༈ བཅོ་ལྔ་གཟུགས་ཅན་སྙིང་པོས་དགེ་ལེགས་བསྐྲུན། །
མ་ལུས་ལྷ་ཡི་བདུད་རྩིས་ཚིམ་མཛད་ནས། །
ཕྱག་སོར་ལས་ཐོན་གསེར་སྦྱངས་འོད་ཟེར་གྱིས། །
མནར་མེད་བདེ་འགྲོར་མཛད་ལ་ཕྱག་འཚལ་ལོ། །   
ཚེས་བཅོ་ལྔ་ལ་རྒྱལ་པོ་གཟུགས་ཅན་སྙིང་པོས་བསྙེན་བཀུར་ནས་དགེ་ལེགས་བསྐྲུན་པའི་ཚེ། གདུགས་ཚོད་ཀྱི་དུས་ལ་བབ་པ་ན། སྣོད་བཤམས་པས་ཐམས་ཅད་ཟས་རོ་བརྒྱ་དང་ལྡན་པ་ལྷའི་བདུད་རྩི་ལྟ་བུས་རང་བྱུང་དུ་གང་། ཆོ་འཕྲུལ་བལྟ་བའི་འཁོར་མ་ལུས་པས་རོལ་པས་ལུས་སེམས་བདེ་བ་ཁྱད་པར་ཅན་གྱིས་ཚིམ་པར་མཛད། བཅོམ་ལྡན་འདས་ཀྱིས་ཕྱག་ས་ལ་རེག་པས་མནར་མེད་ལ་ཐུག་གི་བར་གྱི་དམྱལ་ཁམས་ཀྱི་སེམས་ཅན་ཚད་མེད་པ་རྣམས་ཀྱིས་སངས་རྒྱས་ཀྱི་སྐུ་མཐོང་ཞིང་། ཕྱག་སོར་ལས་གསེར་སྦྱངས་ཀྱི་འོད་ཟེར་ཐོན་པ་དེ་རྣམས་ཀྱི་ལུས་ལ་རེག་པ་ཙམ་གྱིས་སྡུག་བསྔལ་ཞི་ཞིང་། ཆོས་བསྟན་པ་ཐོས་པས་བདེ་འགྲོ་ལྷ་མིའི་ལུས་སུ་སྐྱེ་བར་མཛད་པ་ལ་ཕྱག་འཚལ་ལོ། །ཞེས་པའོ། དེ་ལྟ་བུའི་ངོ་མཚར་ཅན་གྱི་ཆོ་འཕྲུལ་ཆེན་པོ་བགྲངས་ཡས་པའི་སྒོ་ནས། ལྟ་ངན་གྱི་མུ་ལ་སྤྱོད་པ་ངན་པའི་སྟེགས་འཆའ་བའི་སྟོན་པ་དྲུག་དང་བཅས་པའི་ནག་པོའི་ཕྱོགས་ཀུན་བཅོམ། འདི་དག་གི་སྐབས་སུ་ཉི་མ་རེ་རེ་ལའང་གྲངས་མེད་པའི་སྐྱེ་རྒུའི་ཚོགས་མཐོ་རིས་ལྷ་མིའི་གོ་འཕང་དང་། རྣམ་པར་གྲོལ་བ་རྫོགས་པའི་སངས་རྒྱས་ཀྱི་ལམ་དུ་ངེས་པར་བཀོད་ནས་འབྲས་བུ་ཐོབ་པར་མཛད་པ་ལ་དད་པས་ཕྱག་འཚལ་ལོ། །ཞེས་པའོ། །   དེ་ཕྱིན་ཆད་དཔྱིད་ཟླ་ར་བའི་ཡར་ངོའི་ཚེས་བཅོ་ལྔ་པོ་འདི་ཀུན་དུས་ཆེན་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་པའང་ཡིན་ནོ། དེ་ལྟར་སྟོན་པ་བསྐལ་བཟང་རྣམ་འདྲེན་བཞི་པ་ཉི་མའི་གཉེན་དེ་ཉིད་ཀྱིས་འཛམ་བུའི་གླིང་འདིར་མཆོག་གི་སྤྲུལ་སྐུའི་སྣང་བརྙན་བཟུང་སྟེ་གདུལ་བྱའི་ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དེ་དང་དེར་གང་ལ་གང་འདུལ་གྱི་མཛད་པའི་ཡོན་ཏན་ལྷུན་པོའི་སྤོ་ལྟར་མངོན་པར་མཐོ་བ་མཐའ་ཀླས་པ་ཞིག་བསྟན་པར་མཛད་པ་ལས་གྲོང་ཁྱེར་མཉན་ཡོད་དུ་མུ་སྟེགས་ཀྱི་སྟོན་པ་དྲུག་འཁོར་དགུ་ཁྲི་དང་བཅས་པ་ཆོ་འཕྲུལ་ཆེན་པོས་བཏུལ་བའི་མཛད་པའི་ཆ་ཤས་རྡུལ་ཕྲན་ཙམ་ཞིག་བརྗོད་པའི་དགེ་བ་དེ། འགྲོ་ཀུན་དོན་དུ་ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་རྒྱུ་རུ་བསྔོའོ། ། ཞེས་པའོ། །

རིང་འཚོའི་སྨོན་ཚིག་འཆི་མེད་བདུད་རྩིའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།།

ཚེ་དཔག་མེད་མགོན་རྟ་མགྲིན་དབང་གི་རྒྱལ། །
མཚོ་སྐྱེས་རྡོ་རྗེ་ཐང་སྟོང་རྒྱལ་པོ་སོགས། །
ཚེ་ལ་དབང་བའི་རིག་འཛིན་ལྷ་ཚོགས་ཀྱིས། །
མི་ཤིགས་བསྐལ་བར་བསྲིང་བའི་དངོས་གྲུབ་སྩོལ། །

ཐུབ་དབང་བསྟན་པའི་སྒྲོན་མེ་འོད་པོ་ཆེ། །
གཞན་ཕན་ཐུགས་བསྐྱེད་མཁའ་ལ་རྟག་རྒྱུ་ཞིང་། །
བགྲང་ཡས་བསྐལ་བཟང་གདུལ་བྱ་པདྨ་ཡི། །
བློ་གྲོས་འདབ་བརྒྱ་དགྲོལ་མཛད་བརྟན་པར་སྨོན། །

སྐྱབས་གནས་ཀུན་འདུས་བླ་མ་རིན་ཆེན་དང་། །
ཡི་དམ་བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་ལ། །
རྩེ་གཅིག་གཡེལ་མེད་གསོལ་བ་བཏབ་པའི་མཐུས། །
སྐུ་ཚེ་ཡུན་དུ་འཚོ་བའི་དགེ་ལེགས་སྩོལ། །

——ས་སྐྱ་ཁྲི་ཆེན་སྒྲོལ་མ་ཕོ་བྲང་པ་ངག་དབང་ཀུན་དགས་སྦྱར་བ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག

https://t.cn/A6WQpJbA
འཆི་བ་མི་རྟག་པ་འདི་བསྒོམ་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་དགེ་སྦྱོར་ལ་བསྐུལ་བའི་རྐྱེན་བྱེད། ཐ་མ་ཆོས་མཉམ་པ་ཉིད་དུ་རྟོགས་པའི་གྲོགས་བྱེད། པུ་ཏོ་བས།

倘若修行死亡无常,首先可以作为进入佛法之因,中间可作为勤修善法之缘,最后作为证悟诸法等性之助伴。—博朵瓦格西


发布     👍 0 举报 写留言 🖊   
✋热门推荐
  • Places easy of access attract many sightseers; those difficult of access, few. H
  • #2PM[超话]# [心]#2pm出道十四周年快乐# 220902【IG】Jun. K更新IGstory 和空空一一起的大邱旅行‍⚖️‍♀️ 有能力可以去y
  • 没什么话题了,想要的多,距离问题。之前的剧情里我觉得以烟花这种脑子,肯定已经觉得世界线有问题。
  • 在循规蹈矩的生活中,你是否还有一颗激情澎湃的心,渴望旅行,渴望用车轮丈量国土,去看看远方的风景。而他,因为不经意的一句话踏上骑行之路,从东北到东南,再从南京到香
  • ”……猫猫怪抿着嘴闭眼很害怕,但是过了一会儿睁开眼发现自己还在外头,便笑话道士,“小道长,你到底行不行啊?”龚道长被摸得痒痒,按住在胸前的猫猫怪,“本来想卖了你
  • 属虎女:属虎女是一个个性很要强的属相,一般来说,属虎女人在结婚之后一般都比较强势、霸道,会把老公管的服服帖帖,这其实只是因为她们想要让自己之后的生活能够更顺一些
  • 年内“无障碍渡板”将逐步覆盖上海地铁全网】申通地铁集团介绍,为进一步提升无障碍出行品质,方便使用轮椅、推行婴儿车的乘客上下列车,日前,在市交通主管部门的指导下,
  • 所以,这样的健太在我不知道的5年里经历了怎样的事情,在不变的情况下收获了怎样的成果,我不禁期待着找出这些问题的答案。但是,如果以日本人的感觉来理解,就会发现“是
  • 每天清晨我会早早地起来,太阳还没出来,此时深秋的南方也有一丝丝的凉意,但我刚合适。我依然陪你天和地,你挑。
  •   我希望,有一天,我能躺在你怀里,我看你,你看着蓝天;  我希望,有一天,我牵着你的手,走街串巷,在繁华喧闹静谧中感受人间烟火;  我希望,有一天,你能回归平
  • フロート(移動式ステージ)に乗って歌う演出は、以前ファンの皆さまの近くに行くことができなかったので、その思いもあり、僕自身が提案させていただきました。表情とか、
  • #齐司礼[超话]##齐司礼的朝朝暮暮# 真的真的好喜欢齐司礼啊,伤心的时候全靠齐司礼支撑着,甚至有的时候没了狐狐就想一了百了的那种(我不是魔怔了,只是不太喜欢三
  • 5.最近睡觉前,都要把他的小伙伴还有他知道的人说一遍[哈哈][哈哈][哈哈]爱情里不会妥协,不合就分手的4个星座1、射手座射手座性格太执拗了,倔强得不行,他们一
  • 答:我觉得我算是他们所有系列和广告的真正专家,从我十几岁开始就是这样。我在 1999 年参加了我的第一次香奈儿秀,当时我遇到的一些人现在还在工作,这真的让我觉得
  • 视频h//小红书及其他平台:由于原分类任务群活跃度低,任务发现较慢,后续将尽快建立综合微博大,希望建立前大家多关注全平台各类账号的发布的相关信息。热转:建立热转
  • 【著名心理学专家Jordan Peterson教授:“伪勤奋”的4个表现】1.花大量时间做事情中最容易的环节,还到处炫耀:没有功劳也有苦劳。要赚钱也要有点艺术好
  • 整理山居折腾了很长时间才有了现在的这个样子,总算把带来的东西让它们都有了安身之处。当决定卖掉城里的房子搬到小山村时,也担心过自己能不能适应这种心理落差,但事实是
  • MetaWeb表示,该基金在过去几个月以隐形模式运作,已经投资了30多家初创项目,其中包括去中心化交易协议Orderly Network。【报告财经 |风投公
  • 在第一天的比赛之后,胖球Boombl4分享了自己的感受:“这是非常酷的一天。在休息两个月后重返赛场,我在游戏和组织队伍的过程中收获了许多快乐。
  • 根据北京交通发展研究院的数据,早上7点整,城区路网已进入中度拥堵等级;7点30分的交通指数已经破7,环比至少高出0.5个点;短短15分钟之后,7点45分,交通指