࿑།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། 

࿑།། ཐུགས་རྗེས་འགྲོ་བའི་དོན་མཛད་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །

࿑།། ཨོཾ་ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུརྱ་པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྨྱཀྶཾབུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ། བྷཻ་ཥ་ཛྱེ། མཧཱ་བྷཻ་ཥ་ཛྱེ། བྷེ་ཥ་ཛྱེ་རཱ་ཛཱ་ཡ། ས་མུངྒ་ཏེ་སྭཱ་ཧཱ།

འཆི་བར་བྱ་ཕྱིར་སྐྱེས་གྱུར་ཅིང་། །གཞན་དབང་འགྲོ་བའི་ངང་ཅན་ལ། །འཆི་བ་བྱ་བ་ལྟར་སྣང་སྟེ། །གསོན་པ་བྱ་བ་མིན་ལྟར་རོ། །
ཁྱོད་ཀྱིས་འདས་དུས་ཐུང་ངུ་ལྟར། །མཐོང་ཞིང་མ་འོངས་གཞན་དུ་ན། །ཁྱོད་མཉམ་མི་མཉམ་ལྟར་སེམས་དེ། །གསལ་བར་འཇིགས་པའི་འོ་དོད་འདྲ། །
སློབ་དཔོན་འཕགས་པ་ལྷས།

འདི་ནས་དཔག་ཚད་དུ་མའི་ཕར་སྒང་ཞིག་ན།།
ཁོ་བོའི་ཡབ་མེས་རིགས་རྒྱུད་འཚོ་བའི་ཡུལ་གྲུ།།
མི་ཉག་གཡང་སྡེ་ཕྱུག་མོ་ཞེས་བྱའི་སྨན་ལྗོངས།།
གངས་ལྡན་མཛེས་སྡུག་ས་ཡི་དང་རྩེར་བལྟམས་པ།།

གང་གི་ལྷོ་རྒྱུད་དལ་འབབ་ཉག་ཆུའི་འགྲམ་དུ།།
རང་འཁྲུང་ལྷ་ཤིང་སྨན་སྣའི་སྐྱེད་ཚལ་སྟུག་ཅིང་།།
རི་སྐྱེས་རི་དྭགས་གཅན་ཟན་ནགས་ལ་རྒྱུ་བའི།།
རང་བྱུང་ཁོར་ཡུག་མཛེས་པ་ལྷ་ལ་འགྲན་ལེ།།

དེ་ཡི་གཤོང་ན་རོང་སྡེའི་ཁང་ཁྱིམ་གྲུ་བཞི།།
གནའ་སྲོལ་ལག་རྩལ་རྡོ་དང་ཤིང་བཟོའི་མཛེས་སྐྲུན།།
བརྒྱ་ཕྲག་དུ་མའི་ཕྲེང་ཚར་གཅལ་དུ་བཀྲམ་པ།།
སྔོན་རབས་རིགས་ཀྱི་འཚོ་བའི་ལྟད་མོ་ཡོད་སྐད།།

གང་གི་སྒང་རྒྱུད་སྦྲ་ནག་འབྲོག་པའི་འཚོ་བ།།
སྒོ་སྐྱེས་གཡང་གི་རྟ་ནོར་ཕྱུག་རིགས་སྣ་ཚོགས།།
རི་ལུང་རྩི་ཏོག་བཅུད་ལ་རང་དགར་ཡན་པ།།
འབུམ་ཕྲག་སྒྱུ་སྐར་ཁྲ་མོ་ས་ལ་འཕོས་འདྲ།།

འོན་ཏེ་ཉེར་བཞིའི་ལྷག་པའི་ཉིས་སྟོང་ལོ་མགོར།།
མེ་དཔུང་བསྲེགས་ཟ་འབར་བ་ཤེད་ཀྱིས་མཆེད་དེ།།
སྒང་གཤོང་ཁོར་ཡུག་མཛེས་སྡུག་དུས་གཅིག་ཉམས་པའི།།
སྣོད་བཅུད་དགེ་མཚན་ཆོམ་པོ་གློ་བུར་བྱུང་སོང་།།

ཡ་མཚན་རི་ལུང་ཁོར་ཡུག་མྱ་ངམ་ཡུལ་གྲུ།།
རང་བྱུང་ནགས་མའི་སྐྱེད་ཚལ་སོལ་ནག་འབའ་ཞིག།
མཛེས་སྤྲས་གཞིས་ཁྱིམ་དྲོན་མོ་ཁང་གོག་ཧ་རེ།།
ཐམས་ཅད་མེ་དུད་འཁྲིགས་པས་མདོག་དབྱིབས་བསྒྱུར་འདུག།

མཐོ་སྒང་རང་བྱུང་མཛེས་པའི་ཁོར་ཡུག་ཡིན་ཞེས།།
གཅིག་བས་གཉིས་ལྷག་ཁ་བའི་རི་ན་མཆིས་སྐད།།
འདི་ལ་འགྲན་དུ་བདོ་བའི་སྨན་ལྗོངས་དཀོན་ན།།
རིགས་ལ་བཅངས་པའི་ཕངས་སེམས་ཅིའི་ཕྱིར་མི་སྐྱེ།།

རང་ཡུལ་རང་གིར་ལོངས་སྤྱོད་ཡིད་ལ་བྲིས་པ།།
རྨི་ལམ་སྒྱུ་མའི་དཔེ་ཟླར་དེ་རིང་ཆས་སོང་།།
མི་རྟག་རྟག་པར་འཛིན་པའི་ཞེན་སྣང་འདི་ལ།།
མི་འདོད་འཁོར་བའི་རང་མཚང་ཡང་གཅིག་བསྟན་བྱུང་།།

སྔོན་བསགས་ལས་དབང་བསྐོས་ཐང་དེ་འདྲ་མེད་ན།།
འཕྲལ་རྐྱེན་འབྱུང་བཞིའི་གནོད་འཚེ་དེ་འདྲ་མེད་ན།།
ཤེས་ལྡན་སུས་ཀྱང་གཏོར་བརླག་དེ་འདྲ་མེད་ན།།
སྣོད་བཅུད་ཕུན་སུམ་ཚོགས་པའི་དཔལ་ཡོན་རོལ་ཆོག།

རྒྱ་ཆེན་ཁོར་ཡུག་འདི་ལ་ཕངས་སེམས་ཞིག་གིས།།

ནགས་ཀློང་ཕྱུག་མོ་འདི་ལ་འཁྲེང་སེམས་ཞིག་གིས།།

ཁོར་ཡུག་ཡུལ་སྡེ་འདི་ལ་བརྩེ་སེམས་ཞིག་གིས།།
ཀུན་གྱིས་རོགས་འདེགས་དྲིན་ལ་ཡི་རངས་ཞུ་འོས།།

བྲེལ་ཆེ་བའི་བར་གསེང་ཞིག་ལ་རང་ཡུལ་ཕྱོགས་ལ་འཁྲེང་བའི་གཏམ་ཐུང་ཙམ་ཤར་སྒྲོན་མེ་ནས་འཕྲལ་བྲིས། https://t.cn/R2Wx1Uq


发布     👍 0 举报 写留言 🖊   
✋热门推荐
  • 于是,赵女士就按照对方的要求下载了“瞩目国际”APP,打开了屏幕共享由对方帮她关闭“京东白条”。按买家咨询的消息数进行计算,不去重,都会计入5、子账号A没有回复
  • #马嘉祺[超话]# mjq#马嘉祺全员加速中# mjq#马嘉祺李宁运动青春产品全球代言人# , .星辰多温柔,恰似你眼眸。@时代少年团队长-马嘉祺
  • 值得一提的是,富士康新事业发展集团在郑州中原科技城设立创新育成基地的选择,也进一步彰显了该地区在新能源汽车产业链中的重要地位。根据鸿海的计划,全新的Model
  •   将军向宠,性行淑均,晓畅军事,试用于昔日,先帝称之曰能,是以众议举宠为督。愚以为宫中之事,事无大小,悉以咨之,然后施行,必能裨补阙漏,有所广益。
  • 情侣间一定要聊的22个私密话题 1、第一次拥抱和接吻的感觉 2、我身上哪点最吸引你 3、说一说内心深处的小秘密 4、你觉得最浪漫的事是什么 5、说说对方的三个
  • #绘画[超话]##零基础自学插画[超话]##插画[超话]# 新课:鱼小沫Q版人物 一只猫手 蓉儿水彩头像 tc晨 益生菌 王小翘 蕙宝 k大11期 荔枝……没
  • 但是我做个面膜感觉不到功效的时候,确实是感觉岁月带走了很多东西有时候我陷入一种怪圈,那就是我理想的光鲜亮丽的生活,特别最近我时常矛盾,矛盾的是,我自责我不应该过
  • 我想吃什么你都会买都会给我煮 甚至有些事我不说 都会给我准备,这并不是什么惊喜 就只是在平淡日子里的宠爱 平平淡淡 日子过得挺温暖的。什么都不期望 只希望你对待
  • 领应援也比较搞笑,我们去的太晚了都被领完了,好不容易有一个,但却不知道博主穿什么衣服[允悲]一遍一遍走,突破了社恐没想到竟然找对了领到了小卡[哈哈]散场以后有和
  • [太开心]而且我留言的帖子都是找聊天的那些,没记错的话带性的话题的也不评论啊就纯属看看评论区,也说清楚了自己是纯爱战士不聊颜色[太开心]我又不是草船,有箭别往我
  • 比如私信里的家长就会觉得,我做了「说出孩子的情绪」这件事,然后抱了孩子,孩子才平复了——那为什么没有把原因归因为有接纳意味的肢体接触(拥抱)呢?不要说假如能重来
  • 杨绛先生说过:人到中年最大的劫,桃花劫。遇到了一个很喜欢,又很爱的人。想忘,忘不了,想见,见不到。连见面都是一种奢侈,更别提一个拥抱了。入了心动了情,便是一辈子
  • #江小宴说迪丽热巴黄景瑜年初还在一起#哈哈哈哈(ಡωಡ)hiahiahia,热带yyds,3月还又党又立cue绯闻不澄清,前段时间手滑梦海就是一方面为黑料转移热
  • 研究人员还监测了这一方法以单个神经元为单位对大脑活动的影响,结果发现,在睡眠期间开展精准刺激有助于加强海马体和额叶皮层之间的交流。研究人员指出,他们首次证明了一
  • 亲爱的排排今天是第八百一十天了 早就回家了磨磨蹭蹭的洗澡洗头现在一点了还没睡今天哈断断续续的昨晚上小红书找来的人今天下午成了这一单也还行有了这个开头后续也好的明
  • 2、玉洁(冰清玉洁)成语解释:象冰那样清澈透明,象玉那样洁白无瑕。3、白雪(白雪皑皑)成语解释:皑皑:洁白的样子,多用来形容霜雪。
  • 雙冧傅大士,又稱善慧大士,生於齊明帝建武四年丁醜歲(497年),五月初八日。東陽郡烏傷縣稽亭里人也,其家姓傅氏,名翕,又名弘,字玄風,號善慧。其先祖泥陽縣傅嘏,
  • 进入2022年之后,赛道股的调整让高瓴资本吃尽了苦头,迅速缩水的持仓市值,也向市场证明了周期的“魔咒”。但是2022年年底之后,漫长的下跌摧毁了高瓴资本的光环,
  • #梦中的那片海[超话]# 《梦中的那片海》观后感 第11章 命运无常 (21、22集) 命运,是一件很奇怪的事儿,老话儿说“福无双至,祸不单行”命运好像特别喜欢
  • 整部书可以说写的不是英雄,而是平平凡凡的人,所谓英雄,或许就是绝境中灿烂的光芒,此书可谓分为了很多个故事构成,内容着实庞大,故事主要讲述了王小石背着一把弯了剑柄