གར་འཆམ་ཟེར་བ་དེ་ལྟད་མོ་བལྟ་རྒྱུ་རྐྱང་པ་མ་ཡིན་པར། ཧ་ཅང་གི་བྱིན་རླབས་ཆེན་པོ་རེད། གར་འཆམ་ལ་བརྟེན་ནས་བར་ཆད་ཟློག་ཐུབ་པ་དང་། དངོས་གྲུབ་སྒྲུབ་ཐུབ་པའི་སྔགས་ཀྱི་ཉམས་ལེན་གྱི་གྲལ་ཞིག་རེད།  ཡིན་ནའང་གནའ་བོའི་གར་འཆམ་བལྟ་རྒྱུ་དེ། དེང་སང་འཛམ་བུ་གླིང་ལ་རིམ་པ་བཞིན་དུ་ཉམས་ནས་ལྟ་མཁན་ཇེ་ཉུང་ལ་འགྲོ་ཡི་ཡོད་རེད། འཆམ་མཇལ་སར་འགྲོ་རྒྱུ་དེས་ཀྱང་ཆོས་སྒྲུབ་པའི་གོ་ཆོད་ཀྱི་ཡོད་རེད། དེས་ན་ད་དུང་ཡང་དགོན་པའི་ནང་སྔར་ཡོད་ཀྱི་གར་འཆམ་རྣམས་མ་ཉམས་པར་རྒྱུན་བསྐྱང་རྒྱུ་དེ་གལ་ཆེན་པོ་ཡིན།______རྫོང་སར་མཁྱེན་བརྩེ་ནས།
《金刚舞》并不只是一种可供欣赏的表演,实际上它有着非常大的加持力,通过金刚舞,可以回遮障碍,可以证得成就,它是密法的一种实践内容。尽管如此,对传统金刚舞的观赏,现在已经逐渐衰亡了,观看金刚舞的人越来越少了。 金刚舞,而且我刚刚也了解到,能够前来观赏金刚舞,实际上也就等于是修法了!所以说,将传统上就已经存留于寺庙的各种金刚舞不令衰亡地保护并传承下去,是非常重要的。 ~~~宗萨仁波切[合十]

༡ སློབ་ཆེན་འདི་ནི་གདོད་ནས་མཁས་གྲུབ་དུ་མ་ལྷན་དུ་ཚོགས་པའི་རང་བྱུང་ཞིག་མིན་པར་། དང་ཐོག་སྒེར་བཙུགས་སློབ་གྲྭ་ཆུང་ཆུང་ཞིག་ཡིན་ཡང་ད་ལྟ་འཛམ་བུ་གླིང་འདིར་སྙན་པའི་གྲགས་པ་རབ་ཏུ་འབར་བའི་ཤེས་རིག་གི་མཛོད་ཁང་ཞིག་ཏུ་གྱུར།

༢ སློབ་གླིང་འདི་འཛམ་གླིང་རྩེར་སོན་གྱི་སློབ་གྲྭ་ཞིག་ཏུ་གྱུར་བ་ཡང་ཨ་རིའི་རྒྱལ་ཁབ་འདི་དཔལ་འབྱོར་ཆེ་སོང་བས་མ་ཡིན་པར་ཁོར་ཡུག་དེའི་ནང་དུ་ཡོད་པའི་སློབ་མ་དག་གིས་ཉིན་མཚན་ལྟོས་མེད་དང་ཐ་ན་ཟ་ཁང་དང་ཇ་ཁང་སོགས་དཔེ་ཁང་རུ་བསྒྱུར་ཏེ་སྤྱོད་ལམ་ཀུན་སློབ་སྦྱོང་དང་ཁ་བྲལ་མ་མྱོང་པས་ཡིན།

༣ སློང་གླིང་འདིའི་སློབ་མ་དག་ནི་དང་པོ་ནས་སྐྱེས་སྟོབས་ཀྱི་ཤེས་རབ་ཕུན་ཚོགས་མངའ་བ་དག་དག་མ་ཡིན་པར། བརྩོན་པ་ཆུ་བོ་བཞིན་དུ་བསྐྱེད་དེ་ཤེས་རབ་གསར་དུ་བསྐྲུན་པ་དག་དག་ཡིན།

༤ ཁོ་ཚོའི་མ་ཡུམ་གླིང་དེ་ཡོད་ཚད་ཀྱི་སྔོན་ཐོན་ཞིག་ཏུ་བསྐྲུན་ཐུབ་པ་དེ་ཡང་ཁོ་ཚོར་གཞན་ལ་མེད་པའི་རང་ཉིད་ལ་ཡིད་ལྟོན་གྱི་བསམ་བློ་ཁྱད་པར་བ་ཞིག་ཡོད་པས་ཡིན།

༥ དེ་འདྲའི་ཡོན་ཏན་ཀུན་ཀྱང་རྒྱུ་མེད་རྐྱེན་མེད་ཀྱིས་བྱུང་བ་མ་ཡིན་པར་སློབ་གླིང་དེའི་སློབ་སྟོན་རྣམ་པར་རག་ལས་ཡོད་པ་ཡིན་པ་དང་། དེ་ཡང་གླིང་གཙོ་དང་དགེ་རྒན་རྣམ་པས་ཁྱད་འཕགས་ཀྱི་ཤེས་རབ་ཁོ་ནས་བསྐྲུན་པ་མ་ཡིན་པར་སློབ་སྦྱོངས་ལ་སུན་དུ་མེད་པའི་སློབ་གསོ་ཁྱད་པར་བ་ཞིག་དང་ཕྱོགས་ཡོངས་ནས་སློབ་སྦྱོངས་ལ་ཧ་ཀྱང་བསྐུལ་མ་ཆེ་སོང་བས་ཡིན།

རྒྱུ་མཚན་དེའི་ཕྱིར་སློབ་གླིང་གང་འདྲ་ཞིག་ཡིན་རུང་སྔོན་ཐོན་དང་སྙན་པའི་གྲགས་པ་ཡོངས་སུ་འབར་བའི་ཤེས་རིག་གི་མཛོད་ཁང་ཞིག་དང་འགྲོ་བའི་བདེ་སྐྱིད་ཀྱི་འབྱུང་ཁུངས་སུ་བསྒྱུར་བར་འདོད་ཚེ། ཕྱི་ཡི་དཔལ་འབྱོར་ཟས་གོས་དང་བཞུགས་ཤག་ཚོགས་ཁང་སོགས་རྒྱས་མིན་ལ་རག་མ་ལས་པར་ཁོར་ཡུག་དེའི་ནང་གི་སློབ་མ་ཚོར་སློབ་སྦྱོངས་ལ་བརྩོན་འགྲུས་དང་རང་ཉིད་ལ་ཡིད་ལྟོན་སྤྱི་དོན་ལ་ལྷག་བསམ་མི་ཚེའི་མདུན་ལམ་བརྟན་པོ། ཐུན་མོང་ལ་སློབ་སྦྱོངས་ཀྱི་གོམས་གཤིས་བཟང་པོ་ཡོང་ཐུབ་པར་ལ་རག་ལས་ཡོད་པ་གཙུག་ལག་སློབ་ཆེན་འདིའི་འདས་མ་ད་གསུམ་གྱི་བྱུང་བ་བསྟེན་ནས་དཔོག་ནུས།

འདི་ལྟར་བཤད་ཚེ་འགའ་རེས་ང་ཚོའི་སློབ་གླིང་དང་ཁོར་ཡུག་ནི་རྒྱ་ཆུང་ཞིང་གོ་རྟོགས་མེད་པ་ཞིག་སྙམ་དུ་ཆུག་མོད། དང་པོ་ནས་ཕུན་སུམ་ཚོགས་པ་ཞིག་སུ་ལ་ཡང་མེད་དོ།

དཔེ་ཐུན་གྱི་བར་གསེང་དུ་འཇིགས་མེད་བསྟན་འཛིན་ནས་བསམ་ཚུལ་ཙམ་ཞིག་སྨྲས་པའོ།

སྤྱོད་འཇུག་བག་ཡོད་ཀྱི་ལེའུ་ལས།

འདི་འདྲའི་དལ་བ་རྙེད་གྱུར་ནས། །

བདག་གིས་དགེ་གོམས་མ་བྱས་ན། །

འདི་ལས་བསླུས་པ་གཞན་མེད་དེ། །

འདི་ལས་རྨོངས་པའང་གཞན་མེད་དོ།།
ཞེས་གསུངས་པ་ལྟར་ཅི་ནུས་ཅི་ལྕོགས་ཀྱིས་རྒྱུན་ལྡན་དགེ་བའི་ལས་ལ་འཇུག་པ་དྲན་པར་བྱའོ།།


发布     👍 0 举报 写留言 🖊   
✋热门推荐
  • ”天空一声巨响,本饱闪亮登场关号只是不想让一些人一直进出我vb而爽到,索性关了一了百了,但现在已经调理好了(*ˉ︶ˉ*)bb们如果在咔之前愿意翻翻我的微博,就知
  • 其实没什么好后悔的There's nothing to regret很多事情就算时间能重来一遍Even if we could start all over a
  • #任嘉伦[超话]#❤️‍#任嘉伦宣夜# ❤️‍#任嘉伦无忧渡# ❤️‍#任嘉伦流水迢迢# ❤️‍#美度品牌代言人任嘉伦# ❤️‍#任嘉伦时装男士二月封面# ❤️
  • 女主第一次空降比前一天热度下降我还以为是什么大事让远丝这么兴奋,结果一看,还是7700+……同样是工作日,壁了nili褶远空降[笑cry]而和男主隔了两天才第二
  • JUNIOR II 环球旅行系列——亚得里亚海Wreck Dive主要是指围绕人为制造的废墟进行的潜水活动,大多数潜点都为沉船,也有飞机钻井平台挖砂机等等。(f
  • #辰菲[超话]##辰菲# 【240128】X更新辰菲相关 [SKZ记] 很高兴能够参加有意义的 Gala des Pièces Jaunes ✨ 感谢您来看
  • 用#思念星空#vx小程序,为他创建一个星星吧,只要你还记得,Ta的爱就一直在。用#思念星空#vx小程序,为他创建一个星星吧,只要你还记得,Ta的爱就一直在。
  • #Bennetts chocolate shop# I’m not a big fan of chocolate, but here is a must go
  • 英语漫画平台Tapas使用教程①-下载&注册篇墨水君发现好多宝在用tapas看漫画时遇到了问题,今天开个新坑来介绍tapas的使用方法,希望能帮大家更快
  • #straykids[超话]##straykids8forever# 【221129 官方】 官方ins更新 스테이이이이이이 상 너무너무 감사하고 행
  • john jeff新出的去屑控油洗发水,据我经验,是既壬二酸乳/油橄榄精华液后的第三个长销又畅销的产品。5:二硫化硒这个成分会造成头发掉色和干燥,我想到的办法就
  • 春运首日,在南航从广州飞往大连的CZ6245航班上,有两个特别的身影,她们就是南航的马来西亚籍空姐CHIANG MEI KUEN和WONG PEI YEE。但是
  • 这样的操作也是存在风险的,一般有经验的高级玩家才会选择这么做,为了避免固件刷新失败,操作前最好先备份原有的BIOS,最好选择支持双BIOS功能的显卡。据外媒报道
  • 鉄舟は、「勝海舟」(かつかいしゅう)が徳川家処分の交渉のため、官軍側の「西郷隆盛」(さいごうたかもり)への使者として派遣され、見事にこの大役を務めたことで知られ
  • #听歌# 新迷幻之佩斯利地下运动 P1是Plasticland的《Salon》,整张沿袭乐队向来的风格,作品颇有60s迷幻摇滚运动时期音乐的质感,并且部分曲
  • #考研[超话]# #考研英语长难句解析# Harford argues that inevitable distractions often render th
  • 拿你的家谱来,”他又转向乡下人,大声道,“我一定会发见你的上代都是愚人……”“我就从来没有过家谱……”“呸,使我的研究不能精密,就是你们这些东西可恶!“不过您要
  • ” 勺子递在钟琳月唇边,她张口咽了下去,看着吴妈:“对不起,吴妈,让你担心了。” 勺子递在钟琳月唇边,她张口咽了下去,看着吴妈:“对不起,吴妈,让你担心了。
  • 据悉,这起诉讼是由两个孩子的奶奶科琳·卡德提起的,她的儿子基思·格林 与李薇同居多年,一同居住在旧金山南部希尔斯伯勒一栋价值750万美元的豪宅中,并生育了两个女
  • 读心后豪门夫人又爆料了》季绯秦衔《炽爱》短剧 《宣布单身后,前夫哥夜夜堵门》林斯理周豫/周豫林斯理 《穿成破产大佬妻》秦不俍师绯叶《爱的时差》短剧 《甜宠