དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག།
ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ།།
ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ།།
རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ།།

དེ་རིང་ཞོགས་པ་ཆུ་ཚོད་ལྔ་བ་ནས་མལ་ལས་ལངས་ཤིང་རི་བོ་དགེ་ལུགས་པའི་གྲུབ་མཐའི་སྲོལ་འབྱེད་པ་པོ་སྟེ། སྐུ་ཚེ་གང་བོར་འཆད་རྩོད་རྩོམ་པ་རྒྱ་ཆེར་གནང་ནས་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བར་མཛད་པའི་འཇམ་མགོན་བླ་མ་ཙོང་ཁ་བས་ཕྱག་བཏབ་ལ་སྔོན་བྱོན་རྒྱལ་བ་སྲས་བཅས་ཀྱིས་ལན་དུ་མར་ལུང་བསྟན་ཅིང་འཕགས་པ་མོོད་འགལ་བུས་ཞབས་བཅག་སྟེ་ཆོས་དུང་དཀར་པོ་གཏེར་དུ་སྦས་པ་སོགས་དགེ་མཚན་ཁྱད་པར་ཅན་དུ་བརྗོད་པའི་གནས་སུ་མངའ་བའི་དགའ་ལྡན་དགོན་པ་དང་། འཇམ་དབྱངས་ཆོས་རྗེས་བདག་ཉིད་ཆེན་པོས་ལུང་བསྟན་པ་ནང་བཞིན་རྒྱབ་རི་དགེ་འཕེལ་དང་མདུན་རི་སྐྱིད་ཆུ་སྔོན་མོ་དར་ལྟར་བྲིས་པའི་གནས་སུ་ཕྱག་བཏབ་ལ། རྒྱལ་དབང་ལྔ་བའི་སྐབས་བོད་ས་གནས་སྲིད་གཞུང་གི་ཆབ་སྲིད་ལུགས་གཉིས་ཟུང་འབྲེལ་གྱི་སྒོ་ནས་བོད་ལྗོངས་ཡོངས་ལ་ཁ་ལོ་སྒྱུར་བའི་ལམ་ལུགས་དེ་དགོན་པ་འདིའི་དགའ་ལྡན་ཕོ་བྲང་དུ་ཐོག་མར་འཛུགས་སའི་འབྲས་སྤུངས་དགོན་པ། དེ་འབྲེལ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཞེས་མཁྱེན་པ་དང་བརྩེ་བའི་བདག་ཉིད་ཅན་དེ་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚབ་ཏུ་རྒྱ་ནག་ཏཱ་མིང་གི་ཡུང་ལོས་རྒྱལ་པོའི་ཏི་ཤྲིར་ཕེབས་ནས་འགྲོ་དོན་རྒྱ་ཆེན་མཛད་མཁན་ཁོང་ནས་ཕྱག་བཏབ་པའི་སེ་ར་ཐེག་ཆེན་གླིང་བཅས་ལ་མཆོད་མཇལ་འགྲོ་བའི་སྐལ་བ་བཟང་བོ་བྱུང་བས་ཡིད་སེམས་དགའ་མགུ་བྱུང་སོང་ངོ། བཀྲ་ཤིས་པར་གྱུར་ཅིག་གུ https://t.cn/Rp7W8xr

གནའ་སྔ་མོར། ས་ཆ་ཞིག་ན་རང་དབང་ཟེར་བའི་བྱིས་པ་ཞིག་ཡོད།
ཁོའི་ཕ་མ་གཉིས་སྔ་མོ་ནས་ཁ་ཁ་གྱེས་སོང་བས།
དུས་རྒྱུན་སྙོར་སྐྱོང་བྱེད་མཁན་ཨ་མ་ལས་མེད།
རང་དབང་ནི་བྱིས་པ་ཡ་རབས་ཤིག་ཡིན་ན་ཡང་སྡེ་མིའི་ལྟ་སྟངས་དེ་འདྲ་བཟང་རྒྱུ་མེད་པས།
ཉིན་ཞིག་རང་དབང་གིས་ཁྱིམ་མཚེ་ཚང་ལ་གནོད་འཚེ་བྱས་སོང་ཟེར་ནས།
སྡེ་མི་ཚོགས་འདུ་བསྡུས་ནས་རང་དབང་འདི་བྱིས་པ་མ་རབས་ཐ་ཤལ་ཞིག་ཡིན་པས་ཡུན་རིང་སྡེ་བ་རུ་བསྡད་ན་སྡེ་བ་འདི་ལ་ཞི་འཇམ་མེད་པ་སོགས་མང་པོ་ལབ།
སྡེ་མི་རྒན་པ་ཞིག་ཡར་ལ་འགྲེང་སྟེ་བྱིས་པ་འདི་སྡེ་བའི་ནང་ནས་ཕུད་དང་ན་འགྲིག་འདུག་ཟེར་ནས་གཤེ་གཤེ་བཏང་།
སྡེ་མི་ཚོ་རྒན་པ་དེའི་ཁ་ལ་བརྒྱུགས་ནས་རང་དབང་སྡེ་འདི་ནས་ཡུལ་གཞན་ཞིག་ལ་རྒྱང་འཕུད་གཏོང་དགོས་རབས་ལབ་གླེང་བྱས་ནས་མང་པོར་གྲོས་འཆམས་བྱུང་།
ཡིན་ཡང་བྱིས་པ་ཞིག་ཡར་ལངས་ཏེ་དེ་ནི་དྲང་བདེན་དང་འོས་པ་ཞིག་མིན་པར་ལབ།
རང་དབང་ནི་ངའི་རྩེད་གྲོགས་བཟང་ཤོས་ཡིན་པར་མ་ཟད་བྱིས་པ་ཡ་རབས་ཤིག་ཡིན་པ་ངས་ཤེས་ཞེས་ལབ།
ཡང་སྡེ་མི་ཞིག་ལངས་ཏེ།
བྱིས་པའི་ཁ་ལ་ཉན་རྒྱུ་མེད། དེ་སྔོན་ལྟར་ཐག་གཅོད་རྒྱུ་ཡིན་ཟེར་བས་བྱིས་པ་དེ་ཡང་ཅི་བྱ་གཏོལ་མེད་དུ་གྱུར།
ཚོགས་འདུ་གྲོལ་འགོ་བརྩམ་ལ་ཉེ་བའི་སྐབས་སུ།
སྡེ་མི་ལ་ལས་ངོ་གཉེར་ནས་སྣབས་ཁ་སྤྱོད་ངན་ཁྱོད་མེད་སོང་ན་སྐྱིད་འདུག་ཟེར་ནས་སྡིགས་སྡིགས་བྱས།
ཡང་གློ་བུར་དུ་རང་དབང་གི་གྲོགས་པོ་དེས།
སྡེ་མི་རྣམ་པ་དྲང་མོ་ཞིག་ཡོད་པ་ནི་རང་དབང་འགྲོ་མི་འགྲོ་འདེམས་ཤོག་འཕེན་རྒྱུ་དེ་ཡིན་ཟེར།
སྡེ་མི་ལ་ལས་དགོས་དོན་མེད། ཁྱོད་ཀྱིས་ཅང་མི་ཤེས་སྣབས་ལུག

ངོ་ངོ་ཅན།
ཟེར་ནས་མང་མང་སྨོད། ཁོས་མ་བཟོད་པར་ངུས་ནས་བསྡད།
གསར་བུ་ཞིག་གིས་ཚང་མས་འདེམས་ཤོག་འཕེན་རྒྱུ་ཡིན།གཙོ་བོ་མང་ཉུང་ལས་འདེམས་རྒྱུ་ཡིན།

རང་དབང་གི་གྲོགས་པོ་དགའ་ནས་མིག་ཆུ་ཕྱི་ཞོར་དུ་འདེམས་ཤོག་འཕེན་རྒྱུ་འགོ་བརྩམས་པ་རེད།
འོན་ཀྱང་།
རང་དབང་ལ་འདེམས་ཤོག་འཕེན་མི་རང་དབང་གི་གྲོགས་ལས་མེད་པས་རང་དབང་ལམ་དེར་མི་ཞུགས་ག་མེད་བྱུང་སོང་།


发布     👍 0 举报 写留言 🖊   
✋热门推荐
  • 属羊的宝宝哪个点出生比较好? 羊人生于午时、卯时、丑时最好。 羊人生于午时(11:00—12:59): 午火生持未土,一身喜气,玉堂常宣,如花家园,乐意无边,
  • 调整私信接收规则方面,在接收未关注人发送的私信时,微博仅显示 1 条私信提醒,用户在确认接收后,可查看该条私信内容并进行正常文字对话。调整私信接收规则方面,在接
  • 就像上周关于风筝的问答那段,重点或许不是顺遂着他的心意像对待小朋友一般对待他偶尔迸发的天真,而是换一个人他就绝不会是此种答案,怎么回答、是顺着答还是逆着答都不重
  • 五彩的“梦”在词中反复展现,一句“梦里惯得无拘检,又踏杨花上谢桥”居然让以“存天理、灭人欲”著称的宋明理学大家程颐也忍不住有点“面红耳赤”笑着说“鬼语也”。在柳
  • 这可能也是他现在说他没有接收到我的信号的原因。#今日迷惑# #情侣日常#为国美哥哥发最后一条微博吧复盘了这六年,得出的结论是,放在现在未必,但对于高中时期的我被
  • 所以杨振宁才会怀疑宇宙的出现并不是偶然,和爱因斯坦一样怀疑世间有造物主的存在,在背后安排好了宇宙的一切。有人怀疑人类的存在只是宇宙中的一个偶然,但是如果这个偶然
  • 继续严格落实人、物、环境同防,持续推进“潜伏者”排查行动,对来自疫情中高风险和关注地区未报备人员,不仅要找得到、找得快、找得全,还要追根溯源、封堵漏洞。进一步加
  • 针对恶意、不实的言论本人已联系微博官方客服进行投诉处理并保持跟进,最后提醒一次:请【访客】(包括但不限于路人号、舆情监控者…等)自觉做到不传谣、不信谣。微博提醒
  • 关火以后,我们可以夹出几个先过过瘾,其余的我们可以继续在锅内浸泡,这样可以让粽叶的香味进一步渗入到粽子中,等锅内的水晾凉后,我们再吃的时候,粽子的口感会更加软糯
  • 而且因为没感觉出喜欢女主的契机和理由,爱情线我不太玩得下去,就还挺难排序的。这部确实有糖,初看也觉得还挺甜,但一回味就有一种,为恋爱而恋爱,为车而车的,工业糖精
  • 待医院建成投用后,将有效完善区域民生配套,增加优质卫生资源供给,优化城市整体医疗资源分配,改善居民的就医环境,持续提升区域医疗服务能力,为经开区的市民群众谋福利
  • 就是因为多年未修剪,我作为业主委员会的成员看到了过后,就认为它存在安全隐患,除了安全隐患以外,还有些业主就说,阳光被挡了。小区业主 尹先生:我们都不晓得,我回来
  • ) 通过五官的以下四点,可以很好地帮助我们来判断自己的脾胃状态:1、从口唇看脾胃 “口唇者,脾之官也”。 3、从眼睛看脾胃 脾生气血、肝藏血,而肝又开窍于
  • 一切好的方法都是为了孩子[哇]选择激励代替打骂,让快乐充满小主人的童年小松鼠会永远陪伴小主人一起快乐成长[打call]4月30日#国际不打小孩日#,加入QQ星[
  • 民航建工以房立企,以建兴业,自成立之初作为主要施工力量参建高达110.4米的新中国第一座最高楼——上海中苏友好大厦伊始,始终冲刺在工业与民用建筑施工的最前线,不
  • 制定并落实施工和运营环境风险防范和应急措施,特别是跨越白坭河炭步段饮用水水源二级保护区施工路段,应建立与饮用水水源保护的联动机制,并采取有效的风险防范措施。经过
  • #infp小羊的日常# [酸]#崽滴日记本# 本infp的日常|ω・)在熟人面前:xxxxxxxxx xxxxxxxxxxxx xxxxxxxxxxxxxxx
  • 有目共睹哦姐妹,你别发毒誓,不是谁发誓谁有理哦,你说你不知道是什么还不如大方承认自己就是买了娃,删动态倒是删挺快,不知道心虚了还是什么刚刚看到以太之光广场有人说
  • 本期MatrixTalk,机器人就趁着世界读书日与他... (来自 @少数派sspai) 全文: 性別研究小科普時間:男凝的專有名詞叫male gaze男性凝
  • 成长型思维:肯定孩子的时候说他的过程,“你昨天练得特别地勤奋,所以今天谈的就好了很多,这就是过程”能够鼓励他去了解坚持探索,不放弃这样的过程性目标的时候,这个孩