༄༅།།མེ་ཏོག་ཇི་ལྟར་མཛེས་ཀྱང་མཐའ་མར་རྙིད།།
འདས་པའི་དུས་ཚོད་ཕྱིར་ལ་འཐེན་ཐབས་མེད།།
གཅེས་སུ་འོས་རྣམས་ད་ནས་གཅེས་པར་རིགས།།
བསྒྲུབ་འོས་དོན་རྣམས་མྱུར་དུ་སྒྲུབ་ན་ལེགས།།

༄༅།། ​ནང་ཆེན་རྫོང་རིག་གནས་ཡུལ་སྐོར་ལས་ཁུངས་དང་འབྲོང་ཤོག་ཤང་མཉམ་འབྲེལ་གཙོ་སྒྲུབ་བྱས་ནས་སྐབས་གཉིས་པའི་མཐོ་སྒང་གི་སྲོལ་རྒྱུན་རིག་གནས་རྙུ་སྒ་འཁྱག་སྒར་ལས་འགུལ་དང་འབྲོང་ཤོག་ཤང་འབྲོག་པའི་རིག་གནས་བྱ་འགུལ་ལེགས་གྲུབ་བྱུང་སོང་།
囊谦县文旅局和着晓乡联合举办的第二届高原传统“牛嘎”冰雪运动节暨着晓乡游牧文化活动圆满成功!

༄༅།། ཨ་རིག་པཎ་ཆེན་བླ་མའི་རིང་བསྲེལ་མྱོང་གྲོལ་རིལ་བུའི་རྣམ་བཤད།
ལྔ་རིག་ཤེས་བྱའི་ཆོས་ཀུན་མ་འདྲེས་གཟིགས།།
ཚུལ་མིན་ཉེས་སྤྱོད་ཕྲ་མོའི་སྐྱོན་ལས་གྲོལ།།
རྒྱལ་བསྟན་གཞིར་བཞེངས་བསླངས་བའི་མཛད་བཟང་ལྡན།།
འབྲེལ་ཚད་དོན་ལྡན་བླ་མའི་ཕྱག་གིས་སྐྱོངས།།
སྐབས་འདིར་གང་གླེང་བར་བྱ་བ་ནི།རིགས་དང་དཀྱིལ་འཁོར་ཀུན་ཀྱི་ཁྱབ་བདག སྙིགས་དུས་རྒྱལ་བསྟན་གསལ་བའི་སྣང་བྱེད། མཁས་གྲུབ་ཡོན་ཏན་རྒྱ་མཚོའི་མཛོད་འཛིན།འབྲེལ་ཚད་དོན་ལྡན་གྱི་དམ་པའི་སྐྱེས་བུ་ཆེན་པོ། ཐུགས་རྗེ་དང་བཀའ་དྲིན་མཚུངས་པ་མེད་པའི་མངའ་བདག ཀུན་གཟིགས་མཁན་ཆེན་བླ་མ་༧པདྨ་ཚེ་དབང་ལྷུན་གྲུབ་དཔལ་བཟང་བོ་གང་ཉིད་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བརྙེས་པའི་འབྲས་རྟགས་སུ། ཕྱི་རབས་གདུལ་བྱའི་རྟེན་སྐལ་དུ་ཤར་བའི་ངོ་མཚར་བའི་མཛད་པ་རྒྱ་ཆེར་སྣང་བའི་ཆ་ཤས།ཡུངས་འབྲུ་ལྟ་བུའི་རིང་བསྲེལ་བདུན་ཆ་གཅིག་གིས་གཞིར་བྱས། སྐུ་གདུང་རིང་བསྲེལ། གཟུངས་ཆུའི་རིང་བསྲེལ། སྐུ་བལ་རིང་བསྲེལ་སོགས་ཀྱི་སྐོར་ལ། གདུང་ཚྭ། གདུང་རུས། གདུང་ཁྲུས་རིལ་བུ། ཤངས་ཁྲག སྐུ་ཤའི་དུམ་བུ། སྐུ་མཚལ། དབུ་སྐྲ། ན་བཟའ། སྐུ་ཆིངས། ཕྱག་འཕྲེང་སོགས་དམ་རྫས་གཞན་གྱིས་བསྲེ་བསླད་གང་ཡང་མེད་པར་རྗེ་ཉིད་ཀྱི་སྐུ་ཆས་ཡོ་བྱད་སོགས་རྟེན་སྣ་སུམ་ཅུ་ལྷག་ཙམ་ཕྱོགས་གཅིག་ཏུ་བསྡུས་ནས་སྲེག་སྦྱོང་བྱི་དོར་གྱི་བྱ་བ་རྣམས་ཚུལ་བཞིན་དུ་བྱས་ཤིང་། གཞན་ཡང་དུག་རིགས་མ་འདྲེས་པའི་སྨན་སྣ་བཟང་དྲུག གེ་སར་གསུམ། འབྲས་བུ་གསུམ། སྲོ་དམར། སེ་འབྲུ་ལ་སོགས་པའི་སྦྱོར་སྡེ་ཚད་ལྡན་བྱས་པ་ཡིན། དེ་རྗེས་མྱོང་གྲོལ་དམ་རྫས་ཀྱི་ཕུང་པོ་འདི་ཉིད་ཀུན་གཟིགས་མཁན་ཆེན་བླ་མའི་གཟིམས་ཆུང་ནང་དུ་གདན་དྲངས་ཏེ། ཚད་མའི་སྐྱེས་བུ་དམ་པ་གང་མང་རེས་བྱིན་ཕབ་བྱིན་བརླབས་ཀྱི་ལས་རིམ་མང་ཙམ་བྱས་ཡོད། གདན་ས་སྔ་འགྱུར་ཨ་རིག་ཆོས་གྲྭའི་རྒྱུད་ལུགས་འཇམ་དཔལ་ཞི་བའི་སྒྲུབ་པའི་སྐབས་སུ་ཚུལ་བཞིན་སྒྲུབ་པར་མ་ཟད། ཕྱིས་སུ་དམ་གཙང་ཚུལ་ལྡན་གྱི་སློབ་བུ་འགས་ཞག་ལྔ་ལ་སྨིན་ལུགས་རྡོ་རྗེ་སེམས་དཔའི་སྒྲུབ་པ་དང་། མྱོང་གྲོལ་དམ་རྫས་སྒྲུབ་ཐབས་ཀྱི་ལས་རིམ་ལ་བརྟེན་ནས་ཚུལ་བཞིན་སྒྲུབ་པ་ཡིན། ཀུན་གཟིགས་མཁན་ཆེན་བླ་མའི་མྱོང་གྲོལ་དམ་རྫས་ཕྱོགས་བསྡུས་འདི་ཉིད་ཐུགས་སྲས་བུ་སློབ་དམ་པ་མཁན་ཐུབ་བསྟན་སྨོན་ལམ་གྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་ཐུགས་བཀོད་གནང་ཞིང་། རྗེས་དྲན་འདས་མཆོད་ལས་སྒྲུབ་ཁང་གིས་གཙོ་སྒྲུབ་མཛད་པ་ཡིན། འདི་ལྟ་བུའི་མྱོང་གྲོལ་རིལ་བུ་འདི་ཉིད། རིས་སུ་མ་ཆད་པའི་འགྲོ་བ་དག་གི་ཁར་སོང་ན་དགོས་པ་ཤིན་ཏུ་ཆེ་ཞིང་འབྲེལ་ཚད་དོན་དང་ལྡན་པར་འགྱུར་བ་ཡིན་ཏེ། གྲོལ་ལམ་གྱི་མན་ངག་ལས། དེ་ལྟ་བུ་ཡི་དམ་རྫས་དེ།། གང་གིས་ཟོས་པས་ཉམས་ཆགས་སྦྱོང་།། དམ་ཚིག་དངོས་གྲུབ་ཀུན་ཐོབ་ནས།། འཕོ་མེད་བདེ་ཆེན་འགྲུབ་པར་འགྱུར།། ཞེས་སོགས་རྒྱ་ཆེར་གསུངས་ཡོད་པའི་ཚུལ་ལ་ངེས་ཤེས་བསྐྱེད་པར་བྱའོ།།

རྣམ་དཀར་བསོད་ནམས་བྱེ་བས་ཡོངས་གྲུབ་པའི།།
མྱོང་གྲོལ་བདུད་རྩིའི་རིལ་བུ་ཡིད་བཞིན་ནོར།།
གང་གི་ཁར་སོང་སྒྲིབ་པའི་འཆིང་ལས་གྲོལ།།
བྱང་ཆུབ་མཆོག་གི་གོ་འཕང་ཐོབ་གྱུར་ཅིག།
ཀུན་གཟིགས་མཁན་ཆེན་བླ་མའི་འདས་མཆོད་ལས་སྒྲུབ་ཁང་གིས་སྤེལ། ༢༠༢༤


发布     👍 0 举报 写留言 🖊   
✋热门推荐
  • 好的,现在压力给到Hansi这边[交税] 范加尔:“如果我是弗利克,我一定会让穆勒出场。”北京时间明天凌晨02:45,德国队将在客场与荷兰队进行友谊赛切磋,如果
  • Patua,也就是澳门土语,里面是澳门高粱(真有这种东西,来自花酒酒业,惊了)、上海金酒(还不是巷贩,而是Porcelain)、Niepoort10年陈波特、枇
  • 不能相见,你也是珍宝一样的存在不能触碰,你也是眼里最亮的星辰 都说流星可以有求必应如果可以我愿意在夜空下等待,等到一颗星星被我感动,为我划过星空,带着我的祝福落
  • 从2月23日,学校封控初始,他们协助1144名在校师生安全转运至指定隔离酒店,随后又24小时不间断坚守封控区域,协同卫健部门完成校园消杀……至此,对市六十六中周
  • 雪豹是中国大型猫科动物里境况最好的一个,它喜欢的生境和虎、豹不一样,雪豹非常适应陡峭的山地,分布区域可以到达海拔5000米。但中国不管是鸟种类还是兽类都非常丰富
  • 本尊心咒具足一切息增怀诛之功用,消除一切众生的烦恼痛苦、满足一切众生愿求,现世富贵长寿平安吉祥、除诸病苦业魔障碍等,帮助众生解脱生死苦海,命终往生极乐世界,获得
  • [哆啦A梦吃惊]有病从上次不尊重我开始就真的觉得她好自私,以前就觉得和她聊天很那什么,太强势了,观点不同就要和你吵起来那种[汗]这和微博上骂自己同担的有啥区别。
  • 这就是用一个人的独裁取利于天下,就像窥豹一斑一样,尧只知道贤人有利于天下,而不知道他们对天下的危害,只有无心做贤人的人才知道。比如舜是一个圣人,他明白万事万物的
  • 我妈给我讲生气不理我了她每次给我宣扬这些负面情绪的时候,我都要怼她真的,因为她是我妈,我才怼她,换作其他人,我理都不理我从小的教育没有让我被教育的心胸开阔又阳光
  • 难怪大S的余情未了……终于懂了大S如今为何如此不管不顾,因为初恋始终是刻骨铭心的,为了追寻那个心底里未逝的梦,哪怕遭受现实见光S的幻灭,也要再去爱一回,让此生不
  • 打てないのに1人でバッティングセンターに行くほど、何処にもぶつけられない想いを胸にしまってるのです。 最終話、ダメな男が“身い染みて”生まれ変わる瞬間をお見逃し
  • #BT重点发售#【细腻时尚 | Air Jordan 12 “Bordeaux”】【 Air Jordan 12 “Bordeaux” 发售细则】发售形式:数量
  • 而在一季度的时候,因为工业企业利润率维持高位、海外需求旺盛等原因,制造业企业有补库存和投资扩产(设备更新)等的动力,相应的贷款需求也会比较高,一季度制造业贷款需
  • 。。
  • 另外这块是我回购比较多的粉饼,瑕疵不多的皮肤可以上哦~#你怎样排解负能量#以下20条排解负能量的方法希望对你有用:1.和正能量满满的人在一起,你会发现,其实自己
  •  ❹邻里“小黄鸭和柠檬的碰撞” 这两年靠霸道的柠檬皮香和暴打柠檬圈粉无数的「邻里」大家应该都喝过啦,朋友不光喝茶,还喜欢收集他们的小黄鸭,摆满了整张办公桌,哈哈
  •   金石是石中珍品,集天地之灵气、晶莹璀璨,既可以像玉一样趋吉避凶,镇宅辟邪,美化生活、陶冶性情、以至于延年益寿,又具有玉一样的高贵品质,古书云:“精诚所至,金
  • 可以拥有甜甜的爱情 或者让我吃一下爱情的苦吧[单身狗]缘友问:我们是11年结婚的,现在要离的想法越来越强烈,20年我就已开始和外面女士在一起了,这些年她挺不容
  • 下午闲着无事,特地跑到六如茶文化研究院品茗,并欣赏刚到的一批货~年轻工艺大师沐焰衷伟创制的“江山在握”品茗杯。还有故宫、大英博物馆、敦煌研究院等各大博物馆也齐齐
  • 鹅銮鼻灯塔、后壁湖、垦丁老街等都是必去的地方,租一个电动摩托车,慢慢的去发现垦丁背后隐藏的美景与文化,一个人慢慢的品味,我想真的是足够浪漫。2、成都成都,天府之