༄༅། །ཚད་མེད་བཞི་ནི།
四无量心
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ ལྡན་པར་གྱུར་ཅིག །
愿诸众生永具安乐及安乐因
སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་ གྱུར་ཅིག །
愿诸众生永离众苦及众苦因
སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །
愿诸众生永具无苦之乐 我心喜悦
ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའ་ིབཏང་སྙོམས་ལ་གནས་པར་གྱུར་ཅིག།
愿诸众生远离贪嗔之心 住平等舍


༄༅། །ཚད་མེད་བཞི་ནི། 四无量心❤️❤️❤️❤️ སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ ལྡན་པར་གྱུར་ཅིག ། 森坚坛加得瓦当得沃杰当丹巴杰结 愿诸众生永具安乐及安乐因 སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་ གྱུར་ཅིག ། 德锕当德锕杰杰当抓瓦杰结 愿诸众生永离众苦及众苦因 སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག ། 德锕美波得瓦丹巴当门抓瓦杰结
愿诸众生永具无苦之乐 我心喜悦 ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའ་ིབཏང་སྙོམས་ལ་གནས་པར་གྱུར་ཅིག། 涅让恰当尼当抓沃党农拉内巴杰结 愿诸众生远离贪嗔之心 住平等舍

༄༅། །གཞོ་སྟོད་གཏེར་སྒྲོམ་གནས་ལམ།

རྒྱལ་ཀུན་གསུང་གི་རྡོ་རྗེ་སིནྡྷའི་མཚོ། །

ངོ་མཚར་མཚན་དང་དཔེ་བྱད་དཔལ་འབར་བ། །

མཚོ་སྐྱེས་རྡོ་རྗེ་འགྲོ་བའི་བླ་མ་དེས། །

དགེ་ལེགས་ཐམས་ཅད་སྲིད་ན་སྩོལ་གྱུར་ཅིག །

སྔ་འགྱུར་བརྒྱུད་གསུམ་བླ་མའི་གཤེགས་ཤུལ། མ་བརྒྱུད་མཁའ་འགྲོ་འབུམ་གྱི་སྙིང་ཁྲག །ཕ་བརྒྱུད་རིག་འཛིན་སྟོང་གི་ཐུགས་བཅུད། ཟབ་གསང་མཁའ་འགྲོ་སྙིང་ཐིག་ཅེས་གྲགས་པ་འདི་ཉིད་གང་དུ་གསུངས་བའི་གནས་ཀྱི་ལམ་ཡིག་ནི། མལ་གྲོ་གངས་དཀར་རྫོང་ནས་གཏེར་སྒྲོམ་དགོན་德仲寺 ན་ལེ་བར་༥༠ཙམ་འདུག ། ལམ་བར་ན་དབུས་རུ་ཞྭ་ཡི་ཁང་མཇལ་རྒྱུ་འདུག །དེ་ནས་འབྲི་གུང་མཐིལ་ལ་ལེ་བར་གཅིག་ཙམ་ཡོད་སའི་གཡོན་ཕྱོགས་ཀྱི་ལུང་པ་ཁ་བྱང་བསྟན་དེ་ནས་ཡར་སོང་ན་གཏེར་སྒྲོམ་དགོན་པར་སླེབས། འདི་ནས་རི་སྐོར་ལ་འགྲོ་ཆོག །རྐང་ལག་བདེ་མོ་ཅན་དང་སྣེ་ཁྲིད་པ་མེད་ན་འགྲོ་ལམ་དཀའ་ཙམ་འདུག །ཉེ་སྐོར་ཡིན་ན། གཏེར་སྒྲོམ་དགོན་ནས་ཡར་ལེ་བར་བཞི་ཙམ་སོང་ན་འབྲོང་ངུར་སུམ་མདོ་དགོན་ཞེས་པ་ཡོད། འདི་ནི་འབྲི་གུང་རིན་ཆེན་ཕུན་ཚོགས་ཚང་ལོ་ལྔའི་རིང་སྐུ་མཚམས་ལ་བཞུགས་སའི་མཚམས་ཁང་མ་ཉམས་པར་ད་ལྟའང་མཇལ་རྒྱུ་འདུག །
རང་ལོ་ང་གཉིས་པ་སྟེ་བོད་ལྕགས་མོ་གླང་ལོའི་ཟླ་དྲུག་པའི་ཚེས་ཉེར་ལྔའི་ཉིན་དགོན་འདིར་ཞག་སྡོད་བྱས། ཕྱི་ཉིན་རྐང་ཐང་དུ་དུས་ཚོད་གཉིས་ཙམ་གྱི་རིང་སོང་ན།

ཨོ་རྒྱན་སངས་རྒྱས་གཉིས་པས་གཟུང་མ་ཡེ་ཤེས་མཚོ་རྒྱལ་སོགས་མཁའ་འགྲོ་མ་རྣམས་ལ་ཡང་ཟབ་མཁའ་འགྲོ་སྙིང་ཐིག་གི་ཆོས་འཁོར་སྐོར་སའི་གནས་གཞོ་སྟོད་གཏེར་སྒྲོམ་ཕུག་པར་གཞི་ནས་སླེབས་ཐུབ། གནས་དེ་ནི་བྲག་རི་མཐོན་པོ་རྩེ་མོ་དགོང་ལ་ཟུག་ཅིང་དཀན་གཟར་ཉེན་ཁ་ཅན་སྟེ་རྒྱུན་ལྡན་གྱི་རྐང་ལམ་ཕྲ་མོ་ཙམ་ཡང་མི་འདུག །མཚམས་མཚམས་སུ་རི་དྭགས་གནའ་བ་དང་ལྷ་བྱ་གོང་མོ་མཐོང་ལམ་དུ་རྒྱུ་རྒྱུ་འདུག །ཕུག་པ་དངོས་ནི་གནམ་སྐས་རིང་ཐུང་གཉིས་བགྲོད་ཚེ་གཟོད་མཇལ་ཐུབ། གནས་འདི་མཐོང་བ་ཙམ་གྱིས་སྔ་འགྱུར་རིག་འཛིན་གོང་མའི་ཐུན་མིན་གྱི་ཟབ་ཆོས་ཉམས་བཞེས་གནང་ཚུལ་ལ་སེམས་ཁོང་ནས་མོས་གུས་དད་པའི་སྣང་བ་ཅུང་ཙམ་སྐྱེ་སྲིད། གཞན་ཀོང་པོ་རྒྱ་མདའ་ནས་ཡར་འོང་བ་ཡིན་ན་གསུམ་མདོ་松多ནས་གཞོ་སྟོད་ལ་ཉེ་ལམ་ཞིག་ཀྱང་འདུག ། ནམ་ཞིག་འདིར་སྣང་ནུབ་པར་གྱུར་མ་ཐག ། རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུས་ནས། ། རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར། ། རྗེ་བཙུན་པདྨའི་ཞབས་དྲུང་སྐྱེ་བར་ཤོག །

གུ་ཡངས་སོས་དལ།

༢༠༢༡.༨.༤


发布     👍 0 举报 写留言 🖊   
✋热门推荐
  • 平运生肖:龙、狗 ★★★☆☆生肖龙今天精力充沛,做事相对比较顺利,工作容易出成果。生肖猴今天有新的机遇到来,也会得到贵人的协助,财运收入方面也会获得新的增长点,
  • [心]#一米爱猫明星# 之美出天际[心]妮妮6岁,半岁左右时被救助被领养[摊手]爱ta们需要长久的深情和宽容,不是一个月几个月,是很久很久,所以准备养一个小动物
  • 一起隔离的人都是在试图过正常的生活,像个“正常人”一样,两点一线的生活像个机器,任谁也没法做到,没有人故意去人群聚集场所,没有人盼着自己和阳性接触,没有人盼着自
  • 有网友说,好家伙,自己还是第一次听说杨梅馅儿的粽子,更别说尝了。苏东坡icon可是古代诗人中很有名的吃货,毕竟有那么多以他名字命名的美食,什么东坡肘子icon、
  • 童生曰:说得也是,徒儿自从吃了恩师之丹丸后,身上总是『热气腾腾』冷风再怎么吹亦不受影响,真是受用。)罪魂曰:痛死我也,早知『阿鼻地狱』那么苦,我也不敢造此大逆不
  • 喜欢《阅读•阅美》这档栏目#阅读•阅美#【小的时候我们每个人都是在父母的背上长大的,随着岁月的流逝,我们变成大人了。但是隔个三两年,自身的阅历、阅片量增大之后,
  • (2)二郎山隧道雅康向出口(K95+200)距泸定收费站下站匝道距离过近,受泸定站地方道路连接线通行能力影响,车辆易反堵二郎山隧道内出现缓慢排行。(五)G421
  • 今天的护城大堤,就像一位世纪老人,见证了曹州古城的前世今生,解读着菏泽平原大邑的历史沧桑。虽然黄河多次泛滥成灾,但更多的,还是赋予了炎黄子孙繁衍生息的肥田沃土。
  • 成长的路上被辜负得多了,自然也就学会了防卫,结果防住了恶意,也挡住了好意,只剩一身疲倦与孤独。喜欢四下无人的街,黯淡无光的夜,素昧平生的风,无处停留的目光,还有
  • 全体成员直抒己见,或感悟企业文化之精髓,或自省工作方式之改进,纷纷表示要把企业文化的精神理念转化为实践的动力,在工作中,以每一个小我的不断努力,汇聚成一股强劲的
  • 【京东服务+】CMA甲醛检测服务 室内空气检测服务 免费上门 2点起拍【券后¥169】室内污染的危害,装修污染不止是甲醛,苯系物、TVOC也是健康杀手,各类装修
  • 每日解卦:2022年6月9日 泽天夬(夬卦)决而能和 上上卦 【象曰】蜘蛛脱网赛天军,粘住游蜂翅翎毛,幸有大风吹破网,脱离灾难又逍遥。这个卦是异卦(下乾上兑)相
  • 居家老公好处11:5.26上午又忘了带东西,还好是刚出门,赶紧打了电话把睡梦中的老公吵醒给我送东西,那顶着杂乱的头发、睡眼惺忪的老公,拿着东西宠溺看着我的眼神,
  • 8.我也想过六一,但是低了低头,算了吧,小朋友是没有36D的。10.我发朋友圈的时间越来越少了,因为我要从幼稚园转到大班了,最近真的太忙了。
  • 每个人都有忌讳​明的也好暗的也罢​本人最忌讳的是被说“你有病了”​我没病!​因为在我们jia里我是最不能有、最不允许有病的人…​我有胸怀​我有耐心​我有坚持​我
  • /Paradox Live -Road to Legend-7/27发售『Round1 “FATE”』\发售日:2022-07-27售价:3,300日元(含税)
  • 近年以来,这里以滑雪为核心旅游资源,对旅游产品不断进行优化与整合,游客除了滑雪还可以到熊猫馆观看大熊猫,品味原汁原味的东北民,俗体验天然富“硒 ”温泉 , 参观
  • #殷桃[超话]# #爱的理想生活大结局# 拜拜啦 雪儿 [思考]喜欢你的真性情 喜欢你的人间清醒 更喜欢你对待生活的态度 崇尚自由又不失温暖愿以后我们都能勇敢追
  • 比如,日干为甲木,年月干为强旺之七杀庚金,而时干恰好为食神丙火,且食神丙火的力量也恰好与七杀庚金相抗衡,在八字命理中称之食神制杀。在八字命理中,食伤为财源,食伤
  • 分享抗疫故事,共话学校未来。午餐会以“同心抗疫 暖心育人”为主题,共话青年担当,畅聊学校发展。