ཀ་བ་གདུང་ལྕམ་བཀྲ་བའི་ཁང་བཟང་གི་དབུས་སུ། །
ཁ་མངར་ཞིམ་དགུའི་ཟས་ཀྱི་མགྲོན་ཁ་ལ་བོས་ཚེ། །
ག་ལེར་ལོངས་སུ་སྤྱད་ནས་མགུར་དབྱངས་རེ་འཐེན་ནས། །
ང་རང་ཨ་མཆོད་ཚོ་ལས་སྐྱིད་པོ་ཞིག་སུ་ཡོད། །

ཅ་ཅོའི་གཏམ་བྲལ་ཁ་ཏོན་དགེ་སྦྱོར་ལ་བརྩོན་བཞིན། །
ཆ་ཡོད་ཡོན་བདག་རྣམས་ཀྱི་ཁྱིམ་ཕུག་ཏུ་འགྱིངས་ནས། །
ཇ་སོགས་ཟས་གོས་གང་བཟང་ཧབ་ཐོབ་རང་བྱེད་ལ། །
ཉ་འདོན་ཨ་མཆོད་ཆོ་ལ་འགྲན་ཟླ་ཞིག་སུ་ཡོད། །

ཏ་ལེན་ཕྲག་པར་ཁུར་ནས་ཡས་མས་སུ་སོང་ཚེ། །
ཐ་ན་དོང་ཚེ་རྡོག་གཅིག་རྙེད་པ་ཡང་དཀའ་མོད། །
ད་ལྟ་རྟ་ནོར་ལུག་གསུམ་ཐོབ་པ་ལ་བལྟས་ན། །
ན་རཀ་ཨ་མཆོད་ཚོ་ལས་བཙན་པོ་ཞིག་སུ་ཡོད། །

པ་ར་མི་ཏ་ལ་སོགས་གསུང་རབ་ཀུན་སྒྲོག་བཞིན། །
ཕ་རོལ་ཡོན་བདག་རྣམས་ཀྱི་མཆོད་ཡུལ་དུ་བཞུགས་ནས། །
བ་འབྲིའི་འོ་ཞོ་བཏུངས་ནས་སྐྱིད་པོ་རང་བྱེད་ལ། །
མ་བཟང་རྒོད་བྲོ་ཟེར་ལ་ཉན་རྒྱུ་རང་ཅི་ཡོད། །

ཙ་རི་དབུས་གཙང་བསྐོར་ནས་ཡོང་ལས་ཤིག་མ་འོང་། །
ཚ་གྲང་བཀྲེས་སྐོམ་མྱོང་བའི་སྡུག་བསྔལ་རང་མཐོང་ནས། །
ཛ་ཡའི་བསྟན་པ་ཀུན་ལ་ཕྱོགས་རིས་ཤིག་མེད་ན། །
ཝ་སྐྱེས་འདྲ་བའི་བླ་གྲྭ་བྱ་བཏང་ཚོས་ཅི་བྱེད། །

ཞྭ་མོ་རྩེ་རྣོ་གྱོན་ནས་གྲོང་ཡུལ་དུ་སོང་སྟེ། །
ཟ་ཚོལ་མཁན་པོ་ཨ་མཆོད་ང་རང་དང་འདྲ་བ། །
འ་འུར་དབྱངས་ཀྱིས་ཐར་མདོ་ཤུགས་དྲག་ཏུ་བཀླགས་ན། །
ཡ་མའི་བཤང་གཅི་འཆོར་ལ་ཐེ་ཚོམ་རང་ཅི་ཡོད། །

རྭ་ལྟར་གྱོང་བའི་ཨ་མཆོད་འདི་རྣམས་ཆོ་མེད་ན། །
ལ་ལུང་ལྷ་འདྲེ་མང་པོས་སེམས་ཅན་ལ་གནོད་ཡོང་། །
ཤ་ཁྲག་དཀོར་ལ་ཞེན་ཆགས་ཆེ་བ་ཞིག་མ་ཡིན། །
ས་སྟེང་གང་བའི་འགྲོ་བ་སེམས་ཅན་གྱི་དོན་ཡིན། །

ཧ་ཧ་བཤད་ཚད་ཐམས་ཅད་རྩེ་མོ་རང་ཡིན་ནོ། །
ཨ་མཆོད་རྣམས་ཀྱི་སེམས་ལ་འདི་འདྲ་ཞིག་ཟུངས་ཤིག


________དགེ་འདུན་ཆོས་འཕེལ།

དགའ་ལོ་མ།

དྲན་དྲན་ཚིག་གི་རི་མོར་ཟད་མཐའ་མེད་ཀྱང་། །
ཡ་ཆུང་སྙིང་གི་གཏིང་ལ་ཁྱོད་ཉིད་ཡོད་པས། །
ཚོར་བའི་དགའ་སྐྱོ་འདྲེས་པའི་གཏམ་རྒྱུད་རིང་མོ། །
རྒྱང་རིང་མཛའ་མོ་མ་གཏོགས་སུ་ལ་བཤད་ཨང་། །

ལོ་ཟླ་ཡུན་གྱིས་འདས་རུང་བརྩེ་བ་རྙིང་མེད། །
འཚོ་བའི་རབ་ཁ་བརྒལ་ཡང་ཞེ་འདང་འགྱུར་མེད། །
འདྲེས་ཀྱིན་ཇེ་ཡག་ཡིན་པའི་ན་ཆུང་བུ་མོ། །
ཁེར་རྐྱང་འཚོ་བའི་ཁྲོད་ཀྱི་དྲན་ཤིང་ཡིན་སོང་། །

ཉི་འོད་སྤྲིན་དང་འདྲེས་ན་ཡིད་སེམས་འཁྱག་ཡོང་། །
ཡུལ་ལ་ལྷག་རླུང་ལྡང་ཚེ་ཁྱོད་ཉིད་དྲན་ཡོང་། །
མིག་ཟུང་རྒྱང་ལ་ཕྱོགས་པའི་ཨ་ཇོའི་སེམས་པ། །
རི་དང་གཙང་པོ་འདི་ཚོས་ཁོག་ཐབས་མི་འདུག །

ཆུ་དང་ཆུ་བོ་འདྲེས་ན་རྒྱ་མཚོ་འགྱུར་ཡོང་། །
སེམས་དང་སེམས་པ་བསྲེས་ན་དེ་ལས་ལྷག་སྐད། །
མཛའ་བརྩེ་ཁོག་ལ་ཉར་བའི་དྲན་གདུང་འདི་ཚོ། །
འདི་ཞེས་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་སོང་། །

ལོ་ཟླ་ཞག་གིས་ཆོད་པའི་མི་ཚེ་རིང་མོ། །
དགའ་སྐྱོའི་འཚོ་བ་འདྲེས་པའི་རྨི་ལམ་ཡིན་ཚེ། །
རྨི་ལམ་ཞིང་གི་ལྷ་མོ་ཁྱོད་ལས་མེད་ན། །
ཚེ་གང་དྲན་པས་གདུང་རུང་སྐྱིད་ཅིག་འདུག་གོ །

འོ་མས།

སངས་རྒྱས་མི་གཟུགས་བྱོན་པའི་རྫུ་འཕྲུལ་ཅན།།
མཐུ་རྩལ་རྨད་བྱུང་ཧོར་བདུད་ཆམ་ལ་ཕབ།།
འདྲེ་སྲིན་དམ་བཏགས་བོད་ཁམས་བདེ་ལ་བཀོད།།
དབུ་ནག་དགྲ་བླ་སྐྱེ་བུ་དོན་འགྲུབ་རྒྱལ།།

ཆཊ་མེད་རིན་པོ་ཆེ་ནས།


发布     👍 0 举报 写留言 🖊   
✋热门推荐
  • 把我看毛了……依然没有猫去揍小鱼儿……阿杜蹲在茶几侧面露出一个脑袋,就那么一动不动的盯了小鱼儿十多分钟……估计是也研究不出这黑不溜秋的碳头跳蚤到底是个啥玩意儿…
  • 简单的说就是,首先要定义训诂的的内容及含义,并总结出训诂的方法;其次要弄明白文字的来龙去脉,以前怎么写?这些著作无一例外的都是以汉代经学家的视角来解读先秦典籍,
  • 我是一名来自某制衣有限公司的普通职员,我刚进入单位时也是充满期待和上进,后来因为性格原因,与一些年纪大的阿姨起冲突,不是我的问题,主管反而扣了我的绩效。邛海给我
  • 祝大家情人节快乐和新年快乐,还有就是我有男朋友了,很高兴他能实现我在新年到来之前找到男朋友过上情人节的愿望,本来不想在微信上说的,可是男朋友非要我发朋友
  • 八字小知识#星座##好运# 身弱的八字能发财吗? 为什么大富大贵的命好算,而普通的八字很难断?身弱的八字能发财吗?答案是肯定的。无论身旺身弱,人生在世总有他的
  • 真心想跟大家分享第一次买的艾芙洛的洗发水 因为之前有朋友送了我一个旅行装试用了以后我考虑了差不多半个月才下定决心要买 因为价格有点小贵⑉・̆⌓・̆⑉我是自己在
  • 我孤独的出现,并且是面对唯一的和构成我的存在的最初谋划而焦虑地出现,所有的障碍,所有的栅栏都崩溃了,都因意识到我的自由而虚无化了、我没有也不可能求助于任何价值
  • 过程雨情:19日20时-20日03时(图3)我市出现阵雨天气,局部中到大雨,全市最大降水量兰考孟寨站46.6mm,区域站中25-50mm有4站,10-25mm有
  • 特别是对男孩子来说,如果出现了肌肉的明显发育,家长就要考虑是不是孩子骨骺线“提前退休”了。骨骺线闭合是孩子“身高”封锁的信号,要想蹿出高个子,家长要有数在一些家
  • 2、会造成宝宝大脑早衰研究发现,早衰物质会因饮食过饱于饭后增加数万倍,易致肥胖症,甚至影响大脑的发育,智力偏低。2、会造成宝宝大脑早衰研究发现,早衰icon物质
  • 谭憧 Dr. Adam  专长领域:产后康复训练与腰痛治疗运动损伤的修复与处理脊椎肌筋膜炎与椎间盘康复关节置换术后康复韧带重建术后康复手法治疗与康复训练相结合(
  • 在美妆博主的测评中,沧州化妆刷的品质已经不输日本堂口刷。而在1990年到2006年的近20年间,韩资企业主导下的沧州化妆刷工厂群,主要从事代工生产。
  • 座谈会上,大家一起观看了《向东看新瑶海》、《最好的未来》等瑶海区城市民族工作系列短视频,程业琳介绍了瑶海区近年来开展民族工作的做法和成效。在中心讲解员的带领下,
  • ”(《易·系辞》)出于这一思想,《周易》对著名的“汤武革命”给予了很高的评价,说:“天地革而四时成,汤武革命,顺乎天而应乎人,《革》之时,大矣哉。“明时”“变通
  • [汗]冷气十足 音效也非常的nice️涂鸦区有楼梯 上去楼顶就是一个露天咖啡厅☕️可以欣赏繁华的北京路十字路口景色 视野本期介绍到这里差不多啦 我们下期再见 #
  • “先天为体、后天为用”就是指在奇门遁甲实践中以“先天卦”为参考点,看“阴阳平衡与不平衡”作用到“后天卦位”所在“卦”所包含的人或事上的吉凶祸福,这个关系就是“先
  • [doge]于是碗里的东西吃完后,欲求不满的豆崽今夜行动路程如下 先是在房间直转,嗷嗷叫 多次跑到我身边可怜唧唧的交了几声[doge] 发现装可怜无用后
  • 中唐都口腔科医院技术怎么样?采用不拔牙扩弓和拔除上颌双尖牙正畸方案哪种方案好,有其他建议吗?
  • #蔡徐坤迷互动mv# cxk#蔡徐坤0802生日快乐# 2021.7.29 距蔡徐坤23岁生日4️⃣天光阴一点点缩短 我对你的爱意永不凋零不论莫小棋的预言是不
  • #巴克提玛伽##阿特玛科里亚瑜伽##大师箴言# 当你意识到唯有通过谦卑才能恒处于神爱之中时,你所有的负面品质才会消失,正如光一出现,阴影就消失了。只有这样,你才