<

རྨི་ལམ་ཐེངས་གཅིག། >
ཞེ་འཁོར་བའི་གླིང་གི་བཙོན་ར་འདི།།
དུས་ནམ་ཡང་རེ་ལྷག་བཅོལ་ས་མེད།།
དུས་ནམ་ཞིག་ཚེ་འདིའི་རྨི་ཡང་།།
ལམ་ངེས་ཅན་ཞིག་ནས་རྫོགས་པར་འགྱུར།།

ཚེ་འདི་ཡི་རྨི་ལམ་མཐའ་དག་ཀྱང་།།
རང་ཁོ་ནའི་བདེ་སྡུག་བཙོན་ལགས་ཤིང་།།
གཞན་དགྱེས་པའི་སྦྱོར་བ་ཙམ་ཞིག་ཀྱང་།།
རྣམ་ཀུན་ཏུ་འབད་མ་ཅིའི་མི་འཚལ།།

མཛེས་ལང་ཚོའི་རྨི་ལམ་ཞིང་ས་ནས།།
སད་རན་པ་ད་ལྟ་མ་འོངས་རེད།།
སེམས་རྣམ་དཀར་དགེ་བའི་ཕྱོགས་སུ་ལ།།
གང་ཅི་ཐུབ་ཧུར་ཐག་འབད་རོགས་གནང་།།

ཚེ་བདེ་སྡུག་གཉིས་ཀྱི་རེ་མོས་སུ།།
སུ་འབྱུང་སྔ་མི་ཤེས་ད་ལྟ་རེད།།
དོན་ལྡན་པའི་ལས་ཤིག་བཤམས་གྱུར་ན།།
དེ་འཇིག་རྟེན་ཕྱི་མའི་ལམ་རྒྱགས་ཡིན།།

༢༠༢༤/༢/༢༠ཉིན་བྲིས་ཏེ༣/༡༡ཉིན་སྤེལ།

དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཀུན་དགའ་ཧེ་རུ་ཀ།


ངུར་སྨྲིག་གོས་ཀྱིས་མཛེས་པའི་ཡོངས་འཛིན་དཔལ་ལྡན་རྗེ།།
སྒ་སྡེ་ཀུན་ལ་དངོས་གྲུབ་མ་ལུས་སྩོལ་མཛད་བཀའ་དྲིན་ཅན།།
ལེན་པོ་ཤེས་ནས་འདུད་དོ་བྱང་ཆུབ་བར་དུ་སྐྱོབས།།

འདི་ལྟར་བྱས་མྱོང་།

#རྡེའུ་ཆང་བྲན།##རང་མོས།#

ཁེར་རྐྱང་གི་ལོ་ཟླ་ལ་གཏམ་རྒྱུན་གྱི་བརྗོད་དོན་བཞག་ནས་བཟུང་།
ངས་འདི་ལྟར་བྱས་མྱོང་།
སྐྱིད་པའི་དབྱར་གཞུང་གི་བསིལ་རླུང་ཁྲོད།
དྭངས་གཙང་གི་ཆུ་བོའི་འགྲམ་ནས།
བསིལ་འཛུམ་ལ་ཡིད་ཙམ་ཅེར་དེ་ཁྱོད་ཉིད་ཡིད་ལ་སྒོམ།
སྐར་ཚོགས་ཀྱིས་ཞལ་འཛོམ་གྱི་བྲོ་གར་ལ་རོལ་དུས།
ལྷིང་འཇགས་གི་ཐང་སྟོང་དེ་ནས་རྒྱང་རིང་ལ་རེ་འབོད་སྤྲིངས་མཁན་སུ
མིན། ང་མིན་སུ་ཡོད།

ཁེར་རྐྱང་གི་ལོ་ཟླ་ལ་གཏམ་རྒྱུད་ཀྱི་བརྗོད་དོན་བཞག་ནས་བཟུང་།
ངས་འདི་ལྟར་བྱས་མྱོང་།
གྱེས་ཕྱག་གི་སྟོན་ཟླའི་བར་གསང་ནས།
དྲོད་འཇམ་གྱི་དབྱར་ཟླ་ལ་གྱེས་བརྡ་གཏོང་དུས།
ང་ལ་འཕངས་སེམས་ཅི་ཡང་མི་འདུག
རེ་འདོད་ཀྱི་དབྱངས་སྲས་སྒེག་མོ་ནམ་ཞིག་སླེབས་པར་རེ་སྒུག་བྱས།
གྱེས་གདུང་གི་ལོ་ཟླའི་བར་གསང་ནས།
ལྷད་མེད་དད་འདུན་གྱི་སྨོན་འདུན་ཞུ་མཁན་སུ། མིན། ང་མི་སུ་ཡོད།

ཁེར་རྐྱང་གི་ལོ་ཟླ་ལ་གཏམ་རྒྱུད་ཀྱི་བརྗོད་དོན་བཞག་ནས་བཟུང་།
ངས་འདི་ལྟར་བྱས་མྱོང་།
རྒྱ་སྟག་འདྲ་བའི་དགུན་གཞུང་གི་གྲང་རེག་ཁྲོད།
བརྩེ་འདང་གི་རི་མོ་ནང་སེམས་ཀྱི་དཀྱིལ་ལ་འཛིན།
དྲོད་འཇམ་གྱི་སྙིང་ཁལ་སྦྱར།
འཁྱགས་སིབ་སིབ་ཀྱི་དགུན་གཞུང་ཅི་ལྟར་རིང་ཡང་།
རེ་སྒུག་གི་ཉིན་མོ་འཛུབ་རྩེར་སྐོར།
ལོ་ཟླའི་འགྱུར་བག་ཁྲོད་རེ་འདོད་ཀྱི་མདུན་མ་བསྐྱང་མཁན་སུ།
མིན། ང་མི་སུ་ཡོད།

ཁེར་རྐྱང་གི་ལོ་ཟླ་ལ་གཏམ་རྒྱུད་ཀྱི་བརྗོད་དོན་བཞག་ནས་བཟུང་།
ངས་འདི་ལྟར་བྱས་མྱོང་།
དཔྱིད་དཔལ་གྱི་ལང་ཚོ་མཛེས་མཛེས་ངང་མཆེད་དུས།
སེམས་ཀྱི་མཁའ་དབྱིངས་ལ་ཡིད་འོང་འཇའ་གུར་གྱི་གླིང་ག་ཆགས།
ལྷོ་སྨོན་མགྲོན་པོ་ཡི་འགྱུར་ཁུག་ངག་ལ་གྱེར་ཡང་།
ང་དེ་ལ་འཁྲེང་བའི་སེམས་གཤིས་མི་འདུག
སེམས་སོང་དབྱངས་སྲས་ཀྱི་འགྱུར་ཁུག་ནམ་ཞིག་དཀྲོལ་བར་རེ་སྒུག་བྱས།
སྙན་ངག་གི་ཕྱི་ནང་ལ་ལྷད་མེད་རང་གཤིས་ཀྱི་ཚིག་ཕྲེང་སྒྲིག་དུས། ཁྱོད་ཉིད་དྲན་མཁན་སུ། མིན། ང་མི་སུ་ཡོད།

2024 2 24


发布     👍 0 举报 写留言 🖊   
✋热门推荐
  • 尽情装扮,尽情可爱55.月亮今晚不营业了,所以我来说晚安56.现实的社会,毁了我一个做好人的机会57.已经把 “每天睡个好觉” 列入人生计划58.经过周末两天的
  • 第六,【天行九歌,张良没有任何CP,也没有任何感情线】官方说过,张良是无CP人物,无论是秦时还是天九。金蕾腾讯打字采访说了,天九【剧情不联系秦时】这和沈乐平说的
  • 法提麦雅琦,在感情上就没有这么的顺利了,她和张铁林在拍摄《还珠格格》期间认识,但是她才二十出头的年纪,张铁林却大了她25岁,妥妥的父女恋,当时追求她的人还是不少
  • 来不及做饭时,直接喝它或者再啃点面包都行~而且我自己对椰子的味道真的欲罢不能椰香味道真的是淡淡的甜加上无限丝滑,味道没错了!-对啦我用的是九阳原汁机哦~这个是自
  • #事业编##公务员[超话]##每日金句#【每日金句分享-电商扶贫,基层治理,生态宜居,振兴乡村】美丽乡村建设,电商扶贫,留守青年,基层治理,生态宜居,乡风文
  •   巨蟹座  巨蟹座人平时在朋友面前说话是不多的,而面对陌生人的话,说话就更少了。跟水瓶座人在一起,有时候会认为他们沉默寡言,这可能是他们没有找到与他人的共同点
  • 画作完成后,女人对家里的宾客说:“大家看看,这个禅师的画虽然很好,但是他的心很肮脏,被金钱污染了。前人说读书是一种更高级的趣味,就像在路边见到不识字的老妪,两个
  • 开袋即食,有密封条,防潮能力拉满,干吃、拌酸奶或者泡牛奶都很好吃,加上三款都含有饱腹感超强的奇亚籽,不用担心吃不饱~塔瓦斯俄式炭烤红肠90g*10袋,预估满减到
  • 中国电信广东惠州分公司加快对横河镇信号弱覆盖区域基站规划建设,提升了当地乡村旅游环境,解决了让民宿客人“进得来、留得住”的问题,进一步推动了横河经济社会发展,让
  • 谢谢大家的阅读,关注我,就有可能作者参加录制哟~[话筒]家园设计大赛正赛开启啦![憧憬]快来和C宝一起参加活动吧~[打call][打call][打call][
  • 《夫人你马甲又掉了》作者一路烦花主角 秦苒/程隽秦苒,从小在乡下长大,高三失踪一年,休学一年。《夫人你马甲又掉了》一路烦花程隽[心]秦苒秦苒,从小在乡下长大,高
  • 是什么让我旁边的女人如此害羞?《小小杂谈》闲谈一二三四 :半咸不淡[哈哈] 1 ;半咸不淡顺口溜 写来解闷又解忧 2 ;半咸不淡顺口溜 记录生活酱醋油 3
  • 从难点突破上看,中央企业聚焦“三区三州”等深度贫困地区,累计投入近60亿元支持云南省打赢“直过民族”脱贫攻坚战,积极承担甘肃东乡县布楞沟流域整体连片扶贫开发任务
  • 上海则不然,上海的规则早已替代了精神信奉,已经不需要那些哲哲呜呜零七八碎,如若信奉,要么纯然信奉,要么就是心理疗愈,上海人的血液里原本就没有“政教合一”的细胞,
  • 几乎同时,本地知名博主小默也在朋友圈中发出疑问“做抖音团购到底赚不赚钱,我一年分了1万6,大家也是这样吗?[doge]另据本地知名博主透露,#合肥到庐江轨道交通
  • 基于千亿级的联接,我们才能对城市和人类环境有更好的感知。基于千亿级的联接,我们才能对城市和人类环境有更好的感知。
  • 感谢一下大家对我的关心 如果因为手机型号ip地址一样而且单方面关注了我就是我的小号 那我真的很委屈 要不是仙境的反黑站来找我我真的不知道还有这件事 但是图里这位
  • 但是在北京东城区,偏就有这样一个小区,不仅吸引了各路明星都来这儿安家,而且是各型各款:从宋祖英这样的老牌艺术家,到陈坤、周迅等成名演员,还有歌手李宇春,当红鲜肉
  • 还看过一视频,小岳做了一道西红柿炒鸡蛋,大勺颠的十分漂亮,让旁边的撒贝宁拍手称赞。岳云鹏没事就在微博上晒一下自己的宵夜之类的,岳岳的饭菜很低调都是一些家常菜,比
  • 光阴会记得你来过的痕迹,你的一切终会闪闪发光此刻的你可能不是成功的,但别灰心,我相信终有一天你会大放光彩的和图总一起加油吧[爱你]#读书&笔记# 《庶