མ་ལུས་ཀུན་གྱི་རྒྱབ་ན་མ་ལས་མེད། །
མ་བཅོལ་བུ་ཕྲུག་ཆེད་དུ་མ་མྱངས་མེད། །
མ་འབད་མ་ཡི་བརྩེ་བ་མ་ཁྱབ་མེད། །
མ་འགག་འཇིག་རྟེན་ཁྱོན་ལ་མ་ཡིས་ཁྱབ ། །

འཛམ་གླིང་མ་ཡུམ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། དྲིན་ཆེན་མ་ལོའི་ཚེ་ཐག་རིང་བར་སྨོན། 世界母亲节快乐!愿慈母长命百岁 https://t.cn/R2Wx1tO

࿑ ཡོངས་རྫོགས་ཐུབ་པའི་བསྟན་པ་རིན་ཆེན་བཤད་སྒྲུབ་འཁོར་ལོའི་ཕྲིན་ལས་ཀྱི།།
མཁྱེན་བརྩེ་ནུས་མངའ་ཀུན་ཀྱི་བདག་ཉིད་དཔལ་ལྡན་བླ་མས་རྗེས་བཟུང་ནས།།
སྐྱེ་ཞིང་སྐྱེ་བ་ཚེ་རབས་ཀུན་ཏུ་ཐེག་པ་མཆོག་གི་ལམ་བཟང་དང་།།
འགྱུར་མེད་དད་དམ་སྐད་ཅིག་ཙམ་ཡང་དུས་ཀུན་འབྲལ་བར་མ་གྱུར་ཅིག། །།

༧རྗེ་ཐམས་ཅད་མཁྱེན་པས་
གསུངས་པའི་ཤེས་རབ་འཕེལ་བའི་སྨོན་ལམ།

གང་ཕྱིར་ཤེས་རབ་ལམ་གྱི་སྲོག་ཡིན་ཕྱིར། །
འོན་ཀྱང་ཤེས་རབ་འཕེལ་བའི་བླ་མེད་རྒྱུ། །
དམ་པའི་མགོན་ལས་དམ་ཆོས་ཡང་ཡང་དུ། །
གསན་ཞིང་དེ་དོན་རིང་དུ་སེམས་པ་ཡིན། །

དེ་ཕྱིར་དེ་མཛོད་ཉིད་ཀྱིས་ལེགས་སྦྱར་ཀྱང་། །
བདེན་གཉིས་འབྱེད་ལ་གཞན་དྲིང་མི་འཇོག་པའི། །
རྒྱལ་བ་དགྱེས་པའི་ཤེས་རབ་ཐོབ་བྱའི་ཕྱིར། །
ཉིན་རེ་ཞིང་ཡང་ལན་གསུམ་བསྔོ་བའི་ཚེ། །

བྱང་ཆུབ་སེམས་མཆོག་གཉིས་ཀྱིས་ལེགས་བཟུང་ནས། །
འཁོར་བཅས་རྒྱལ་བའི་ཚོགས་ལ་དབང་གསོལ་ཏེ། །
ཤུགས་དྲག་འདུན་པས་ཡང་དང་ཡང་གསོལ་ན། །
བཞེད་དོན་བདེ་བླག་ཉིད་དུ་འགྲུབ་པས་ན། །

ལྷ་ཁྱོད་ཚུལ་དེར་རྟག་ཏུ་དགྱེས་པ་བསྐྱེད། །
བདག་གི་ལེགས་སྤྱད་དུས་གསུམ་དང་། །
འབྲེལ་བ་ཇི་སྙེད་མཆིས་པ་ཡིས། །
རྒྱལ་བའི་མཁྱེན་རབ་ཐོབ་པར་ཤོག །

དེར་མ་སོན་པ་ཀུན་ཏུ་ཡང་། །
རབ་འབྱམས་གསུང་རབ་དོན་རྣམས་ནི། །
ཇི་བཞིན་འབྱེད་ལ་མངའ་འབྱོར་བའི། །
རླབས་ཆེན་ཤེས་རབ་ཐོབ་པར་ཤོག །

ཇི་ལྟ་ཇི་སྙེད་དོན་རྣམས་ཀྱི། །
ཕྲ་བའི་གནས་རྣམས་འབྱེད་པ་ལ། །
ཀུ་ཤའི་རྩེ་མོ་དང་འདྲའི་བློ། །
གསལ་བའི་ཤེས་རབ་ཐོབ་པར་ཤོག །

མ་རྟོགས་པ་དང་ལོག་རྟོག་དང་། །
ཐེ་ཚོམ་དྲི་མས་ཡིད་བསྐྱོད་ཚེ། །
དེ་མ་ཐག་ཏུ་འགོག་ནུས་པའི། །
མྱུར་བའི་ཤེས་རབ་ཐོབ་པར་ཤོག །

ཟབ་དང་རྒྱ་ཆེའི་གནས་རྣམས་ཀྱི། །
དོན་བཟང་རེ་རེའི་ཆ་ལ་ཡང་། །
གཏུགས་པ་མེད་པར་འཇུག་པ་ཡི། །
ཟབ་པའི་ཤེས་རབ་ཐོབ་པར་ཤོག །

མདོར་ན་འཆལ་བའི་ཤེས་རབ་ཀྱི། །
སྐྱོན་དང་བྲལ་བའི་རྣམ་དཔྱོད་ཀྱིས། །
རང་གཞན་དོན་གཉིས་སྒྲུབ་པ་ལ། །
བདག་ནི་འཇམ་པའི་དབྱངས་བཞིན་ཤོག ། https://t.cn/A6tCn4m0


发布     👍 0 举报 写留言 🖊   
✋热门推荐
  • 一个人的路少年的我们,总说要去外面的世界闯一闯,希望自己的才能被人发掘,希望通过自己的双手,让周围的人过上更好的生活。一个人打拼的时光,多数都是孤独的。
  • 脱除囚难(此段说菩萨施众生无畏枷锁难)音性圆销者,是当返闻时,音声动静二性,了然不生,观听返入,根尘双灭,如是内无所系,外无所拘束,是谓受虚妄声尘系缚,菩萨以此
  • 但是毕竟在一起上班五年了,没点感情也是不可能的。祝你们以后的日子过的都比较现在好,越来越好!
  • 如愿以偿去了上海欢乐谷里面几乎任何项目都可以玩儿所以嗦180门票很划算只不过排队太浪费时间 但是景区物价贵也是让我大吃一惊了 一瓶2.5矿泉水景区9元,您卖的是
  • 在他们成长的路上,大海和海浪就是他们的订梦点,因为她们知道他爱大海。她们看着他的双眸,抑抑的郁郁的闪烁着,在诉说着什么,低语着什么……他深深的沉默着……生活曾经
  • 这是一篇不清醒的碎碎念‣2019.7.151.下午突然开始很不是舒服 晕晕乎乎 头疼昏重 像是整颗头被附上了橡胶保护膜 说不出来的难受2.下班打车冲回家倒头就睡
  • 可治愈缓解现代人疲劳[笑cry]】说起赛文奥特曼,你可能最先想到的就是其标志性的武器“头镖”在多场与怪兽的对决中,赛文都曾使用“头镖”来化险为夷。“赛文头镖”不
  • 【阳泉师范高等专科学校附属学校第一届家长委员会成立】为增进学生家长与学校之间的联系,推动学校、社会相互理解,良性互动,共创学校、师生良好的发展环境,促进学生的健
  • ——林则徐23、古之成大事者,不惟有超世之才,亦有坚忍不拔之志。今年是扫黑除恶专项斗争承上启下的关键之年,是黑恶势力企图隐身变色、躲避锋芒的蛰伏之年,也是扫黑除
  • 【 299 】【罗弗尔】扫地机器人全自动大吸力擦拖地机 【累计已销10万台,好评超高】全自动智能防跌落机器人!小身材大吸力,集吸、扫、拖于一体~毛发螨虫克星,
  • 四家人6个娃,因为有两个同学分别带了弟弟妹妹,妈妈们也在调侃生二胎的事情,仔跟我要了手机,打开照片坚持要给大家看球球,不甘示弱的说“给你们看看我弟弟,他叫周球,
  • 5不喝醉酒亲朋聚会,切勿大喜大悲,拼命的喝,把自己或者别人喝醉了,对自己也没什么好处,所以同学朋友聚会喝酒一定要有一个度,而且喝醉容易闹事或者出事。喝酒要有个名
  • 两个人舒适的相处来源于彼此的态度当一个人减少对你的依赖减少对你的矫情那么很快将会失去所有情感因为相处方式变了变得尽是指责谩骂变得意见不能苟同最后出现逃离对方的状
  • 而别人欠我们的,同样的道理,如果这个债务人是阴间的人,他们就是善灵,会帮助我们;如果他投了人,就是我们的善缘,对我们很好,很有帮助。同理可证,你对他好的时间有
  • [威武]#非农[超话]# #原油EIA[超话]# #现货外汇分析老周# #现货黄金[超话]#不要因为走得太远,而忘记为什么出发,做投资讲求量力而行,抓自己力所能
  • 我今天看到了一个男孩子真的好像你可是正脸一点也不像说不上来心里那种感觉特别难过多想去跟他说说话把他当成你我是不是真的逃不了两年定律我可能真的不喜欢了但是我好不甘
  • 楼上不知道几楼的邻居,一开始搬进来的时候,来过我家看格局,认识我,但是我并不记得人家长什么样,有一次在电梯人家主动打招呼,我依然脸盲,小区里遛弯的人那么多我怎么
  • #读书[超话]# 《徐文兵、梁冬对话黄帝内经》。1、“昔在黃帝生而神靈, 弱而能言, 幼而徇齊, 長而敦敏, 成而登天。
  • 记得多年前在大学,自己做的第一期晚间音乐节目,就坚持做了他一个人的专场,那一晚很开心。!
  • 绿松石在现代宝玉石鉴定分类中被列为半宝石,其中蓝色的为贵重首饰石品种,蓝色及蓝绿色翠绿等色彩纯正,结构致密者皆可为高端艺术雕刻的首选,绿松石因其绝美的色泽是一种