གྲྭ་བཙུན་འདི་རིགས་ལ་དད་ཅིང་གུས།

སྐུ་ནི་མཛེས་པ་སྟོན་པའི་ན་བཟས་རྒྱན།།
གསུང་ནི་སླུ་མེད་དམ་པའི་ཆོས་ཀྱི་ཕྱུག།
ཐུགས་ནི་གཡོ་མེད་དབེན་པའི་དྲུང་ན་མཛེས།།
འདི་འདྲའི་གྲྭ་བའི་རིགས་ལ་ཡིད་རེ་སྨོན།།

ཐོས་པ་རྣམ་པར་དག་པའི་འབྲས་བུ་ཡིས།།
བསམ་པའི་ཀུན་ལ་བདེ་བའི་ལམ་ཆེན་བསྐྲུན།།
སྒོམ་པ་ཉམས་ལེན་ཞི་དུལ་ལས་སུ་སྤྱོད།།
འདི་འདྲའི་གྲྭ་བའི་རིགས་ལ་དད་ཅིང་གུས།།

འཆད་པའི་ཡོན་ཏན་ཀུན་གྱིས་སྨོན་ནི་ཞིག།
རྩོད་པའི་རིག་ལམ་ཟླ་བ་གྲགས་པ་བཞིན།།
རྩོམ་པ་ལྷོད་མེད་ཡབ་རྗེ་བླ་མའི་ཟླ།།
འདི་འདྲའི་གྲྭ་བའི་རིགས་ལ་ཡི་རང་ཡོད།།

༄།།།དེ་རིང་ནི་རབ་གནས་ཤིང་འབྲུག་ལོའི། འབྲུག་གི་ཟླ་བ། འབྲུག་གི་ཞག།

འབྲུག་གི་དུས་ཚོད་ལ་ཁེལ་ཡོད་པའི།

ཚང་མའི་གོ་སྐབས་དམ་འཛིན་བྱོས།

ངེས་པར་དུ་ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་དག་པའི་ཞིང་མཆོག་མ་འདོན་རྒྱུ་གལ་ཆེ། སྐལ་ངན་ལྕགས་ཁྱི་འཇིགས་པ་མྱུར་དུ་སེལ་བའི་ཆེད་དང་།

སེམས་ཅན་ཐམས་ཅད་ལ་མི་འདོད་པའི་རྐྱེན་ངན་མཐའ་དག་དབྱིངས་སུ་ཞི་བའི་ཆེད་དུ། དྲན་ཤེས་བག་ཡོད་ངང་ནས་མི་རྟག་བསྒོམ། ད་ནི་མ་འདུག་སྒོ་གསུམ་དགེ་ལ་འབད། ནད་མཚོན་མུ་གེ་སྡུག་བསྔལ་མི་ཤེས་སམ། ་ དེ་རིང་ཙམ་ཡང་རྟག་པའི་གོ་སྐབས་འདི། བསྒྲུབ་ལ་བརྩོན་འགྲུས་བྱེད་པའི་དུས་ལ་ཐོན། པདྨ་འབྱུང་ནས་མཁྱེན།[合十][合十][合十]

ཨེ་མ་ཧོ༔ དག་པའི་ཞིང་མཆོག་ལྷོ་ནུབ་དཔལ་རི་ན༔ རྒྱལ་བ་ཀུན་འདུས་གུ་རུ་པདྨ་འབྱུང༔ ད་ལྟ་དུས་ངན་སྙིགས་མའི་སྐྱེ་འགྲོ་ལ༔ ཐུགས་རྗེས་གཟིགས་ནས་བདག་ལ་དགོངས་སུ་གསོལ༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ན༔ རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ༔ བཀའ་བརྒྱད་བླ་མ་རྣམས་ཀྱི་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་ལས་ངན་དག་པར་མཛོད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་ཕྱོགས་ལྟ་ན་སྡུག་པའི་ཕོ་བྲང་ན༔ སངས་རྒྱས་སྨན་བླ་ཨོ་རྒྱན་རིན་པོ་ཆེ༔ སྨན་བླ་མཆེད་བརྒྱད་རིགས་འཛིན་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་ནད་རིགས་ཞི་བར་མཛོད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཡེ་ཤེས་མེ་རུ་འབར་བའི་ཕོ་བྲང་ན༔ ཆེ་མཆོག་ཧེ་རུ་ཨོ་རྒྱན་རིན་པོ་ཆེ༔ ཡི་དམ་ཁྲོ་བོ་ཁྲོ་མོ་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་དངོས་གྲུབ་སྩལ་ཏུ་གསོལ༔ བསམ་པ་ལྷུན་གྱིས་བྱིན་གྱིས་རློབས༔ མཁའ་སྤྱོད་དག་པ་འོད་ལྔའི་ཕོ་བྲང་ན༔ མཁའ་འགྲོའི་གཙོ་མོ་ཨོ་རྒྱན་རིན་པོ་ཆེ༔ ཡེ་ཤེས་འཇིག་རྟེན་ ཌཱཀྐིའི་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ བསམ་པ་ལྷུན་གྱིས་བྱིན་གྱིས་རློབས༔ དགྲ་བགེགས་གདུག་པ་བསྣོལ་བའི་ཁྲི་སྟེང་ན༔ ཆོས་སྐྱོང་གཙོ་བོ་ཨོ་རྒྱན་རིན་པོ་ཆེ༔ ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་དུས་ཀྱི་གཡོ་འཁྲུགས་བཟློག༔ བསམ་པ་ལྷུན་ གྱིས་བྱིན་གྱིས་རློབས༔ མི་འགྱུར་རིན་ཆེན་གཏེར་གྱི་ཕོ་བྲང་ན༔ དངོས་གྲུབ་འབྱུང་གནས་ཨོ་རྒྱན་རིན་པོ་ཆེ༔ ནོར་ལྷ་གཏེར་བདག་རྣམས་ཀྱི་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་དངོས་གྲུབ་ཆར་ལྟར་ཕོབ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་ གྱིས་རློབས༔ ཁ་བའི་ཡུལ་ལྗོངས་བོད་ཀྱི་ཞིང་ཁམས་སུ༔ ལྷ་སྲིན་དམ་འདོགས་ཨོ་རྒྱན་རིན་པོ་ཆེ༔ བཀའ་སྲུང་སྡེ་བརྒྱད་གཞི་བདག་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་མཐའ་ཡས་དམག་དཔུང་བཟློག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བདེ་ཆེན་པདྨ་འོད་འབར་ཕོ་བྲང་ན༔ འོད་དཔག་མེད་ མགོན་ཨོ་རྒྱན་རིན་པོ་ཆེ༔ ཕྱོགས་བཅུའི་སངས་རྒྱས་སྲས་བཅུའི་འཁོར་གྱིས་བསྐོར༔ གསོལ་བ་འདེབས་སོ་པདྨ་འོད་དུ་དྲོངས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱ་ཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྟེང་ནས་ཉི་ཟླ་གཟའ་སྐར་ཆོ་འཕྲུལ་བཟློག༔ འོག་ནས་ས་བདག་ཀླུ་གཉན་གདུག་རྩུབ་བཟློག༔བར་ནས་བཙན་དང་མ་མོའ་ིགནོད་པ་བཟློག༔ འབྱུང་བ་བཞི་ཡི་ནད་རིམས་ཐམས་ཅད་ཀྱི་ཁ་ཐུམ༔ ཕྱོགས་བཞི་མཚམས་བརྒྱད་ཀྱི་མཐའ་ཡས་དམག་དཔུང་ཐམས་ཅད་མཱ་ར་ཡ༔ བྷྱོ་བྷྱོ༔ བཟློག་བཟློག༔[合十][合十][合十]


发布     👍 0 举报 写留言 🖊   
✋热门推荐
  • #沈阳装修公司# #方林装饰#【宜家悦筑装饰】以其具有市场竞争力的整体家装产品及契合当今消费群体整装服务,开启了一站式绿色整体家装“合零为整”的新纪元,致力于成
  • AAC hunter Y4E的个人分析,写在 3月25号,虽然当时被我们一顿吐糟 Azuki不可能突破20eth,现实给了我们响亮的耳光。我们欢迎开放的意见,也
  • 请不要因为揪奖关注我,没抽到又取关,我会伤心的。但我怕被吞账号,所以如果我到时候没回fo的话就需要妈咪来戳戳我这样子以上就是这样[开学季][开学季](希望不要被
  • 去翻了博客来对林真美的采访,最后这句话太好了,也放在这里推荐:“《有年轮的绘本》是一本大人与绘本间的桥梁书,献给每一个童年时来不及拥有绘本的大人。 ——《繁星·
  • 他需要的,是我们的“同频共振”是“用跨越时间的生命力去传播爱意,释放善意”如果你有了解他品牌中所要表达的“赫兹”、“蝴蝶”、“未来”和“艾赫”。他了解自己,知道
  • 可是糖果妹妹,妈妈也是人,妈妈也会累,记得第二次带你住院的时候,去做核酸,走廊上长长的队伍,走廊的尽头就是一楼,妈妈站在四楼往下看,内心异常平静(妈妈恐高,高
  • 名句“对不起,对不起,对不起”出自“轮回”我听了师兄的毕业论文分享师兄说毕竟硕士论文也写不了那么多嘛我的这个题目需要讲多久就能讲多久 可收可缩(博士师兄)提的这
  • FDU|最新入驻品牌 MAIN BOOTH️ FDU®✨MAIN BOOTH:: @FDU集合店: 喜欢私信✉️下期分享✉️不见不散-美味诱人的食物印花系列单品
  • 神经学科学家张旭就解答了一个我最好奇的问题——“35岁焦虑”张院士是这么说的:25岁到45岁区间,大脑的创造力是最大的,之所以会有焦虑,可能是因为没有定型,实际
  • 班小松我们宠着 二源我们哄着 源源我们惯着 王源·Roy你大胆往前走 余生小汤圆四叶草守候 世上明星千千万 唯有我源最好看 发型到位☆气质高贵☆亿人呐喊♛二源万
  • 真风“あなたのおでこは熊本の馬刺しのよう…”我笑疯了 大介彻底写不出土味情话开始走出身地的梗了不过lfh的香槟️MOE给好评⭐️✨linedance毫无意外地是
  • #甘肃路网实时路况# 截至4月5日7时30分,我省高速及普通国省干线公路天气晴或多云。2.因疫情防控,青海省对G6京藏高速出甘入青的车辆进行查验,甘青交界处车流
  • 我爸:我站在这儿看来来往往的学生都挺会穿的 你(看了看我)你不要不舍得花钱 你多去买点衣服啊 你看看你怎么穿着一身运动服就出来上课了哈哈哈哈哈哈哈哈我:老爸你说
  • 当交易连续亏损,交易节奏紊乱时,及时停下来调整心态,是非常必要的,不然会越来越乱;当趋势不明,价格无序波动时,只能耐心等待价格的突破和趋势的明朗,当自己看不明白
  • 适合长期不发状态的温柔文案 原图在主页置顶❤️❤️ 浪漫世界值得孤身。 我也会拥有鲜花和月亮。 这次我正在朝光的方向走。 烟火向星辰,所愿皆成真。 很久不见
  • 明洪武二十四年(1391年)朱元璋一道诏旨,令茶废团改散,“岁贡上贡茶,罢造龙团,听茶户惟采芽茶以进”把团茶都废掉,喝散茶。 《元和县志》记载虎丘所产之茶:“
  • 2月份,那时就知道消息的宝子[抱一抱]我们玉骨遥到时候,也要靠万能的友友们了[抓狂]等友友们投喂我[抱一抱],我很乐观and稳定,所以什么料都可以分享给我嘿嘿!
  •   7、你活得不快乐的原因大概是,你总是间接性的涛铸满志,持续性的混吃等死,既没有办法忍受目前的状态,又没能力去改变目前的状态。  17、我没想过戒烟,更谈不上
  • 上一次玩风筝还不知道是在十几年前了 记忆中就是没放成功过[抓狂]昨天放起来了好几次可惜风有点小 拉着风筝跑得时候好快乐(就是有点喘)感觉谈恋爱可以一起做一些可能
  • 下午土豆发了一个小红书 感觉看到了自己记得刚上大学的时候很想快速进入一段恋爱 但当真的能快速进入一段感情的时候 我又开始退缩了快餐恋爱真的不是我想要我想要的是认