#520#
ཡུལ་མོ་དྲན་པའི་ཕྱི་མིག                                      
ཐུགས་ཁྲལ་བྱེད་དགོས་ཤིག་མེད་དུས། །
བློ་བུར་བྲག་འདབས་ཀྱི་ཤྭ་ཕོ། །
ནགས་ཀླུང་ཡིད་ཡུལ་དུ་འཁོར་ནས། །
ཡུ་མོའི་འཕག་འཚག་དེ་དྲན་བཞིན། །
ངུ་ངག་གནམ་ས་ལ་གྲག་སོང་། །
སྨུག་རླངས་རི་ལུང་ལ་འཁྲིགས་དུས། །
སེམས་པར་བྱང་ཐང་གི་འབྲོག་མོ། །
ཁ་དྲི་ཚིག་འཇམ་གྱི་དབང་ཕྱུག །
གཉུག་མའི་རང་གཤིས་དེ་དྲན་པ། །
འགྲོ་འདུག་གོམ་པ་ཡི་མཚམས་སུ། །
ཐུག་འཕྲད་བྱུང་གྱུར་ན་བསམ་སོང་། །
མགུར་ཆུང་བྲག་དཀར་གྱི་རོལ་མོ། །
རྫ་ལུང་གཡས་ཤོགས་ནས་མ་ཆད། །
རྫ་ལུང་གཡོན་ཤོགས་ནས་གྲག་པ། །
སྣང་བའི་ཀི་བསྭོ་རང་ཡིན་པས། །
ཇག་གླུ་སིང་སིང་ཞིག་བླངས་ན། །
སྨུག་ཕྲན་སྒབ་འདབས་ནས་བཤར་བའི། །
སྒབ་འདབས་རླུང་བསིལ་གྱིས་སྐྱོམ་པའི། །
འབྲོག་མོའི་ཐུགས་བློ་རུ་བབས་སམ། །
ཀི་འདི་ནོར་ལུག་གི་འབའ་སྒྲ། །
རྟ་ཕོའི་འཚེར་སྐད་དང་འདྲེས་ཡོད། །
སྦྲ་ཆེན་སྒོ་ཁ་ནས་བུད་པའི། །
རྣ་ལོང་སིལ་སིལ་དུ་རྡེབ་མཁན། །
ལན་བུ་རླུང་བསིལ་གྱིས་སྐྱོམ་ལུགས། །
མགོ་རས་དམར་པོ་དེ་མཐོང་སོང་། །
སྨན་ཤར་ཚེ་རིང་ལ་དབྱངས་སྐྱིད། །
ཕྱག་སོར་དཔྲལ་བ་ལ་ཀེར་ནས། །
སྤྱན་ཟུང་སྐར་རྒྱན་ལ་གཉིས་སྒྲིག །
འདི་རུ་གཟིགས་ཕེབས་ལ་ཡོང་ངམ། །
དྲན་པའི་ཕྱི་མིག་གི་ཀློང་ནས། །
རྟ་ཕོའི་སྲབ་ཁ་རེ་འཐེན་བཞིན། །
ཚེ་རིང་རྒྱང་ཡུལ་དུ་ཆས་སོང་། །
དབྱངས་སྐྱིད་སེམས་པ་དེ་མ་སྐྱོ། །
མིག་ཆུས་སྐྱེལ་མ་དེ་མ་མཛད། །
སེམས་སུ་འཁྱག་ཤ་ཞིག་ཐེབ་ཡོང་། །
རྒྱང་ལམ་ངལ་བ་ཡིས་མི་ཚད། །
ཁྱོད་རང་སྐྱོ་བ་ཡིས་དུབ་འགྲོ། །
རི་བོའི་སྒང་གྲིབ་ནས་ཡོལ་ཁར། །
མཐོ་མཐིང་ལག་ཟུང་གི་རྔ་གཡབ། །
ཚེ་རིང་གྱེས་བརྡ་ཞིག་བཞག་པས། །
ཁྱོད་རང་ཚུར་ཚུར་དུ་མ་རྒྱུགས། །
རང་ལུས་རྒྱལ་ཁམས་ལ་ཆས་ཀྱང་། །
སེམས་པས་ཁྱོད་རང་དང་འདྲིས་ཆོག །
ཕར་བལྟས་སྦྲ་འདབས་ཀྱི་བུ་མོའི། །
ངོ་དཀར་མཐོང་བ་ཞིག་མིན་རུང་། །
སེམས་པས་ང་རང་ལ་དཀར་བ། །
སུ་ཡིས་མ་བཤད་ཀྱང་ཤེས་ཡོད། །
ཚེ་རིང་ར་མདའ་རུ་ཆས་དུས། །
ཡུལ་མོས་སེམས་སྐྱོ་དེ་མ་མཛད། །
རྟ་ཕོ་རྐྱང་དཀར་འདི་ངེད་གཉིས། །
ཇག་ལམ་ཆོད་ས་ནས་བསླེབ་ཡོང་། །
མིག་རྒྱའི་ཡལ་ཡོལ་གྱི་གསེབ་ནས། །
མི་མཐོང་ཕར་ཕར་ལ་ཡལ་བའི། །
ཡུལ་མོ་ཚེ་རིང་ལ་དབྱངས་སྐྱིད། །
ཕྱི་མིག་སྟོང་ཕྲག་གི་འཚོལ་ས། །
ལ་མོའི་སྒང་གྲིབ་ནས་རྒྱུད་དུས། །
ཁྱོད་དྲན་བཟོད་ཐབས་ཤིག་མེད་ན། །
སྒང་ནས་ལན་གསུམ་ཡང་བོས་ཡོད། །
མིག་ཟུང་སེལ་སེལ་དུ་བཏང་ནས། །
བལྟས་པས་མིག་རྩ་ཡང་དམར་སོང་། །
ཁྱོད་འདི་ཞེ་གདིང་ལ་འབྱར་བའི། །
སྙིང་གི་ཚི་ལུ་ཞིག་མིན་ནམ། །
ཕ་སྐྱེས་འབྲོག་པ་ཡི་བུས་ཀྱང་། །
ཐད་ཀར་འབྲལ་བ་རང་མི་ནུས། །
བརྗེད་མེད་ཡིད་ཁོང་གི་བདག་མོ། །
འབྲོག་མོ་ཚེ་རིང་ལ་དབྱངས་སྐྱིད། །
འབྲལ་བ་སྔོན་ལས་ཤིག་ཡིན་རུང་། །
ཡང་ཐུག་སྨོན་ལམ་ཞིག་བརྒྱབ་ཡོད། །
ལྷ་མོས་སྐྱབས་འཇུག་ཅིག་གནང་སྲིད། །
བར་དོའི་འཕྲང་ལམ་དུ་ཆས་ཀྱང་། །
འགྱུར་མེད་བརྩེ་འདང་གི་ཕྱི་མིག །
དྲན་པ་དམར་པོ་འདིས་ཁྱེར་ནས། །
རྣམ་ཤེས་ཁྱོད་ས་རུ་ལོག་ཡོང་། །               

གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ།།
闻听他人行善事
དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས།།
若舍嫉妒不善心。
སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན།།
诚心欢悦作随喜。
དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས།།
佛说同获彼福德#佛学院# https://t.cn/A66BNP6J

གཉེན་པོ་སྟོབས་བཞི། 四对治力

རྡོ་རྗེ་སེམས་དཔའ། 金刚萨埵

༡༽ ལས་རྟེན་གྱི་སྟོབས་ཞེས་པ་ནི་དམིགས་ཡུལ་རྡོར་སེམས་ཀྱི་ཐང་ག་ལྟ་བུ་ལ་རང་གི་རྩ་བའི་བླ་མ་དང་རྡོ་རྗེ་སེམས་དཔའ་གཉིས་དབྱེར་མེད་དུ་འདི་ན་བཞུགས་ཡོད་བསམ་ནས་སེམས་མ་གཡེང་པ་ལ་ཟེར།

一 所依对治力就是要想到自己的上师和南无金刚萨埵无二无别的在自己眼前,不乱想。

༢༽ རྣམ་པར་སུན་འབྱིན་པའི་སྟོབས་ཞེས་པ་ནི་སྔར་བྱས་པའི་མི་དགེ་བ་ལ་འགྱོད་སེམས་དྲག་པོའི་ངང་བླ་མ་རྡོར་སེམས་མདུན་དུ་སེམས་གཅིག་ཏུ་བཤགས་འདོད་ཀྱི་ཀུན་ནས་བསློང་སྟེ་ལུས་ངག་ཡིད་གསུམ་གྱིས་བཤགས་པ་ལ་ཟེར།

二 厌患对治力就是要南无金刚萨埵面前真心的从心里去忏悔一切的罪业。因为只要有了忏悔的意念才能消除恶业。所以需要心里的真心。

༣༽ སོར་ཆུད་པའི་སྟོབས་ཞེས་པ་ནི་ད་ནས་བཟུང་རང་གི་སྲོག་ལ་ཐུག་སོང་ནའང་མི་དགེ་བའི་ལས་མི་བསྒྲུབ་སྙམ་པའི་དམ་བཅའ་བྱེད་པའམ་གཟབ་གཟབ་བྱེད་དགོས་བསམ་པའི་དམ་བཅའ་ལ་ཟེར།

三 返回对治力就是要一个决定,决定的就是从今开始就算死,也不做恶行,最起码也要尽量的不做。

༤༽ གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཞེས་པ་ནི་སྡིག་པ་མི་དགེ་བ་དག་ཕྱིར་བླ་མ་རྡོར་སེམས་ལ་བརྟེན་ནས་ཕྱག་དང་བསྐོར་བ་བསྙེན་སྔགས་བཏོན་པ་ལ་ཟེར།

四 现行对治力就是要努力拜金刚萨埵,多转经筒,多念心咒,反正多行善事。

འདི་ལྟ་བུའི་གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་པ་བྱང་ན་དག་པར་མི་འགྱུར་བ་མེད་པས་ཀུན་གྱིས་འདི་རྒྱུད་དུ་ངེས་ནས་སྟོབས་དེས་སྡིག་པ་ལ་འགྱོད་བཤགས་བྱེད་པར་ཧ་ཅང་གལ་ཆེའོ།།

有了这样的"四对治力"不管有大的恶业也会消除。所以望大家能够读懂四对治力,用它的力量来忏悔一切的恶业是很重要。


发布     👍 0 举报 写留言 🖊   
✋热门推荐
  • 我:那挺好的呀 你超棒[good](内心os:“拖班级后腿”这一说法从00年代用到20年代 真是屡见不鲜[作揖]#神秘字母Id的碎碎念# 今天也遇见了陈姓鲍师傅
  • 店里客人20-40岁男的特别多,大家心照不宣,都是去吃面的。买车的那天早上,车行老板喊我们到附近吃面,推荐了一家面馆,我们一行人就去了。
  • [星星]情绪超预期继续强势,留意后续是否有逼空行情[浪]昨晚美股大跌,我相信很多人对今天的大A行情是有一些悲观的,但是今天大A还是挺争气,狠狠的给了外围一巴掌,
  • 呜呜呜~在二王一马的时代年纪太小只知道人家是谁后来本人眼里的大神出现了2012年伦敦张继科赢球之后跑向了领奖台并亲吻了一下那里还没有闪光灯但你就觉得非常耀眼的一
  • 尤其在执行上司命令时,很多时候就和故事中渔夫的计划一样,听也不是,不听也不是,往往只能从两难中寻找平衡,这也是“中庸”的一种表现。因为上司要求的,是成果,而不是
  • 别宣扬什么“这就是家里的味道”了,住在这样的家里,吃着这样的饭菜,和受刑差不多了。但是到最后每个人却都向往着寡淡无味的生活。
  • 不作善事,不积阴德,则恶道无所不入矣!”阴德深厚,子孙才能昌盛,而积累阴德的方法有不殄天物,不肆盗淫,不毁正教,救死扶伤,急人患难。”如果人想修道,但是缺少阴德
  • #EXO[超话]#20120408~20220408wul EXO出道十年啦!十一周年倒计时开始…………-半桶废话-11:121️⃣➖3️⃣看到大家很喜欢我的w
  • #HACCI花绮蜂蜜美容#♥今日安利♥图①是我上个月北京三里屯吃的#蜂巢冰激凌#蜂巢+冰激凌的搭配简直感人图②是我微信买的蜂巢这两天直接挖吃的我准备自制#蜂巢冰
  • 再高水平的人,盈利成功率不超过50%,水平再差的人操作成功率长期也不会低于20%,因为价格任何位置涨跌的概率是50%,只要做的次数多,是必然要这样的,这是市场正
  • #郑州征婚# 【郑州月老】2019号男嘉宾年龄: 33身高: 175体重: 66 星座: 白羊座户籍: 河南省 / 郑州市职业: 上市公司 运维兴趣爱好: 足球
  • 我想是因為妳覺得目前我們兩個人的關係,其實是最好的看著我打死不放手,慢慢地學會懂妳,慢慢地有種知音難尋的感覺,可是如果升級為戀人後也許這個情況就會變了,這個部分
  • #龚俊 极限挑战# [甜粽党]极挑综艺录制路透[咸粽党]【视频】初恋丽人花火白茶初恋白茶墨客狗勾【饭拍】临晚镜 临晚镜墨客墨客暗暗暗暗暗暗夕雾游城 游城 游城游
  • #一号汽车# #2016广州车展# 纳智捷2017款优6 SUV正式上市,新车共推出6款车型,售价区间为11.98-20.08万元。11月18日-11月27日,
  • 善良之举,需要人人拥有;善良之歌,需要人人唱和向善是一种文明,也是一种光明。#每日一善[超话]##阳光信用# [兔子]#每日一善# 善良是一种修养, 善待他人
  • “他冷酷自私、道德感淡薄,不止亲手粉碎了自己的家庭,还破坏了朋友的家庭。月亮太远了,所以我们埋头跌进城市的灯光里斯特里克兰德对这如果白昼的繁华嗤之以鼻,他独自走
  • 7月22日:7:02到达包头站,之后乘坐22路公交车到苏宁广场下车,步行回到昆都仑区青8街坊家中,到家时间约8:00,之后未出门;18:00其母亲(已于7月31
  • 一进朝鲜就是战场,那时候的条件苦啊,饱一顿饥一顿的,好在子弹分配的很多,成千成千的发,根本打不完,我们累了就挖个洞,在洞里休息,打一仗就换个地方在那待了多久,我
  • 购物车给我加购起来呀! 伊蒂之屋就是知名的韩国彩妆品牌,原来的爱丽小屋啊,2013年的时候就更名啦!
  • 爱在我这里,有时并不是普通意义上,那种牵羁,可又怎么具体形容呢?你从未想象过的,自闭症人士都能做到。