འཛམ་གླིང་ཡངས་བའི་རྒྱལ་ཁམས་བྱེ་བྲག་ཡུལ།།
མདོ་ཁམས་སྒང་དྲུག་སྨད་་དུ་འཇང་བོད་མཚམས།།
གངས་ཅན་དག་པའི་ཡུལ་གྲུ་ཁ་བ་གནས།།
གནས་ཆེན་ཁ་བ་དཀར་པོ་ལ་ཕྱག་འཚལ་ལོ།། https://t.cn/z8AS0A3

རྒྱལ་ཡོངས་སུ་སྙན་གྲགས་དང་ལྡན་པའི་གནས་ཆེན་རི་བོ་རྩེ་ལྔ།
ནང་པ་སངས་རྒྱས་པའི་ཆོས་ལུགས་པ་རྣམས་ཀྱིས་རྗེ་བཙུན་འཇམ་དཔལ་དབྱངས་དངོས་སུ་བཞུགས་པ་དང་། དགེ་ལུགས་པ་རྣམས་ཀྱིས་རྗེ་ཙོང་ཁ་པ་སྐུ་མྱ་ངན་ལས་འདས་རྗེས་སྤྲུལ་པ་གཅིག་གནས་འདིར་དངོས་སུ་བཞུགས་པ་བཅས་སུ་ཁས་ལེན། རི་འདི་ལ་རྩེ་ལྔ་ཟེར་བའི་རྒྱུ་མཚན་ནི་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་ཉིས་སྟོང་བརྒྱད་བརྒྱ་དགུ་བཅུ་གོ་དྲུག་གིས་མཐོ་ཞིང་། རིའི་རྩ་བ་གཅིག་ལ་རྩེ་མོ་ལྔར་གྱེས་པའི་དབུས་རི་སེང་གེ་འགྱིང་འདྲ། ཤར་རི་གླང་ཆེན་འགྱིང་འདྲ། ལྷོ་རི་རྟ་མཆོག་ཉལ་འདྲ། ནུབ་རི་རྨ་བྱ་གར་བྱེད་པ་འདྲ་བ། བྱང་རི་ཤང་ཤང་བསྣོལ་འདྲ། དེ་དག་གི་བར་གསེང་དུ་བྲག་ཕུག་དང་། ལྷ་ཁང་། དགོན་པ། མཆོད་རྟེན་སོགས་སྔ་རབས་ཀྱི་རྗེས་ཤུལ་མང་པོ་ཡོད། རི་དེའི་རྒྱུད་དུ་གནའ་དུས་དགོན་སྡེ༣༦༠ལྷག་ཡོད་པ་དང་། དུས་འགྱུར་རྗེས་སུ་རྒྱ་བརྒྱུད་ནང་བསྟན་དགོན་པ༩༧དང་བོད་བརྒྱུད་ནང་བསྟན་དགོན་པ༢༣ཡོད་པ་བཤད། ནུབ་ཕྱོགས་ཀུན་འདུས་གླིང་དང་ལྕང་སྐྱའི་སྒར་བ་སོགས་བོད་སོག་བཙུན་པ་བཞུགས་པའི་དགོན་པ་ལྔ་དྲུག་ཙམ་ཡོད། ལོ་རྒྱུས་ཡིག་ཆའི་ནང་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་རྗེ་ཙོང་ཁ་པའི་སྐུ་ཚབ་ཏུ་གོང་མའི་ཕོ་བྲང་ལ་ཕེབས་སྐབས་དྭངས་བསིལ་རི་བོར་དགོན་པ་དྲུག་བཏབ་ནས་གནས་འདིར་དགེ་ལུགས་ཀྱི་བསྟན་པ་ཐོག་མར་སྤེལ་གནང་མཛད་སྐོར་གསལ་ཡོད་པ་དང་། གཞན་ཡང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོས་གནས་འདིར་ཕེབས་ནས་ཡུན་རིང་སྒྲུབ་པ་མཛད་པའི་སྒྲུབ་ཁང་སོགས་ཀྱང་ད་ལྟ་མཇལ་རྒྱུ་ཡོད་དོ།།

ཁ་བྱང་མེད་པའི་དེ།

ཉི་མ་ལག་པས་བཀབ་ཀྱང་ད་དུང་འཕྲོས་བ།།
གཙང་བོ་རལ་གྲིས་བཅད་ཀྱང་སླར་ཡང་བཞུར་བ།།
ཁྱོད་དང་ལས་བོ་བྲལ་ཀྱང་སེམས་པ་སྦྲེལ་བ།།
ལས་ཀྱི་ཤིང་རྟ་བ་འདི་ལོངས་པ་རེད་བཞག།

ནམ་ཞིག་ལས་ཀྱི་བསྐོས་པའི་རི་མོ་དོད་དེ།།
ལུས་སེམས་འབྲེལ་ཐག་ཆོད་པའི་འཆི་བར་ཕྱོགས་ན།།
བདག་རང་ཨམ་གཙིགས་བསྡམས་ནས་ཁྱོད་ལ་གྱེས་ཏེ།
འོ་དོད་མིད་པའི་འགག་ནས་བཙན་གྱིས་མིད་ནུས།།

འོན་ཏེ་མ་འཁོན་མ་འགྲས་བརྩེ་བའི་ངོགས་ནས།།
མ་ཤི་གསོན་པོར་བྲལ་བའི་སྡུག་འདི་བསམས་ན།།
ལོ་མང་འདས་པའི་རྗེས་ཀྱི་ཉིན་ཞག་གང་དེར།།
བདག་གི་རྨི་ལམ་ངོགས་སུ་ཡལ་བར་སྲིད་དམ།།

ཁྱེད་དང་གྱེས་ནས་བགྲང་བའི་ཉིན་དང་ཞག་ནི།།
བདག་གི་མཛུབ་རྩེར་ལྷུང་བའི་རྣོ་ངར་རལ་གྲི།
དྲན་པའི་སྙིང་ཆུང་གཏུབ་པའི་མཚོན་ཆ་རྣོན་པོ།།
བརྩེ་བའི་ཐག་པ་གཅོད་པའི་གཤེད་མ་བཙན་པོ།།

དངུལ་འཇིགས།


发布     👍 0 举报 写留言 🖊   
✋热门推荐
  • 朱特回忆道当时阿莫斯看着他说道,「我很抱歉」而他回应,「没关系,伙伴,让我们完成比赛吧」于是他们在击掌后拉起彼此,朱特伸手搭着阿莫斯的肩,一同走向终点,花了超过
  • 前两天宣传时,他号召大家走进电影院,甚至声称“看完《明日战记》我就是古天乐的老婆”这对于古天乐来说是第一次,他一直对自己的私生活保密。我一定会拍出好的港片,我一
  • 重点围绕3条产业链做大做强张亚飞坦言:“未来,兰州新区化工园区将重点围绕有机硅、含氟新材料、聚氨酯等3条产业链做大做强新材料产业,围绕医药、农药、试剂助剂3个方
  • ”门口偷听的郑鑫看她出来,立刻想赔笑,连声说,“那丫头不过是伺候我罢了,哪里值得你放在心上……”“我不是生气这个。”胡三娘用那种天真的语调气哼哼地说,“反正我发
  • 我们将继续鼓励有实力、信誉好的中国各类企业,按照市场原则和国际惯例,开展对欧投资合作,在发展企业自身的同时,为东道国创造更多就业,带来更多税收,实现互利共赢。同
  • 0点【39.9】优形 沙拉低脂鸡胸肉60g*9袋 说实话味道和口感就是比杂牌的好吃,除了在宿舍不能冷藏之外,其他没啥毛病,减肥的伙伴这家放心冲 ​​​​
  • 如果你爱‮拿喝‬铁,不喜欢‮苦太‬,可以咖啡➕奶萃!如果你爱喝美式,‮时平‬管不住嘴,可以咖啡➕蛋白棒!
  • 这需要修行者使自己的思想发生彻底的改变,并不是随便想想,念诵几段仪轨就能生起的,也不是仅仅通过做一些善事就能拥有的。如果不具备出离心,反而以自我为中心的,时时在
  • 甘南的345国道,我觉得甚至比318更好,人烟稀少,动物成群,天然的野外景观,一动一静都充满惊喜。秋天最适合去广阔的天地来一场酣畅淋漓的自驾,或是去清爽宜人的城
  • [圣诞帽][紫金草][微风]我的好姐妹要开始备孕了啦,说也想要一个像陆陆一样健康的宝宝,特意找本陆妈讨点经验,答曰:不就五好吗?J今天是912预防出生缺陷日了,
  • ◆收 听:◆配 音◆薄雅/报幕:AKI@AKI_0206叶乔一:苏流西@_苏世独立_横而不流林之姚:季子樱@季子樱施顾顾:张小豆@张小豆_冠声姚恩:雷音@雷音雷
  • 慢慢的才知道:坚持未必是胜利,放弃未必是认输,与其华丽撞墙,不如优雅转身。慢慢的才知道:坚持未必是胜利,放弃未必是认输,与其华丽撞墙,不如优雅转身。
  • #百花奖#人生好像一场花开,有的人愿意醉在百花深处,有的人则愿意隐归而去,闲逸自在,过着一种净简朴素的生活。岁月之河就是如此经久不息的流淌着,我们都在灵魂的美丑
  • #2019暖阳融合教育乡村夏令营# 陕西队两位大佬级别的人物出场啦第十一和第十二位选手 暖心队长哥莎主任 霸气工作人员英英姐 全队灵魂人物 现在也是两名社会人
  • 表达的也是这个意思:凡是能被表达的道理,都不是永恒的道理,都有不成立的时候。意思是:一切能被表述出来的方法,都不是永恒的方法,就像露水和闪电一样,随时都会破灭。
  • 15、我的朋友大概都是遗失凡间的稀世珍宝吧,她们总是用她们的柔软与善良提醒我,在这世上,必须要爱一些人。11、你是比清风明月更难得的人间至善12、没有血缘关系的
  • 三丶手指底部第一指节最长如上图3,你是个喜欢自由自在的人,你非常向往无拘无束的私人生活,因此个性比较强势独立,结婚后你需要极大的空间与自主权。下面我们来看看该如
  • ”我说:“在球场上炫酷的后遗症,你就慢慢熬吧,等趾甲自己脱落,小子。”我瞄了一眼说:“小子这是前两天篮球场上留下的痕迹吧?
  • 现社会发生的事情正不断的冲击着三观,所以勿忘初心这四个字就显得弥足珍贵,每天的工作也好,身边的爱人朋友也罢,千万不要忘了当初自己的决定,时常怀着感恩的态度对待生
  • 我推荐 丁真 #丁真# [心] 太好听了!我推荐 丁真 #丁真# [心] 太好听了!