࿐དེ་ཡང་རྒྱལ་སྨན་སློབ་དཔོན་ཆེ་མོ་གོ་འཇོ་དབང་འདུས་མཆོག་གིས། ཉམ་ཐག་དབུལ་འཕོངས་ལ་སྨན་སྦྱིན་གནང་རྒྱུའི་ལམ་ལུགས་ནི། ༧མི་དབང་པཎྜི་ཏ་སངས་རྒྱས་རྒྱ་མཚོའི་སྐུ་དུས་ནས་སྲོལ་བཙུགས་པ་དང་། དེ་ནས་རིམ་བཞིན་ལྕགས་རི་རིག་བྱེད་གླིང་ལ་བརྒྱུད་ཅིང་། དེ་ནས་ལྷ་ས་སྨན་རྩིས་ཁང་ལ་བརྒྱུད་པ་དང་། ད་ཙམ་བགྲང་བྱ་སུམ་རྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་དམིགས་བསལ་གྱི་སྲོལ་བཟང་ཞིག་རེད་ཅེས་གསུངས་པ་བཞིན། ངེད་ནྱ་གྲོ་ཏ་བོད་སྨན་ལག་ལེན་ཚོགས་ཆུང་གི་རྡོ་རྗེ་སྤུན་གྲོགས་ལྔ་པོ་རེ་གཟའ་པ་སངས་ཀྱི་ཕྱི་དྲོ་བོད་མིའི་འབྱུང་གནས་ཡར་ཀླུངས་རྩེད་ཐང་ནས་རྡོག་ཐོན་བྱས་ཏེ། ཡར་གཞི་ལྷ་ཡི་ཐེམ་སྐས་ཡར་འབྲོག་སྒང་པའི་ཆར་གཏོགས་ཀྱི་མདོ་ཆོས་གཞུང་དུ་བསྐྱོད། ལམ་བར་དུ་གཡུ་འབྲུག་སྔོན་མོ་ས་ལ་འཕོས་པ་འདྲ་བའི་ལུ་གུ་ལ་མོ་བརྒལ་ཞིང་། འབྲོག་སྡེ་ཆེན་མོ་མཚོ་སྨད་བྲག་རྩ་དང་ཡར་འབྲོག་སྐར་མ་གླིང་གི་དཀྱེལ་ཡངས་ཁྲ་ཆུང་མིག་གི་གོང་བུར་གླན་ཏེ། སྣུབས་མཚོ་ཆེ་མོའི་རླབས་སྒྲར་སེམས་རྩ་གཉོམ་པོས་རྣ་བ་བླག་ཞོར་ཆུ་ཚོད་བཞིའི་རླངས་འཁོར་གྱི་བགྲོད་ཞུད་འོག་ཡུལ་མདོ་ཆོས་ག་ལ་བ་འདིར་འབྱོར། ནུབ་གཅིག་མདོ་ཆོས་ཤང་ཐོག་ཏུ་ཞག་སྡོད་བྱས་རྗེས། རེ་གཟའ་སྤེན་པའི་ཉིན་མོ་སྟེ། རྒྱལ་བ་ལྷ་ལས་བབས་པའི་ཁྱད་འཕགས་ཀྱི་དུས་ཆེན་ཉིན་མོར་མདོ་ཆོས་ཤང་གདོང་རྒྱ་གྲོང་ཚོར་སྨན་སྦྱིན་གསོ་བཅོས་ཀྱི་ཞབས་ཞུར་བསྐྱོད། སླར་ཡང་ཡུལ་འདིའི་མང་ཚོགས་ཀྱི་ལྷད་མེད་ཀྱི་འཛུམ་མདངས་དང་། ཁ་ཞེ་གཉིས་མེད་ཀྱི་སྨན་པར་ཡིད་ཆེས་དང་བློ་གཏད་ལིངས་བཅོལ་གྱི་སྐོམ་པ་ཆུ་འདོད་ལྟ་བུའི་རེ་སྒུག་གི་མིག་ཟུང་། བཅོས་མིན་ལྷག་བསམ་འདི་དག་མིག་གི་མཐོང་ཞིང་། སེམས་ཀྱིས་ཚོར་དུས། ཕྱིའི་འབྱུང་བཞི་འཁྱགས་པས་བསྡམས་རུང་། ནང་སེམས་པ་དྲོད་ཀྱིས་གཏམས་སོང་ལ། ད་ཐེངས་ཀྱི་སྨན་སྦྱིན་གསོ་བཅོས་ཀྱི་བགྱི་བ་འདི་ཆུད་ཟོས་སུ་སོང་མེད་པར་མང་ཚོགས་ཀྱི་ཚོད་མཐོའི་གདེང་འཇོག་དང་། མང་ཚོགས་དང་ངེད་ཅག་གི་སེམས་པ་འོ་ཆུ་གཅིག་ཏུ་འབྲེལ་བ་དེ། རྒྱུད་ལས་གསུངས་པའི་གསོ་བྱ་གསོ་བྱེད་བསོད་ནམས་ལས་ཀྱིས་འབྲེལ། ། ཞེས་གསུངས་པ་ཇི་བཞིན་འདི་ནི་རང་རེའི་ཚོགས་ཀྱི་ཚེ་རབས་དུ་མའི་ལས་འབྲེལ་དང་བསོད་ནམས་ཀྱི་འབྲས་བུ་ཐེངས་འདིར་སྨིན་པར་སེམས་སོ། ། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་སྔ་ལས། འགྲོ་བ་ནད་པ་ཇེ་སྙེད་པ། །ནད་སོས་གྱུར་གྱི་བར་དག་ཏུ། ། སྨན་དང་སྨན་པ་ཉིད་དག་དང་། ། དེ་ཡི་ནད་གཡོག་བྱེད་པར་ཤོག ། ཅེས་གསུངས་པ་བཞིན། མ་འོངས་སྨན་དོན་གྱི་ལམ་བུར་སེམས་བསྐྱེད་དང་སྨོན་ལམ་འདི་འདྲ་བར་རྟར་དྲང་ཏེ་འགྱོད་མེད་གདེང་ཚད་ལྡན་པའི་ངང་ནས་ཆས་པར་བྱའོ། །#སྨན་སྦྱིན་ལེའུ།##义诊服务# https://t.cn/z822Mu0

࿐སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་།། 

བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་།། 

བསྟན་འཛིན་བུ་སློབ་བཞིན་དུ་མཐུན་པ་ཡིས།། 

བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།

࿐འཇིག་རྟེན་ཕོ་མོའི་བརྩེ་དུང་ནི་ཕྱི་ཚུལ་ནས་བལྟས་ན་དམ་བཅའ་རི་ལས་བརྟན་ཅིང་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་སྟེ། མི་ཡུལ་གྱི་ཆེས་མཛེས་སྡུག་ལྡན་པ་དེ་ལོས་ཡིན་སྙམ་པ་ལྟར་ཡིན་རུང་། དོན་དངོས་སུ་བརྩེ་བ་ཡོད་པས་ཐོབ་ཤོར་དང་། རེ་དོགས་སྲིད་པ་དང་། དུང་བ་ཡོད་པས་སེམས་ཁྲལ་དང་འཇིགས་སྣང་ཡོད་པ་རེད། དེ་ཡང་བཅོམ་ལྡན་འདས་ཀྱིས་མདོ་མྱང་འདས་སུ།

འདོད་པས་ཡིད་ནི་འཁྲུག་འགྱུར་ཅིང་། ། འདོད་པས་འཇིགས་པ་འབྱུང་བར་འགྱུར།། འདོད་པ་དག་དང་བྲལ་བ་ན།། འཁྲུགས་དང་འཇིགས་ལས་ཐར་བར་འགྱུར།། ཅེས་གསུངས་པ་ལྟར་རོ།། ___མཁན་བསོད་དར་རྒྱས་ནས།


发布     👍 0 举报 写留言 🖊   
✋热门推荐
  • 干锅包心菜/19非遗方糕/19一共四块,两种口味,白色的是甜的(豆沙)绿色的是咸的(蛋黄肉松)软软糯糯,甜度不是很甜,老少皆宜环境:⭐⭐⭐⭐⭐口味:⭐⭐⭐⭐⭐服
  • #梦中的那片海杀青#查了一下,《梦中的那片海》编剧是编导过多部力作的徐兵周鹤洋,导演是年代剧导演专业户付宁,总策划是无需多言的叶京大大,制片人是不差钱的铁腕杨晓
  • ⑨绍兴末年,曾几迁居到绍兴府城内的大中禹迹寺,过着十分清雅朴素的生活,平时就在寺内种些竹子,看书赋诗,作诗曰:“手自栽培千箇竹,身常枕藉一床书。 同年,秦观游
  • 今日小记^-^去哥哥家吃饭啦[馋嘴] 好像高中之后就很少去吃饭了 总是说自己没时间 但哥哥都会在每个节假日给我发消息 要不就直接来家里看我 给我带一点小礼物[打
  • -六一学校让给宝贝们准备礼物带去学校老母亲准备了vilac苏西音乐茶具波说在学校拆开小女生们都上来观看她的礼物她可太开心了这个苏西音乐茶具真的超级精致茶壶倒茶的
  •  可他万万没想到,离开家乡22年后,他再次踏上这片土地,却发现对他来说是“死而复活”的张凤娥,不在乎他是死是活,也不顾别人给的改嫁建议,在家中等了他整整22年。
  • 要求女方外嫁或放弃自己事业,加名(这是个态度觉得有可以有觉得无可以无反正离婚按钱判)彩礼给多。结婚这种事,真爱对真爱,算计对算计,也是门当户对的一种不接受杠,杠
  • #年度最废员工孙梦博厉圆圆#当你用“肮脏”去抨击别人的时候先想想自己是不是在阴沟里作法的那个小丑社会会自动屏蔽很多暗处见不得光的东西但爱他的人不会酒香怕巷深老鼠
  • 【安徽小伙公交车上突发病 南昌司机奋力救人[赞]】#南昌身边事#12月9日9时许,南昌公交809路驾驶员姚红英,驾驶车辆正常行驶到莲西站台,进行上下客时,坐在后
  • 订餐电话13668716104全网折扣店-新零售1.涵盖天猫 淘宝 京东 蘑菇街 美丽说等网购平台内部商家优惠券,省30%优惠2.你找好商品,然后把链接转发给我
  • ”“这个很简单的,就随便拍拍不就行了”“讨好领导只是一种工作方式而已啦”“没有人让你加班已经很好了,你要把公司当家”“工作态度比工作能力重要很多”“我觉得你能干
  • #偶像梦幻祭[超话]#最近二次三次在分号,二次号根本没有好友(哭哭)所以来微博康康有没有人和我扩列()es大楼推,每个小偶像我都喜欢,不过主推蜡笔次!应该就是这
  • 民生银行温彬认为,此前公开市场操作中,也出现了50亿元、20亿元的小量操作,中标利率均保持不变,体现了央行在公开市场操作中更加注重对利率的引导,政策信号意义明显
  • 3、白沙液来湖南怎么可能不喝白沙液,或许现在很多酒友都快要忘记了这款酒,但不可否认的是白沙液火的时候酒鬼酒还没有多大的名气。①牛栏山对于牛栏山,相信很多酒友对这
  • 其实一个人不会随随便便成功,你说过,既然选了这一行就得尽自己的全力做下去,是呀,我不就是喜欢你这种不服输不放弃的精神,你温柔,你谦虚,懂礼貌,就像邱心志老师说的
  • 2、与邻居不贴门对门现在很多住宅为了节省空间,会把大门和邻居大门紧贴,或是采用门对门的格局。6、开门见光明大门在走道和玄关之间,也是我们进宅的第一防线,因此大门
  • 甲:考考你啊,这是几呀(伸出一个指头)乙:油条。甲:你就认识个油条,认真读书,跟我念:赵钱孙李,周吴郑王……。
  • ”他似乎愣了一下,好吧我承认我的脸那时候就像天边的晚霞。大概过了两三分钟,我们就一直愣在那,我觉得自己可能已经被拒绝了,于是抛下他自己向前走了。
  • 在茫茫优秀的人海中,会发现毫无巨大闪光点的自己,真的好渺茫……不甘平凡,又不甘屈服偶然一刻,细细想来,自己不过是在安逸中过久了平凡的日子,不甘努力,才忘了其实自
  • 还是怪当初那些催婚的亲戚们,可这个人到底来还是你自己选的啊,所以,你也只能够怪自己,没有选对值得托付终身的人。”是啊,你在众目睽睽之下满怀期待走向的那个人,如果