༄༅། །བཀའ་གདམས་ལྷ་བཞི།
ཐུབ་དབང་། སྤྱན་རས་གཟིགས། སྒྲོལ་མ། མི་གཡོ་བ་དང་བཞིའོ།། ལྷ་བཞི་པོ་འདི་ཇོ་བོས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ་གནང་ནས། བཀའ་གདམས་ལྷ་བཞི་ཞེས་གྲགས་པ་འབྱུང་ངོ་།། བཀའ་གདམས་གླེགས་བམ་༼ ཀ ༽༣༢ལས། འདི་ནི་འབྲོམ་གྱི་ལྷ་བཞི་ཡིན། །ཨ་ཏི་ཤ་ཡིས་ལེགས་པར་གནང་། །ཞེས་གསུངས་པ་ལྟར་རོ། །བཀའ་གདམས་ལྷ་བཞི་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་ཉེར་མཁོ་འགའ་ཞིག་ཅེས་པ་༥ན༢ན་གསལ་ལོ།།
噶当四神。即:释迦牟尼、观音菩萨、不动金刚、度母。

༄༅།།གྲུབ་དབང་བླ་མ་རྗེས་དྲན།
               བསོད་ནམས་རིན་ཆེན།  
རིགས་དྲུག་འགྲོ་བའི་གནས་འདི་མ་ཟད་པར།།
འཕྲིན་ལས་ཐུགས་རྗེའི་ཉི་མ་མི་ནུབ་པའི།།
མཚུངས་མེད་གྲུབ་དབང་པདྨ་རྣམ་རྒྱལ་མཆོག།
བྱིན་རླབས་འོད་ཀྱི་སྣང་བ་འབྲལ་མེད་ཤོག།

གང་གི་གསང་གསུམ་ཡོན་ཏན་ཟླ་འོད་ཀྱིས།།
ཉོན་མོངས་ཚ་གདུང་སེལ་བའི་བགོ་སྐལ་དུ།།
མཐའ་མེད་གདུལ་བྱའི་དཔལ་དུ་ཤར་བ་ཡི།།
གྲུབ་དབང་བླ་མར་གསོལ་བ་སྙིང་ནས་འདེབས།།

ཡབ་རྗེ་བླ་མ་སྨོན་ལམ་བཟང་པོ་ཡི།།
ཐུགས་རྗེ་ཉི་མའི་འོད་ཀྱི་གུར་ཁང་ནས།།
བྱིན་རླབས་དྲོད་ཀྱིས་གསོས་པའི་སྙིང་གི་བུ།།
གྲུབ་དབང་བླ་མར་གསོལ་བ་སྙིང་ནས་འདེབས།།

ཚེ་གཅིག་དེ་རུ་ཆོས་ཅན་སྒྱུ་མའི་གཟུགས།།
ཆོས་ཉིད་རིག་པའི་དབྱིངས་སུ་ཟད་པ་ཡི།།
སྨོན་ལམ་བཟང་པོའི་ཐུགས་ཀྱི་ཐིག་ལེ་མཆོག།
གྲུབ་དབང་བླ་མར་གསོལ་བ་སྙིང་ནས་འདེབས།།

ངེས་དོན་གཏམས་ཀྱི་གནས་འདིར་ཡོངས་གང་དེ།།
ཟབ་ལམ་རྡོ་རྗེའི་ཉམས་རྟོགས་རྩལ་རྫོགས་དུས།།
རྗེ་བཙུན་བླ་མའི་དཔྲལ་བའི་མིག་ལྟ་བུ།།
གྲུབ་དབང་བླ་མར་གསོལ་བ་སྙིང་ནས་འདེབས།།

རྩ་བརྒྱུད་བླ་མའི་བྱིན་རླབས་གངས་ཀྱི་སྤོ།།
ཐུགས་སུ་འཁྱིལ་བའི་དངོས་གྲུབ་ཆུ་བོའི་རྒྱུན།།
དད་ལྡན་སློབ་མའི་རྒྱུད་ལ་དྲངས་པ་ཡི།།
གྲུབ་དབང་བླ་མར་གསོལ་བ་སྙིང་ནས་འདེབས།།

བགྲང་བྱ་ཉི་ཤུ་ལྷག་གི་ཡར་སྔོན་ལ།།
བླ་མེད་དུས་ཀྱི་འཁོར་ལོའི་དབང་བསྐུར་ཚེ།།
ཁྱོད་གསུང་ཐོག་མ་ཐོས་པའི་དུས་དེ་ཉིད།།
ད་ལྟ་ཡིད་སེམས་འཁྲི་ཤིང་ཁོ་ནར་འཇུག།

བྱམས་བརྩེའི་རང་གཟུགས་དོད་པའི་ཞལ་རས་དང་།།
འཕྲིན་ལས་དུས་ལ་འབབ་འདྲའི་གསུང་སྙན་དང་།།
མཁྱེན་པའི་རྩལ་ཆེན་རྫོགས་པའི་ཐུགས་གཤིས་དེ།།
ཡང་ཡང་དྲན་ན་དད་པའི་མིག་ཆུ་ཤོར།།

སྐྱེ་རབས་གསེར་གྱི་ལྷུན་པོའི་གཟི་བྱིན་ལ།།
དཔག་ཡས་ཡོན་ཏན་བྱེ་བའི་རྣམ་ཐར་ཅན།།
ཉམས་ཐག་འགྲོ་བའི་དཔལ་གྱུར་རྗེ་བཙུན་ཉིད།།
གྲུབ་དབང་བླ་མར་གསོལ་བ་སྙིང་ནས་འདེབས།།

བློ་འདས་གཉུག་མའི་རང་བཞིན་རང་སངས་རྒྱས།།
མངོན་གྱུར་མཛད་པས་སྤྲོས་པ་བྲལ་ན་ཡང་།།
སྨོན་ལམ་ལྕགས་ཀྱུའི་དཔལ་ཡོན་བཞད་པ་ཡི།།
གྲུབ་དབང་བླ་མར་གསོལ་བ་སྙིང་ནས་འདེབས།།

རྒྱ་ཆེན་ཐུགས་བསྐྱེད་ཟབ་མོའི་དཔལ་ཡོན་ལ།།
བརྩེ་ཆེན་སེམས་ཀྱི་ཉེ་བར་བླངས་པ་ཡི།།
མཐའ་མེད་གདུལ་བྱའི་རེ་བའི་ཉི་གཞོན་ཁྱེད།།
གྲུབ་དབང་བླ་མར་གསོལ་བ་སྙིང་ནས་འདེབས།།

བྱང་མཐའི་ས་ཆེན་འདི་ཡི་ཁོར་ཡུག་འདིར།།
དམ་ཆོས་སྣང་བའི་ཡོངས་སུ་ཁྱབ་པའི་ཚེ།།
རྫོགས་ལྡན་དུས་ཀྱི་སྟོན་པ་བླ་མེད་ཁྱེད།།
གྲུབ་དབང་བླ་མར་གསོལ་བ་སྙིང་ནས་འདེབས།།

ལྷ་བརྒྱའི་གཙུག་རྒྱན་རྗེ་བཙུན་འཇམ་པའི་དབྱངས།།
དབྱེར་མེད་དད་གསུམ་མཛེས་པའི་སྙིང་དབུས་སུ།།
དགྱེས་ཞལ་པདྨོའི་དཀྱིལ་འཁོར་འཁོད་པ་ཡི།།
གྲུབ་དབང་བླ་མར་གསོལ་བ་སྙིང་ནས་འདེབས།།

གདུལ་བྱའི་བསོད་ནམས་ནུས་མཐུ་དམན་པ་ཡི།།
གང་སྐུ་རྒྱང་རིང་ཞིང་གཞན་ཕེབས་ན་ཡང་།།
བྱིན་རླབས་ཐུགས་རྗེ་གཡོལ་བ་མེད་པ་ཡི།།
གྲུབ་དབང་བླ་མར་གསོལ་བ་སྙིང་ནས་འདེབས།།

མདོར་ན་འདི་ཕྱིའི་སྐྱབས་དང་སྐྱོབས་པ་རུ།།
ངེས་ཤེས་རྙེད་པའི་གསོལ་བ་འདེབས་པ་ན།།
ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་མི་འདོར་བར། 
བྱིན་རླབས་དངོས་གྲུབ་མ་ལུས་སྩོལ་གྱུར་ཅིག།
       ༢༠༢༤.༠༣.༡༡

༄༅།། རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་།།
རྒྱལ་པོའི་རྒྱལ་སྲིད་དང་སྤྲང་པོའི་འཚོ་ཐབས་སོགས།།

ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་།།

མེད་དུ་མི་རུང་བ་ནི་བུད་མེད་ཡིན།།


发布     👍 0 举报 写留言 🖊   
✋热门推荐
  • ​[心][鲜花][鲜花]#HN红牛[超话]##HN红牛[超话]##HN红牛[超话]#HN红牛让成功变得更简单"1.有高度的社区共识。2.与众不同的通
  • 但姚笛不怕输,毅然接下了这个角色,让观众看到了两个同名但是却不一样的黄小仙。面对换角,不怕输的姚笛硬着头皮迎难而上,那时候姚笛顶着很大的压力,为了饰演好角色,她
  •   其实身体上很多的反应都是最好的提醒,年轻人出现指甲纵线,代表神经系统存在某些问题;而小孩偏食导致的营养不平衡也会出现纵线...所以等等都提醒我们在生活中应保
  • 令人捧腹的淘宝经典中差评解释 生活中少了娱乐怎么会快乐呢?本人本着娱乐大众的心态在逛淘宝的时候撷取了一些超娱乐的评价与解释。在此和大家一起乐乐。   先说一个
  • 山本 多功能电一体锅 79 在三种依恋类型中,安全型依恋是高质量,积极的依恋,而另外两种则是消极的、低质量的依恋。珍视明 蒸汽眼罩 88 在三种依恋类型中
  • p1吃了姜母鸭(泉州特产)感觉还可以吧,食泉姜母鸭(西街)店,但觉得更好喝的,是酸梅汤,我们差点返回去一个人再买一杯,也很实惠(一杯5元一大瓶)但后来实在不想走
  • 爆冷德约、纳豆是非常困难的事情,但竞技体育的魅力就是一切皆有可能,辛纳作为00后的代表,能否把“前浪”拍在沙滩上,让我们拭目以待巴黎官方:前尼斯主帅加尔蒂出任球
  • 相思  蒹葭者, 芦苇 也,飘零之物,随风而荡,却止于其根,若飘若止,若有若无。 ——————————今日【相 張】婚礼 快讯——————————摄影 | O
  • 随缘哈~新年快乐!」「就是!
  • 哪一首首录制的歌曲,那疯狂玩闹的画面像和我☜较上了劲似的,久久不肯离去。哪一首首录制的歌曲,那疯狂玩闹的画面像和我☜较上了劲似的,久久不肯离去。
  • 崇命边戍掠得齐人者悉还之,由是齐人亦还其生口二百许人,二境交和,无复烽燧之警。今奉诏代之,自然安靖;但须一诏而已,不烦发兵自防,使之怀惧也。
  • 原来,王某出狱后,日子过的并不如意,因为涉及到刑事案件,出狱后与妻子、孩子经常发生矛盾,最终妻子与自己离婚,孩子也远离自己外出打工,自己靠推个小吃摊为生,王某便
  • 这是多特球迷伤感的一天,但所有的告别,都是为了更好的欢迎,陌上人如玉,公子世无双,永远的对长罗伊斯依然坚韧如初。这一部剧结束了,还有许多期待和未知的美好,希望长
  • 。。
  • 活动中,志愿者通过播放防溺水版《孤泳者》和现场演示等形式,生动形象地讲解在河、塘游泳的危险性以及自救方法,纠正学生游泳中的误区,让学生们在欢声笑语中了解掌握溺水
  • 我头晕走不动了,不过停在哪里,不管男生女生都会说一句,你靠着我就可以,看看好多男生和消防员叔叔一直泡在手里,接应一个又一个女生出去,真的是觉得很庆幸,生在华夏生
  • 平平无奇的周五✨过了补考的周五终于解封的周五[微笑趣泡][微笑趣泡][微笑趣泡][微笑趣泡][微笑趣泡][微笑趣泡][微笑趣泡][微笑趣泡][微笑趣泡]下午和y
  • 慢品人间烟火色,闲观完事岁月长,一直在路上,看风景也好,奔波也好,希望你能一直充实自在不要感谢太阳,因为太阳不在乎自己温暖的是谁,要感谢自己,因为你可以像太阳一
  • 其实除了广东,在湖南长沙等地,都有碗装猪脚小吃,价廉味美,用来下酒,妙不可言。其味道鲜美加以本镇的特色米饭,组合成了隆江猪脚饭。
  • 这种生活并不是我想要的。不知道什么时候我可以再为自己的理想未来努力一把。