛 高 李 之间发生过什么我只知道 写出来的词不会骗人听歌时掉下的眼泪不会骗人能写出这样词的人我只心疼他经历了这么多我只记得听着一半入睡的夜晚在夜里循