ཟླ་གསུམ་པ།


པོ་ཏ་ལའི་མྱི།

སྤྲིན་དཀར་དང་ལུག་ཁྱུ་འདྲེས་པའི་ཞོགས་པ་དེ་མིན་ལ་ཁ་བ་དང་བུ་ཡུག་རྒོད་པའི་དགུན་ཁ་ཡང་མ་རེད།ལོ་མ་ཁུར་བའི་ལྕང་སྡོང་དེ་དག་གིས་ཁ་དོག་གསར་བ་བརྗེས་ཤིང་གཉོམ་ཆུང་གི་ཟོལ་གྱིས་སར་ལྷུང་བའི་སྟོན་ཟླ་ཞིག་ཀྱང་མ་ཡིན་ཏེ། བསིལ་འཇམ་རླུང་བུས་སེམས་སྒྲ་སྙན་མོ་དེས་གངས་ལྗོངས་ལ་རེ་བ་དང་སྨོན་འདུན་གཙང་མ་ཁུར་ནས་འོང་བའི་དཔྱིད་ཟླ་དེར། བྱ་གཞག་གསར་བ་ཞིག་དང་མིག་རྒྱང་རིང་པོ་ཞིག་གི་འཆར་ཡན་གྱི་ཀློང་ནས་རྨི་ལམ་ཡིན་ལ་རྨི་ལམ་མ་ཡིན་པའི་དུས་ཚིགས་ཤིག་ཏུ་ངེད་གཉིས་ཆ་མེད་རྒྱུས་མེད་ཀྱི་མི་སྣ་གཉིས་ཆོར་འདུའི་སྤྲིན་པ་དང་ལྷན་དུ་གླིང་ག་གཅིག་ནས་ངོ་ཤེས་པ་ཡིན། དེ་དུས་ཁྱོད་ཀྱི་ཚུགས་ག་དང་རྣམ་འགྱུར་ནི་ནར་མ་སོན་པའི་བྱིས་པ་ཞིག་གི་མཁའ་དབྱིངས་དང་འདྲ་བར་སྤྲིན་ནག་དང་ས་རྡུལ་གྱི་འདུ་འགོད་མེད་ཅིང་། ཐ་ན་ཁྲུང་ཁྲུང་དཀར་མོའི་བཞུད་ལམ་ཞིག་ཀྱང་བཙལ་དུ་མེད་ལ་ཁུ་བྱུག་སྔོན་མོ་ལྷོ་རུ་འཕུར་བའི་རྗེས་ཤུལ་ཙམ་ཡང་མེད།

སྐབས་དེ་ནས་བཟུང་དངོས་ཤུགས་གང་རུང་ནས་ཁ་མཚར་ཡིན་ལ་སེམས་གཏམ་ཀྱང་ཡིན་པའི་སྐད་ཆའི་སྒྱུ་རྩལ་གྱི་བར་ནས་དགའ་དུང་གི་ཚོར་བ་འཐེན་ཞོར་བཅོས་མ་མིན་པའི་བརྩེ་དུང་གི་འཇིག་རྟེན་དེར་འུ་གཉིས་ཀྱང་ལས་དབང་གིས་དེད་ཅིང་ཞེ་འདང་གིས་ཁྲིད་སོང་བ་རེད། ངེད་གཉིས་ཁོ་ན་མ་གཏོགས་གཞན་དག་སུས་ཀྱང་མི་དཔོག་པའི་ལྐོག་གྱུར་གྱི་གཏམ་རྒྱུད་མང་པོ་ཞིག་ལོ་ཟླའི་རུམ་ཁ་རུ་འཕྱོ་ཞིང་དུང་ཞེན་གྱི་མཚོ་ངོགས་སུ་རྩེན། དགོད་གཏམ་དང་གུ་རེ་ཡིན་པའི་སེམས་ཚོར་དེ་དག་ད་ལྟ་བསམ་ན་ངེད་གཉིས་ཀྱི་བརྩེ་དུང་གི་རྨང་གཞི་དང་ས་བོན་ལྟ་བུ་ཞིག་ཏུ་གྱུར་ཡོད་སྐད། ངས་རྒྱུན་དུ་དེས་ཕྱོགས་སུ་རྟ་ཁ་གློད་ཅིང་སྨོན་ལམ་བཏབས་པ་ཡིན།

ངེད་གཉིས་བར་ཆད་དང་མི་ཁ་རྒོད་ཅིང་གཞན་ཟེར་རྗེས་བརྗོད་ལ་དགའ་བའི་ཁོར་ཡུག་ཅིག་ཏུ་ཡོད་སྐད། ཕན་ཚུན་ལ་བརྗོད་འདོད་པ་གང་མང་ཞིག་འགོག་མེད་དུ་ངག་སྒོར་ཐོན་ཡོང་ནའང་བཙན་གྱིས་མགྲིན་པར་བཅུག་ཅིང་ཁོག་སྟོད་དུ་སྦས་དགོས་པ་རེད། དྲང་མོར་ལབ་ན། ལས་འཕྲོས་ཨ་ཡིག་ལས་རྙེད་པའི་ཞེ་འདང་གི་ཁ་ལྕེ་གཉིས་མེད་ན་མི་ཆོག་ཀྱང་ཡོད་ན་སྦས་དགོས་པའི་ངང་ཚུལ་དེས་ང་རང་ཇི་ལྟར་གཙེས་ནའང་ང་རང་ལ་ཐང་ཆད་པའི་ལེའུ་ཞིག་གཞི་ནས་ཡོད་མ་མྱོང་། དེ་ཡང་ངའི་འདང་བརྩེའི་ཕྱོགས་སྟོན་འཁོར་ལོ་དུས་གཏན་དུ་ཁྱོད་ཕྱོགས་སུ་གཏད་ཡོད་པས་ལོས་ཡིན།

ཁ་བའི་མེ་ཏོག་གི་དྲི་བསུང་ཁུད་ནས་ང་རང་ཁྱོད་ཀྱི་ཆུ་འཛིན་གྱི་མཁའ་དབྱིངས་ལ་འགྲོ་དུས་ང་ལ་ཏག་ཏག་དབྱར་ཟླ་ཚེས་བྱུང་། དབྱར་ཁའི་མཛེས་སྡུག་གི་ལོ་ཟླ་ཚེས་བྱུང་། ཁྱོད་རང་མེ་ཏོག་པད་མའི་ཚུལ་གྱིས་ངའི་ཉེ་སར་བཅལ་ཆོག ཟླ་གསུམ་པ། ངས་ཀུན་རྟོག་གི་ཀློང་ན་ན་བུན་བཞིན་འཐིབས་པའི་སྨུག་པ་དེས་དཀྱིལ་ན་ཁྱོད་རང་མགོ་རིས་ལྗང་སྐྱ་དཀྲིས་པའི་བུ་མོ་དེ་ཡིན་ན་སྙམ་བྱུང་། འདབ་ལག་སྟོང་ལྡན་གྱི་མེ་ཏོག་ཅིག་ཀྱང་ཡིན་ན་སྙམ་བྱུང་། ང་རང་དབྱར་ཁ་བཞིན་ཁྱོད་རང་ང་ཡི་པང་ནས་གཏན་དུ་ཡལ་བ་མེད་ན་བསམ་བྱུང་།

ངའི་ཤ་གསེང་དུ་ཐིམ་པའི་བག་ཆགས་བཙན་པོ་དེས་སྙན་ཚིག་རེ་འགའ་ལ་བརྩེ་འཕྲིན་གྱི་ཆོ་ལོ་བསྩལ་དུས་ཁྱོད་ཉིད་ནམ་རྒྱུན་ངའི་ཁ་སེམས་གཉིས་གར་འཁོར་ཡོང་བས། ངའི་ལོ་ཟླ་འདི་དག་ལ་དུང་ཞེན་གྱི་རྨུ་ཐག་ཁྱོད་ཁོ་ནའི་ཕྱོགས་སུ་འཐེན་ཅིང་དེ་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བྲིས་ཏེ་མ་འོངས་པ་ཞེས་པའི་མདུན་དྲུང་དུ་སྙིང་སྟོབས་དགུ་འགྱུར་གྱི་རེ་སྨོན་དང་དམ་བཅའ་བརྡབ་མྱོང་། ང་ལ་རྨི་ལམ་ལས་ཀྱང་ཁྱོད་རང་ཡོད་པས་ངའི་འཚོ་བར་སྤྲོ་བས་བརྟས་ཡོད།

ཟླ་གསུམ་པ།
ཁྱོད་ཁོ་ན་བརྗོད་བྱར་བྱས་པས་སྙན་ངག་གི་ཉམས་འགྱུར་དང་སེམས་འདུན་མང་པོ་ཞིག་སྔར་མཚོ་སྔོན་པོའི་ཉེ་འགྲམ་དུ་སྐུར་ཟིན་ལ། དུས་ད་ལྟ་ཡང་མཚོན་དོན་གྱིས་ཕྱུག་པའི་ཐ་སྙད་གཉོམ་པོ་རེ་འགའ་ཁྱོད་མཚོན་བྱེད་དུ་འབྲི་འདོད་ཡོད་པས། ཉི་ཟླ་ལྷ་ཚོགས་ཀྱིས་ང་ལ་ཁ་འཛིན་དང་སྡོང་གྲོགས་མཛོད་ཅིག་གུ།

མི་ལོ་གསུམ་གྱི་ཡར་སྔོན་དུ་ཟི་ལིང་མཁར་ནས་བྲིས་པའི་རྩོམ་ཉོག་ཅིག

དེང་སང་། མཚམས་མཚམས་སུ་ཞིབ་ཆ་མེད་པའི་འདས་དུས་གང་མང་ཞིག་སེམས་ལ་འཁོར་ཡོང་། ཁ་ཁོག་མེད་པའི་སྙིང་གཏམ་ཞིག་གླེང་ན། ང་ནི་དེ་རུ་འཐིམས་ཤིང་དེ་རུ་རླུང་གི་གཤོག་པར་ཐོགས་ནས་ལྡིང་སྐོར་འགའ་རེ་ཡང་བྱེད་དགོས་ཐུག འོན་ཀྱང་སེམས་གཉོམ་པོར་འདུག་པའི་སྐབས་དག་ལ། ངས་མ་ཁ་སོ་འཆང་ཞིག་བྱས་ནས་རྨི་ལམ་དང་དོན་དངོས་ཁ་ཁར་དབྱེ་འདོད་མོད། བསུབ་རྒྱུ་མེད་པའི་རི་མོའི་རྗེས་ཤུལ་ལ་ཡང་ནས་ཡང་དུ་སིམ་འགྲོ https://t.cn/R2WxDvV

གཞུང་ཕྱོགས་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། སྤྱི་ཟླ་༥པའི་ཚེས་༡༢ཉིན་ཀ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཚན་གྱིས་ཨི་ཟི་རེལ་བས་ཀ་ཧྲ་ས་ཁུལ་ལ་མུ་མཐུད་འཇབ་རྒོལ་བྱས་ཏེ་ཕ་ལི་སི་ཐན་བ་མི་གྲངས་ཁྲི་༣༥༠༣༤རྐྱེན་ལམ་དུ་བཏང་ཡོད་པ་དང་མི་གྲངས་༧༨༧༥༥ལ་རྨས་སྐྱོན་ཕོག་ཡོད་པར་བཤད་ཀྱིན་འདུག[蜡烛]


发布     👍 0 举报 写留言 🖊   
✋热门推荐
  • 부모님께서는 이미 주무셨다.하지만 내 생체시계는 여전히 평소와 같다..오늘의 기다림은 의미가 없는데..비록 주변 단지를 대부분 똑같지만..&qu
  • 昆明金辉做胸怎么样?  自体脂肪胸和假体都做,也有自己独特的技术,有下垂的情况有些是需要配合提升,轻微的可以不用,得看情况。  郭群—脂肪 眼部  张燕熊-面部
  • (个别品牌不参加优惠) 图片来源:ins@ mm6maisonmargiela#SHOPBOP品牌聚焦# Bembien | 成立于2017年的手工编织品牌,也
  • 而小宋是在宿舍里休息时突发状况,虽然小宋猝死和熬夜加班关系很大,但法律上不能视为工伤。【#中国女子在法国因加班太久被HR约谈#】7月13日,一名中国女子分享一段
  • 爱尚韦德健身会所,是连云港市规模较大的品牌健身连锁机构,是集健身、休闲、娱乐为一体的专业健身管理咨询公司。 完善的设施,宽敞宜人的环境,专业的课程设置正引导着
  • 您还可以下载视听海南APP、蜻蜓FM、喜马拉雅、阿基米德FM搜索“海南民生广播”在线收听和回听往期精彩节目!您还可以下载视听海南APP、蜻蜓FM、喜马拉雅、阿基
  • 赛场上有汗水,有欢乐,无论最终是失败还是胜利,让我们一起把热烈的掌声送给最棒的他们[鼓掌][鼓掌][鼓掌] 【比特龙男女童真皮运动鞋防滑软底跑步鞋】软底耐磨橡胶
  • 男主人不在家,太太开门看到一位出家人,她一见心火即生,开口骂道:“你不要站我家门口,即使你站到死,我也不会拿东西给你。现比丘相的佛陀说道:“我是一个修行人,站在
  • · 阿根廷不明原因肺炎系军团菌感染当地时间9月3日,阿根廷参议院健康委员会主席、前图库曼省公共卫生局局长巴勃罗·耶德林在接受媒体采访时表示,根据实验室数据,近日
  • 实在讲,如果为自己要证得圆满的菩提涅槃,那还非做不可;你不做的话,没有办法证得圆满的自性。前面跟诸位报告过,无论你修学哪一个法门,这个原理原则决定不能变,你守着
  • #月亮和六便士-(英)毛姆著,傅惟慈译[图书]#用了两天时间断断续续看完,按照惯例看完后直接转到豆瓣去看热评补充灵感,在评论里没有找到自认为能启发思维的文,多为
  • 他介绍了校训、办学特色和办学理念,回顾了我校第一批星级教研组评选和第二批星级教研组申报情况,并从学科建设规划、学科建设指导、管理制度建设、发展性评价和愿景展望详
  • 不料旧邻居竟然色胆包天,趁酒劲在夫妻俩相拥入眠的时候对女子实施强奸。不料旧邻居竟然色胆包天,趁酒劲在夫妻俩相拥入眠的时候对女子实施强奸。
  • 比如疑古派另一代表人物,同时也是新文化运动旗手之一的钱玄同,其核心主张就是要废除汉字……胡适就更不用说了,学问嘛是有的,但人品上自轻自贱得很,不光毛瞧不上他,就
  • 一次性发大财我是不想了,不追求收益率了[允悲]努力多点本金,随便翻翻就不少。如果生意还是很垃圾就只有vx小额定投,zfb做波段然后就是B,主要还是存现货Hy准
  • 等下楼去看的时候,因为压得太狠,头整个被挤压过,眼睛都挤压出来了,非常惨烈[泪][泪][泪][泪][泪]从家里带了袋子和纸箱下楼,想把小猫从马路中间带走,但一直
  • 现实层面上,理想的幻想无疑暗喻了种种美好的趋势,但在镜像世界里,我认同并扮演这个形象并成为了他的化身,“我即他人”的残酷真相不能被忽视。 这便是将自我置身
  • 善心人人有,快乐你我他。善心人人有,快乐你我他。
  • #过敏# #健康# #咳嗽# #育儿# #过敏性咳嗽# ☺︎今日值班日,中午跟着同事去吃了好吃的板面,写了探店,还跟着去了菜市场,后悔没带相机,浓重的烟火气
  • 想了很多自己好像一个很矛盾的人,在外对待事物都很无所谓,也比较冷血,实则内心一直比较敏感,处理任何事确实都是自己在消化也不需要别人来进行疏通,但是有时又想与人沟