གུ་རུ་རིན་པོ་ཆེའི་ཡོན་ཏན་བདུང་རྩི་སྨན་གྱི་སྒྲུབ་གནས་ཆེན་པོ་ཡར་ཀླུང་ཤེར་བྲག་ཕུག་པ་སྟེ་གུ་རུའི་ཞབས་རྗེས་དང་ཕུར་པ་རང་བྱོན་སྒྲོན་མ་རང་བྱོན་གུ་རུ་གཙོ་འཁོར་གྱི་སྐུ་བརྙན་སོགས་མཇལ་རྒྱུ་ཡོད།

འོག་ཏུ་མཚན་བརྒྱད་ལྷ་ཁང་དང་གནས་མདོའི་བླ་བྲང་ལྷ་ཁང་དང་གནས་ཀྱི་གཡས་ཕྱོགས་རི་སྒང་དུ་དུར་ཁྲོད་བཅས་མཇལ་རྒྱུ་ཡོད།

འདི་ནི་ནོར་བུའི་ནང་གི་ནོར་བུ་སྟེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས། རང་རྒྱལ། རྣལ་འབྱོར་དབང་ཕྱུག་ཆེན་པོ་ལ་སོགས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་གདུང་ལས་འབྱུང་བ། ཆེ་ཆུང་ཕལ་ཆེར་ཡུངས་ཀར་གྱི་འབྲུ་ཙམ་དང་། ཆེ་བ་འགའ་ཞིག་སྲན་མ་ཙམ་པ་སོགས་ཅི་ཡང་འབྱུང་ཞིང་། དབྱིབས་ནི་ཕལ་ཆེ་བ་རིལ་བུ་དང་། འགའ་ཞིག་པ་ངེས་མེད་སྣ་ཚོགས་འབྱུང་བ། ཁ་དོག་མང་ཆེ་དཀར་པོ་དང་། འགའ་ཞིག་སྔོ་སྐྱ། འགའ་ཞིག་འཇལ་རིས་ཅན་སོགས་འབྱུང་བ། འགའ་ཞིག་མཆོད་ཅིང་གསོལ་བ་བཏབ་པ་དང་། བཙོག་གྲུབ་སོགས་མ་ཕོག་ན་འཕེལ་ནས་གཅིག་ལས་མང་པོ་འཕེལ་བ་སོགས་ངོ་མཚར་བའི་མཚན་རྟགས་དང་ལྡན་པ་ཞིག་གོ། འདི་འབྱུང་བའི་རྒྱུ་མཚན་དང་། གང་ནས་བྱུང་བ། གྲུབ་ཆ་གང་ཞིག་ཡིན་མིན་སོགས་ཀྱི་རྒྱས་བཤད་བྱེད་པ་ནི་བདག་ཅག་སོ་སོ་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཞིང་། བྱེད་དགོས་པའང་མེད་པས་ངོ་འཕྲོད་པ་ཙམ་གྱིས་རུང་ངོ་།།
འདི་ལྷོ་ཕྱོགས་འཛམ་བུ་གླིང་སྟེ་འོ་ཅག་ཁ་བ་ཅན་དང་། རྒྱ་གར། རྒྱ་ནག་སོགས་སུ་སངས་རྒྱས་ཀྱི་གདུལ་བྱའི་ཞིང་ཁམས་རྣམས་མ་གཏོགས། མཐའ་འཁོབ་ཀྱི་ཡུལ་རྣམས་སུ་མི་འབྱུང་ཞིང་། ས་རྡོ་དང་རི་བྲག་སོགས་སུ་རང་བྱུང་ཁམས་ཀྱི་དངོས་པོ་གཞན་གང་ཞིག་ལས་ཀྱང་འབྱུང་བར་མི་འགྱུར་བས་ཆེས་བླ་ན་མེད་པའི་རིན་པོ་ཆེའོ།། མིང་གི་རྣམ་གྲངས། ཤ་རཱི་རམ་དང་། འཕེལ་གདུང་བཅས་སོ། ཕན་ཡོན། དྲི་མེད་ཤེལ་ཕྲེང་ལས། རྒྱལ་དང་ཉན་རང་བྱང་སེམས་རྣལ་འབྱོར་གདུང་།།རིང་བསྲེལ་མཆོད་འཆང་བསྟེན་པས་གདོན་སྲུང་ཞིང་།། སྒྲིབ་སྦྱོང་ནད་སེལ་སྐྱེ་བ་དྲན་པ་ཡི།།ལྷ་ལས་ལྷག་པའི་དལ་འབྱོར་གཙང་འབྲས་འཐོབ།། ཅེས་གསུངས་པ་བཅས་ཀྱིས་གསལ།
@སྨན་གྱི་འཁྲུངས་དཔེ་ལས།
རིང་བསྲེལ། འབྱུང་ཁུངས།
དགེ་སློང་སྡོམ་གཙང་དང་། བྱང་ཆུབ་སེམས་པ་དཔའ་སྟོང་ཉིད་རྟོགས་པའི་གང་ཟག་སོགས་ཀྱི་སྔགས་ཀྱི་ས་ལམ་ལ་ཞུགས་ནས་གནས་ཚད་མཐོན་པོ་སླེབས་པ་ཡིན་ན་དེའི་ཕུང་པོ་ལས་རིང་བསྲེལ་བྱུང་བ་ཡོད་ཅིང་། དེ་ལ་མདོག་དཀར་པོ་དང་ནག་པོ། དཀར་དམར། ལི་ཁྲི་བཅས་སྣ་ཚོགས་ཡོད་དོ།། ངོས་འཛིན། ཤེལ་ཕྲེང་ལས། མཆོག་གི་ནོར་བུ་ནི།། དེ་བཞིན་གཤེགས་པའི་རིང་བསྲེལ་རྣམ་པ་ལྔ་དང་། དེའི་ནང་ནས་ཀྱང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་རྣམས་ཡིན་ལ། དེ་ནི་མིའི་བསོད་ནམས་འབའ་ཞིག་ལས་ལྷ་སོགས་ཀྱིས་ཐོབ་པར་མི་ནུས་ཏེ། དེ་བཞིན་གཤེགས་པའི་ཆོས་ཀྱི་བསྟན་པ་དང་། དེའི་གདུལ་བྱ་ཤས་ཆེ་བ་ནི་ཛམྦུ་གླིང་ཁོ་ནར་ཡོད་པའི་ཕྱིར་ཞེས་ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱིས་གསུངས་པས་ཡང་དག་པའི་ཚད་མའོ།། དེ་ནི་འཆང་བ་དང་མཐོང་ཐོས་དྲན་པས་བསྐལ་བ་སྟོང་དུ་བསགས་པའི་སྡིག་སྒྲིབ་འདག་ཅིང་ས་དང་ལམ་གྱི་ཡོན་ཏན་རིམ་པས་རྫོགས་པར་ནུས་ན་ཐུན་མོང་གཞན་ལྟ་ཅི་སྨོས། དེ་ཡང་ཀརྨ་རང་བྱུང་རྡོ་རྗེས། རྒྱལ་བའི་རིང་བསྲེལ་ནོར་བུའི་མཆོག ། དགོས་འདོད་ཐམས་ཅད་འབྱུང་བར་བྱེད།། ཉན་ཐོས་རང་རྒྱལ་བྱུང་ཆུབ་སེམས།། དེ་བཞིན་རྣལ་འབྱོར་ལྡན་པའི་གདུང་།། མཆོད་ཅིང་ལུས་ལ་བཅངས་པ་ཡིས།། གདོན་ཀུན་ཕྱོགས་སུ་ཉེ་མི་ནུས།། ཞེས་གསུངས།།
རྒྱལ་བ་སྲས་དང་བཅས་པའི་རིང་བསྲེལ་འདི་ལ་བརྟེན་ནས་ནོར་བུ་གཞན་དག་ཀྱང་འབྱུང་བར་བཤད་པས། གཞན་ལང་བྱིན་རླབས་འབྱུང་བའི་རྒྱུ་མཚན་ནོ།། སློབ་དཔོན་ཀླུ་སྒྲུབ་ཀྱིས། མིའི་ཡིད་བཞིན་ནོར་གྱི་ནོར་བུ་རིན་པོ་ཆེ་ནི། དེ་བཞིན་གཤེགས་པའི་རིང་བསྲེལ་ལས་འབྱུང་སྟེ། དམ་པའི་ཆོས་ནམ་མ་ནུབ་ཀྱི་བར་ཡུལ་དེའི་གདུལ་བྱ་སྐྱོང་ལ། དམ་ཆོས་ནམ་ནུབ་པར་གྱུར་པའི་དུས་ཀྱི་ཚེ་རིང་བསྲེལ་རྣམས་རྒྱ་མཚོ་ཆེན་པོའི་ནང་དུ་ནོར་བུའི་གཟུགས་སུ་འགྱུར་རོ།། དཔེར་ན་ལོ་སྟོང་ལོན་པའི་ཆབ་རོལ་རིན་པོ་ཆེ་སྤུག་ཏུ་གྱུར་པ་བཞིན་ནོ།། ཞེས་གསུངས་སོ།། སྔོན་སངས་རྒྱས་འཇིག་རྟེན་དུ་བྱོན་པ་རྣམས་ཀྱི་སྐུ་གདུང་རིང་བསྲེལ་དེས་སངས་རྒྱས་དེ་མྱ་ངན་འདས་ནས་དེའི་ཞིང་སྐྱེ་བ་དྲན་པའི་མི་ལུས་གཙང་མ་ཐོབ་པར་བཤད་ལ། སངས་རྒྱས་དེའི་བསྟན་པའི་ཆོས་ནུབ་ནས་རྒྱ་མཚོ་ཆེན་པོར་ལྷུང་སྟེ། ནོར་བུའི་རིགས་སུ་གྱུར་ནས་ཀླུའི་གདུལ་བྱ་སྐྱོང་བས་ན་ལྷ་ཀླུ་མིའི་ནོར་བུ་མཆོག་དམན་ཐམས་ཅད་རྒྱ་མཚོ་རང་ནས་འབྱུང་བས་ན། རྒྱ་མཚོ་ལ་རིན་ཆེན་འབྱུང་གནས་ཞེས་པའི་དོན་ཏེ། དེའི་མཆོག་རྣམས་ནི་ཀླུའི་ལག་ནས་འབྱུང་ལ། དེ་ཡང་སངས་རྒྱས་དང་ལྷ་དྲང་སྲོང་སོགས་ལ་ཀླུས་ཕུལ་བས་ས་སྟེང་དུ་འབྱུང་བ་དང་། ཕལ་བ་ཐམས་ཅད་ནི་མཚོའི་རླབས་ཀྱི་འཕངས་པས་དེ་དང་ཉེ་བའི་སའི་རྩད་སོགས་ལས་འབྱུང་ཕྱིར་མཐའི་རྒྱ་མཚོའི་དང་ཉེ་བའི་ཡུལ་རྒྱ་གར་ནག་གི་མཐའ་མ་གཏོགས་པ་ཁད་ཀྱིས་མཐོ་བའི་བོད་དང་བོད་ཆེན་སོགས་མཐའ་མཚོར་འགྱངས་པར་མི་ཡོང་བ་ཡིན་ནོ།། ཞེས་གསུངས་པ་ལྟར་རོ།།☕️

ལྷ་ཆེན་མགུ་བའི་དཀའ་ཐུབ་མ་སྤྱད་ཅིང་༎
ཚངས་པ་ཆེན་པོའི་རལ་པ་མ་བཙིར་བར༎
ཐུབ་པའི་གསུང་རྒྱུན་ཛཧྣའི་བུ་མོ་ཡིས༎
ལུས་ཅན་རྨོངས་པའི་རྩ་བ་གཞོམ་པར་བྱེད༎

༢༠༢༤ ༥ ༣


发布     👍 0 举报 写留言 🖊   
✋热门推荐
  • p.s. 本次兑换奖励仅限iPhone或iPad设备使用详细领取教程请看下方攻略【“反向海淘”火了,跨境电商迎来新风口】  这两天,正在美国备婚的彭一(化名)收
  • 因为有了高情商,所以不管与什么人相处都能够和谐进行,而他们之所以会过得越来越有福气,只在于这些人一直都会通过安排好自己的生活,管理好自己的脾气,以及拿出乐观积极
  • 毫不夸张地说,那是我最快乐也最难忘的一个生日[抱一抱]我算是个并不那么信守承诺的人,因为我每次在想不能让你久等,但往往因为各种因素,无法和你一起在无论哪一张地图
  • 近期碎片✨在疫情封校期间当了两次小管长[doge]2块钱买了两瓶的西瓜牛奶 我猜老板娘说错了价格 但是我多问了一遍还是2块 带着质疑付款了[偷笑]实验室这边也有
  • 她(拜托,有闪闪发光爱人的权利和喜欢闪闪发光的人,都很值得支持的)[苦涩](比划哽咽)不说了,正好一人一个,拆了在用了[哇]@MIC王一浩Phibian你讨厌父
  • 不知道穿什么的时候,就选碎花裙+马丁靴吧,中性风的马丁靴,可以很好的平衡掉碎花裙的甜腻感,又美又飒,分分钟让你赚足回头率。Baby这身西装+马丁靴的搭配非常经典
  • 长大后,离梦想越来越近,逐渐明亮的声线似是拨开云雾的暖阳,可他千百轮回的记忆,沉重的真相早就磨灭了他的幻想,残忍的剥去他稚嫩的外壳,灌注灼热而又冷硬的铅水,这大
  • 对于已经堕过胎的女性,根据经书《佛说长寿灭罪护诸童子陀罗尼经》记载,凡是故意堕胎的,在世得重病,短命报,死后直接堕入无间地狱,万死万生,痛苦不堪,唯有在佛及僧前
  • 一切物质、物体无时无刻不在运动,伟人那句“坐地日行八万里”听过吧[可爱]插入标题 好心德新意讲故事案例:我曾经是法制报的一位记者,由于每天的工作量比较大,当时
  • 一直看我的脆脆鲨,给她她也不要想,虽然她一直在抿嘴。一开始他与同学相处还是怯怯懦懦的,一段时间过后打开了心扉,他就和其他虎头虎脑的孩子一样跟着同学玩闹,出其不意
  • ”中新财经注意到,以往“双十一”预售往往会围绕达人直播和品牌直播谁更优惠展开争议,而今年“双十一”的达人直播和品牌直播,在多数商品上尽管优惠规则不同,但优惠后的
  • #猛禽小队[超话]# 雀:我希望你别再来干扰女猎手,如果没人为她说话,那我来说。————————————个人os:)有几期跑男我看着弹幕真的很生气,然后就一连发
  • 這兩天早晨五點半準時哼哼唧唧,而且不是撒嬌的那種哼哼唧唧,是看似「很不舒服似乎很想出去便便要憋不住了好委屈」的狀態……作為麻麻我真的會被這種狀態拿捏住!当然说这
  • 人家的拒绝<今天一早护士就把昨系在我腕上的手链收去了>倒让我真的是有觉了! 大哥:我刚刚搞完这个排队,这个检查才搞完,我这才看到了你跟小何的那个对话,哎呀,确
  • 因为在我认为,某些疯子不是毛,与黑无疑,我想与我认识的正常的人也都是这么认为的,所以之前发了那个“所有人都走了才高兴”的贴,但评论区立刻就吵起来了,意识到影响不
  • 有的迎风初绽,嫣然含笑;有的含苞待放,半藏半露;有的傲然怒放,如女孩优美的舞姿..... 晨光中,纷繁的桃花开得格外喧闹,密密层层,宛如一片朝霞。踏着柔软的草地
  • ”我从冷柜追到收银台,坚持要把钱转给她,可她怎么都不让,我当时手摸遍全身口袋,也没有什么好送给她的,手足无措下只好问她有没有什么想吃的,她回答说,我想喝果汁~感
  • #做代理教引流不愁客源##悠塔[超话]##咨询➕biu99042# 为什么我越来越好〰️因为我永远有个顶我的上级永远在我最需要的时候 第一时间给我帮助 给我方法
  • 我说hi6剪的稀碎没人反对吧[馋嘴]那唱歌环节明显是把最后一个✂了前面,太明显了[太开心]还有这期造型太难看了太难看了,我的眼睛已经要被刺伤了,我那厚厚的滤镜都
  • 你是多么敏感而活泼;虽然你有海—样的容量,可是无论怎样高贵超越的事物,一进了你的范围,便会在顷刻间失去了它的价值。第二天清晨,孩子们都上学去了,大人们也在各干各