༼བན་ཆུང་ཟིན་བྲིས་ཚིག་བདུན་མ།༽
ཕོད་མི་ཀུན་བཟང་གིས།
གཞན་སྐྱོན་མཐོང་མཁན་མང་ན་ཡང་། །
རང་སྐྱོན་མཐོང་མཁན་ཤིན་ཏུ་དཀོན། །
ཁ་ལ་བཤད་མཁན་མང་ན་ཡང་། །
ལག་ལེན་བྱེད་མཁན་ཤིན་ཏུ་དཀོན། །
དྲང་བདེན་བཤད་མཁན་མང་ན་ཡང་། །
དྲང་བདེན་བྱེད་མཁན་ཤིན་ཏུ་དཀོན། །
གྲགས་ལྡན་བླ་མ་མང་ན་ཡང་། །
མཚན་ལྡན་བླ་མ་ཤིན་ཏུ་དཀོན། །
མཁས་པ་ཟེར་མཁན་མང་ན་ཡང་། །
གནས་ལུགས་ཤེས་མཁན་ཤིན་ཏུ་དཀོན། །
ཚུལ་འཆོས་བྱེད་མཁན་མང་ན་ཡང་། །
དོན་ལ་གནས་མཁན་ཤིན་ཏུ་དཀོན། །
ཕྱི་ལ་ཡོད་མདོག་མང་ན་ཡང་། །
ནང་ལ་ཕལ་ཆེར་སྟོང་པའོ། ། https://t.cn/zRqEwP8

པིར་གྱིས་མ་བྲིས་རི་ལུང་ཁ་བས་སྐོར།།
ཚོན་གྱིས་མ་བསྐུས་མེ་ཏོག་ཐང་ལ་བཀྲ །
རིན་གྱིས་མ་ཉོས་ཁོར་ཡུག་དྭངས་ཞིང་གཙང་།།
ཆེད་དུ་མ་བྱས་འཛིན་མར་བྱི་དོར་བྱས།།

འཕགས་པ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

རྒྱ་གར་སྐད་དུ། བཻདཱུཪྱ་ཛ་ཡ་མ་ཏི་མ་མ་ན་ཏྲ། བོད་སྐད་དུ། འཕགས་པ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །

འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དག་དང་ཐབས་ཅིག་ཏུ་བཞུགས་སོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ལ་བཀའ་སྩལ་པ། རྒྱལ་བའི་བློ་གྲོས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བསོད་ནམས་འདོད་པས། དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །ཤེས་རབ་འདོད་པས་ཐོས་པ་ལ་བརྩོན་པར་བྱའོ། །མཐོ་རིས་འདོད་པས་ཚུལ་ཁྲིམས་བསྲུང་བར་བྱའོ། །ལོངས་སྤྱོད་འདོད་པས་གཏོང་བ་སྦེལ་བར་བྱའོ། །གཟུགས་བཟང་བ་འདོད་པས་བཟོད་པ་བསྒོམ་པར་བྱའོ། །སྤོབས་པ་འདོད་པས་བླ་མ་ལ་གུས་པར་བྱའོ། །གཟུངས་འདོད་པས་མངོན་པའི་ང་རྒྱལ་མེད་པར་བྱའོ། །ཡེ་ཤེས་འདོད་པས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གནས་པར་བྱའོ། །

ཐར་པ་འདོད་པས་སྡིག་པ་ཐམས་ཅད་སྤང་བར་བྱའོ། །སེམས་ཅན་ཐམས་ཅད་བདེ་བར་བྱ་བར་འདོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །སྐད་སྙན་པ་འདོད་པས་བདེན་པར་སྨྲ་བར་བྱའོ། །ཡོན་ཏན་འདོད་པས་རབ་ཏུ་དབེན་པ་ལ་དགའ་བར་བྱའོ། །ཆོས་འདོད་པས་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའོ། །ཞི་གནས་འདོད་པས་འདུ་འཛི་མེད་པ་མང་དུ་བྱའོ། །ལྷག་མཐོང་འདོད་པས་ཆོས་སྟོང་པར་སོ་སོར་བརྟག་པ་མང་དུ་བྱའོ། །ཚངས་པའི་འཇིག་རྟེན་འདོད་པས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བསྒོམ་པར་བྱའོ། །ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་འདོད་པས་དགེ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །ཡོངས་སུ་མྱ་ངན་འདའ་བར་འདོད་པས་སྟོང་པའི་ཆོས་ལ་མངོན་པར་དགའ་བར་བྱའོ། །ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ། །

བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བའི་བློ་གྲོས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །
འཕགས་པ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།


发布     👍 0 举报 写留言 🖊   
✋热门推荐
  • 。#GagarinWorldTour# ¹⁹⁶¹⁻⁰⁷⁻²⁶ #HalfofMyHeartisinHavana# Yuri Gagarin, Fidel Cas
  • 就来找小编,每天都会带来新鲜好看的娱乐八卦哦~十一月二十五日,冯巩升级为动态,配词“感谢每一个曾经帮助过我的人”曝光了石富宽老师的现状,引起了无数网友的关注。网
  • 这名字~7、许仙扮演者叶童,其老公经常留恋花丛,但叶童说,只要他是有心瞒你,说明还是在乎你的,虽然多次出轨,叶童都原谅了,不知道修了几辈子福气,娶到了叶童8、倪
  • 填充90%白鸭绒+10%羽毛 羽绒服填充的标配成份,保暖性自然得到保障 里衬的细节颇为用心 由外围是网衬包裹中间的定织经典老花 领标下方则是双方的联名标识,妥
  • 出生日支为辛金的人,见出生时支为申金者,即是天官入命。出生日支为辛金的人,见出生时支为申金者,即是天官入命。
  • 返图来自里小伙伴们~------------------搜索标签:七宝/迪士尼/达菲/雪莉玫/星黛露/杰拉托尼/可琦安/奥乐米拉/玲娜贝儿#豆子精立体拼豆图纸[
  • #盐城悠米特派对定制# 疯帽子和三月兔正在筹备着精美的茶话会 公主抚摸着心爱的猫咪 藤蔓缠绕着漫天繁星 童话故事照进现实 鲜花与成长仪式接踵而至 在这座奇幻
  • 今天早上起床发现居然有太阳啦然后又是下雨又有太阳的太阳雨 tongyuan没和我们一起 然后她还不认路了 然后她排到了最后搬到我们这桌来听课 话说这课有点水的[
  • )⚠️【注意事项】1. 请务必按题目顺序作答 如指定楼层评论内容遗漏 未正确完成4道题 均不作数 获奖名额顺延至下一楼正确评论者2. 如出现系统吞楼现象 获奖名
  • 相思意细雨霏霏,恰似相思意滴滴答答悄悄又轻轻地途径心魂春风迈着轻盈的步伐轻拂梅花的娇妍每一次目光交汇漾起春天的白日梦梅香如故醉染心扉雨声越来越大相思渐入佳境几度
  • 拥有它,你将不再孤单;拥有它,你将不再寂寞拥有它,走上人生巅峰不是梦;拥有它,你将拥有最贴心的小伙伴当你还处在例假的时候,男朋友将不再是你唯一的依靠当你还在为没
  • 多想这样陷入冬日遐思的美好中,被冬的暖阳青睐,感悟人生。一份磨砺就有一份收获,生命在磨砺中坚强,内心在坎坷中丰盈。
  • 《楞严经卷第六·四种决定清净明诲》原文 开经偈 无上甚深唯妙法, 百千万劫难遭遇, 我今见闻得受持, 愿解如来真实意。 《楞严经卷第六·四种决定清净明
  • [吃惊][噢耶]#吴亦凡[超话]# 有一个新同事真的特别讨人厌 没礼貌冒冒失失做事不讲究的女生 然后昨天聊天突然说娱乐圈年轻男明星觉得谁谁和吴亦凡最帅 尤其是
  • 看完了公司的成长性情况,接下来,来看公司的收益性如何,从公司财报中的盈利能力指标中,我们可以看到,公司2016年至今的收益性波动还是比较大的,净资产收益率,衡量
  • -------- ໂໃ 纸尿裤专场------- 如果你忘了我还卖纸尿裤 那我告诉你 我现在都有哪些牌子,各种价位的都有: 爸爸的选择 米菲 百诺恩 凯儿得
  • 女主堪称人生赢家!那叫一个宠溺啊!
  • 原来,她的爸爸为了“激励”女儿,在平时的生活中,做任何事都要故意输给女儿,久而久之,女儿觉得爸爸就应该输,爸爸输才是“对”的,无法接受爸爸的“赢”。当孩子成绩
  • 记忆里是爷爷做的láng và 真的很好吃 当早餐配肉松真的好绝小学的时候我写作文好垃圾 爷爷一个字一个字一个标点符号一个标点符号的教我写每次都默默听我讲话 然
  • #焕新年货节# #超级购物节清单# #星推官计划# #好物推选官##达人种草超级购物节清单# [笑cry]我的休闲日常,看遍各个国外大学、大厂食堂打饭,[喵喵]