#微博[超话]# ࿐གངས་རྒན་ལྷོ་རྩེ་རི་བོ། 洛子峰

གངས་རི་འདི་ནི་ཇོ་མོ་གླང་མའི་ཉེ་འདབས་ཀྱི་སྤྱི་ལེ་གསུམ་ཙམ་གྱི་བར་ཐག་ཏུ་གནས་ཤིང་། མཐོ་ཚད་ལ་མཚོ་འཕགས་8516ཡོད་ཅིང་། འཛམ་གླིང་ཐོག་རི་བོ་མཐོ་ཤོས་གྲས་ཀྱི་ཨང་བཞི་པ་ཡིན་ལ་འདི་ནི་ཇོ་མོ་ཚེ་རིང་མཆེད་ལྔའི་ཡ་གྱལ་མཐིང་གི་བཞིན་བཟང་མ་ཞེས་སུ་འབོད་པ་དེའོ།།

S...ལ་ཕུལ་བའི་ཚིག་ཕྲེང་།


࿐ དྷཱིཿཟེར། DS


སེམས་པའི་གཏིང་རིམ་སྟོང་པའི་དབྱིངས་ལས་འཛུམ་པའི་སྤྱན་རས་གུད་དུ་མཚེར།།
དྲན་པའི་སྙིང་ཆུང་མཚོ་མོའི་རླབས་ལས་ཉེ་བའི་ནང་མྱི་ཡིད་གར་འཆར།།
ལས་བསྐོས་བྱམས་པའི་བརྩེ་ཞིང་དུང་བའི་སེམས་གཤིས་སྨྱུག་མའི་ལྕུག་ཕྲན་ལ།།
སྟས་དང་སྟབས་ཀྱི་མདུད་པའི་བཅད་རྒྱ་སྲིད་པའི་ཟོམ་ལས་གཡུང་དྲུང་འཁྱུག།
ཉེ་དང་རིང་གི་གཏན་འདུན་གཏན་ཚིག་མུ་མཐའི་གྲོང་ནས་ཚིག་ལ་སྦས།།
རྒྱལ་ཕམ་དར་རྒུད་འཁོར་བའི་བསླུ་བྲིད་སྲིན་མོ་ངུ་བའི་ཆོ་འཕྲུལ་དང་།།
འཆི་གསོན་རེས་ཕྱོགས་སྐྱེ་འགྲོའི་ཆོས་ཉིད་མི་སྡུག་པ་ཡི་གཟུགས་བརྙན་བཅས།།
འཇིག་རྟེན་གཡོ་བའི་མཚར་བརྙན་དག་ལས་ལག་འཇུ་ཞིག་དང་ཆང་འདྲེན་ཞིག།
ཀུན་རྫོབ་སྒྱུ་མའི་གར་ཁང་དག་ལས་འཁྲབ་སྟོན་ཞིག་དང་ཨག་སྐད་ཞིག།
རྨི་ལམ་འཁྲུག་ཅིང་དབང་རྩ་སྦྲིད་པའི་རྟོགས་ཚོགས་འགའ་འགས་བར་གསེང་གི།
ཚོར་འགྱུའི་འཁོར་ལོ་སྣག་གི་རླབས་ཀྱིས་སྨྱུག་རྩེའི་སོ་ནས་ཐང་མར་བརྡལ།།
སྲོད་ཀྱི་མཚམས་སྲིན་དུམ་བུས་དཀྲིས་པའི་དགོང་མོའི་ཉི་ཟེར་ནུབ་ཏུ་བསྐྱོད།།
མ་དྲན་མི་དྲན་དྲན་པས་མནར་བའི་ཁྱོད་ཀྱི་མཛའ་བོ་ཤར་དུ་ལུས།།
སེམས་ཀྱི་འཕར་ལྡིང་སྟོང་འདང་དུ་མས་འཇགས་པའི་སྐལ་བ་མ་བྱིན་རྐྱེན།།
མིག་ལྕིབས་མཐའ་ནས་མིག་ཆུའི་ཕྲེང་བ་གྲངས་ཀྱིས་ཁ་ཚོན་མི་ཆོད་ཁད།།
ཤོག་ཧྲུལ་ཞིག་དང་སྨྱུག་ཆག་ཞིག་གིས་དྲན་པའི་སྲིབ་ཁ་འཁྱོག་དྲུབ་དང་།།
ཐ་སྙད་ཞིག་དང་ཚོར་འགྱུ་ཞིག་གིས་ཞེན་ཆགས་ཞོ་གསར་སྐོར་དཀྲུགས་སོགས།།
ཤ་རུས་ཁྲག་གིས་དྲན་པ་སྒུལ་བའི་རྨིས་མི་ཚར་བའི་སྨིག་རྒྱུ་ཞིག།
འཁོར་བའི་ཐང་ནས་འཛིན་པར་ཆགས་པའི་ཁོ་བོའི་སྤྱན་ཟུངས་གཡོ་བར་བྱས།།

2021/29/2/20

√ཕ་ཡུལ་ལ་འཚལ་བའི་གྱེས་ཕྱག

                                           ࿐ དྷཱིཿཟེར།

ཐོ་རངས་ཟླ་བ་གཞོན་ནུའི་འོད་དཀར་ངོགས། །

རི་ཆུའི་གཤོག་སྣེ་འཕྲུལ་གྱི་འཁོར་ལོས་བཅད། །

ཕ་ཡུལ་ནེམ་ཤ་ཅན་དེའི་ཁོག་གཞུང་ལ། །

དགའ་སྐྱོས་ཀླུབས་པའི་སྙན་ཚིག་མང་ཙམ་སྦས། །

མདུན་མའི་བཅད་རྒྱ་ངལ་བའི་མེ་འོབ་ཀྱི། །

རེ་དོགས་རྒུམ་འབུ་འཐུ་བར་སྤྲོ་བ་ཡི།།

དྷཱི་ཡི་མིང་ཅན་གཞན་ཡུལ་ཚལ་དུ་བཞུད།།

བདེ་སྡུག་འཚོ་བ་དཀོན་མཆོག་གསུམ་ལ་བཅོལ།།

ཡུལ་ལ་ཐོགས་པའི་སེམས་པའི་ཐིག་ལེ་འང་།།

མཛའ་བཤེས་གཉེན་གྱི་ཚོགས་སུ་ལྡིང་སྐོར་རྒྱབ།།

ལས་སེམས་གཉིས་སུ་གྱེས་པའི་སེམས་གཤིས་དེ། །

སྙན་ཚིག་ཁྲི་མ་འབུམ་གྱི་བརྗོད་བྱར་མཚམས། །

མ་བྲིས་རང་བྱུང་སྙན་ཚིག་ཆར་དུ་བསྙིལ། །

མ་བསམ་མཆི་མའི་ཕྲེང་ཐག་ཡུལ་ནས་ཆད། །

མ་སོགས་གཉེན་གྱིས་བཅངས་པའི་རེ་བ་འང་། །

ཁོ་བོའི་རྣ་ལྕོག་འགྲམ་དུ་ཡིབ་ནས་འདུག།

གྱེས་ཕྱག་ཞིག་གི་སྣེ་མོ་དྷཱི་མིང་པས་སྨྱུག་རྩེ་ནས་འཕྲལ་དུ་འཁྱུག་པའང་ཕ་སྐད་མ་ཡིག་གི་སྲིབ་ཏུ་སྦྱར་བའོ། །


发布     👍 0 举报 写留言 🖊   
✋热门推荐
  •   将军向宠,性行淑均,晓畅军事,试用于昔日,先帝称之曰能,是以众议举宠为督。  亲贤臣,远小人,此先汉所以兴隆也;亲小人,远贤臣,此后汉所以倾颓也。
  • 看这里↓TB:如打不开官网可私信带图申请调✨货,通过专用链✨接拍✨付!看这里↓TB:如打不开官网可私信带图申请调✨货,通过专用链✨接拍✨付!
  • 还有一次又深刻又模糊的记忆,晚上奶奶打手电带我去村里串门儿,要走的时候奶奶从围裙里神秘的交给我个东西,奶奶说要小心,这个是活的,我当时不知道是什么,只感觉手
  • Usmile家的质量和售后也是真够垃圾的,买了个冲牙器用了半年就坏了[good]申请售后显示通过故障认定,我可以把原机邮寄给商家并换新了,商家仓库签收后迟迟未予
  • 还有一次,是最后清唱的那一句raise a glass to freedom.Raise my glass to freedom.2.15 分子电路与分子等效电
  • 这段日子在修订《你要去相信,没有到不了的明天》(没错,这本书的版权又要到期了,到时候朋友们想买就买,不想买也一点关系都没有)我在里面写了一段话:“尽管这世上有8
  • 小过不惩终成大恶,小善不扬难有善做一个正能量励志的人。早安☀☀#每日一善[超话]##每日一善#☀️#阳光信用#☀️慕人善者,勿问其所以善,恐拟议之念生,而效法
  • 咱古时候一般人去世以后会遵从土葬的方式,因为在古时候的人看来,落叶就要归根,而将人体埋到土里,也是落叶归根的体现,这种方式在当时受到了大家的认可,也一直延续了下
  • 做人,拼的就是人品,三穷三富才到老,十年兴败谁知晓。人生之路,靠自己一步一个脚印去走,别人给的关心,或许只是礼貌性的。
  • “我看到久违的晴朗啊又在黎明醒来万亿爱中生长长出轻盈的云朵 长出柔美的山色长出世界本来的喧哗寻一颗未萌的渺小啊随着青翠未来升入辽阔云霄那些黑暗笼罩的终将向阳而
  • 都能搞定,所以我真的很爱空气炸锅,超级!高阶选手也可以自己调节~昨天的po评论区有姐妹发的空气炸锅巴斯克蛋糕真的很牛,我看一次惊一次哈哈哈哈哈哈 ,有机会我也要
  • 不觉得变来到中午,我的腹痛感觉起来了,我在计数软件上有一搭没一搭的记录,因为我确实也不懂这是不是有效宫缩痛。回家后就很坦白的告诉了对象,他偷偷私下问他妈,然后在
  • 梦想中的顶层套房是由惊喜,冒险和富豪氛围组成的王国,与世界上其它任何地方都不一样。酒店的客房代表了现代奢华的绝对巅峰,旨在让客人沉浸在绝对的舒适和无与伦比的奢华
  • 雄鹿时期曾被基德派遣至希腊,在休赛期为字母哥进行为期数月的特训项目,每天进行2-4次训练,字母哥的蜕变有他的一份功劳。而让众人复述12年来发生的种种事情时,穆青
  • 从箱子里开出付主任,就开始狂笑不止,阴间喜剧片[给你小心心]杨幂骂人打架泼火锅汤底,太喜欢了,我是抖m唯爱拽比,老婆打我骂我[给你小心心][给你小心心][给你小
  • 有海南网友讲:我们凌晨3点也没说啥呀(狗头表情)村里也有未满月的新生儿,大家都很配合防疫工作,后来才改为凌晨0点。关于为什么要半夜、凌晨做核酸,有的地方还真给过
  • 2024.5.9柠檬鸡爪失败了,有些苦,糖心说好吃,也不知道她味觉是咋回事,反正她后来不吃了,今天的焖面颜色上非常地道,醋有点放多了,把多余的饭吃了之后又觉得罪
  • 《身份的焦虑》阿兰·德波顿 身份的焦虑是每个人都要面对的,人生就是一场体验和寻找自我的过程,我是谁?我从哪里来?我要去哪里? 真没有想到过还有写关于身份焦虑这
  • ”唐汝谔《古诗解》则云:“晔为江南人,陆凯代北人,当是范寄陆耳。后人以“一枝春”作为梅花的代称,也常用作咏梅和别后相思的典故,并成为词牌名。
  • )B49-057 SR「星碎之弩发冲锤 美甘」红 星辰(zvezda,俄罗斯语“星星”的意思) 5费 7500力量【常】【玩家】《美甘》【有效】手牌【效果】你的