སངས་རྒྱས་ཀུན་གྱི་མཁྱེན་གཉིས་ཡེ་ཤེས་གཟུགས།།
三世诸佛智慧之总集,
བརྩེ་ཆེན་ཡེ་ཤེས་རྣམ་རོལ་འཇམ་དཔལ་དབྱངས།།
文殊化身遍智大慈悲,
ཐུབ་བརྟན་ཤིང་རྟ་མཁས་གྲུབ་དབང་པོ་ཆེ།།
教法自在无上瑜伽士,
པདྨ་མདོ་སྔགས་གླིང་པ་གསོལ་བ་འདེབས།།
祈请显密莲花妙乐洲。

སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ་ལགས་ནི་གསེར་ལྡན་འབྲི་ཀླུང་དལ་གྱིས་འབབས་པའི་འགྲམ་ངོགས་ཀློང་ཐང་སྒྲོལ་མ་ལྷ་ཁང་བཞུགས་པའི་ཆར་འདན་ཡུལ་ས་སྐྱོང་སྡེ་དགེའི་གཉེར་ཆེན་དིལ་མགོ་ཚང་གི་ཁྱིམ་དུ། ཡབ་དིལ་མགོ་བཀྲ་ཤིས་ཚེ་རིང་དང་། ཡུམ་དབེན་ཐོག་ལྷ་མཚོ་གཉིས་ཀྱི་སྲས་སུ་ཕྱི་ལོ་1910ལོར་སྐུ་འཁྲུངས་ཤིང་། འཇམ་མགོན་མི་ཕམ་རིན་པོ་ཆེས་འཇམ་དབྱངས་རིལ་བུ་གནང་ནས་མ་ཡི་འོ་མ་ཁར་མ་བླུད་པའི་སྔོན་དུ། ལྕེ་ལ་ཧྲཱིཿ དྷཱིས་རྒྱས་ཐོབ་ཅེས་གསུངས་པ་ལྟར་བྱས་ཤིང་མཚན་ལ་བཀྲ་ཤིས་དཔལ་འབྱོར་གསོལ། སྔ་ཕྱིར་རྗེ་ཉིད་ལས་དབང་བཀའ་དུ་མ་གསན་ཅིང་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཡང་སྤྲུལ་དུ་ངོས་འཛིན་མཛད། རིམ་པར་རྫོགས་ཆེན་མཁན་པོ་གཞན་དགའི་སྐུ་དྲུང་ནས་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་གཙོས་གཞུང་མང་དུ་གསན། དེ་མཚུངས་སུ་རྫོགས་ཆེན་མཁན་པདྨ་བློ་གསལ་དང་། མུ་ར་མཁན་པདྨ་བདེ་ཆེན་སོགས་ཀྱང་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཚུལ་བགྲང་ལས་འདས་པ་གསན་བསམ་མཛད་ནས་མདོ་རྒྱུད་ཀུན་ལ་ཆགས་ཐོགས་བྲལ་བའི་མཁས་པའི་དབང་པོར་གྱུར་ཏོ།། ཁོང་གིས་མི་ལོ་ཉི་ཤུའི་ཡུན་ལ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་ནས་ཐུགས་དམ་བཅད་རྒྱར་བཞུགས་པའི་ནང་ཡི་དམ་གྱི་ལྷ་དུ་མས་ཞལ་གཟིགས་ཐོབ་ཅིང་རྗེས་སུ་བཟུང་བས་ཟབ་མོ་གཏེར་གྱི་སྒོ་ནས་འགྲོ་དོན་རྒྱ་ཆེན་པོ་བྱུང་། ཞལ་ཟིན་གྱི་སློབ་ཚོགས་ནི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་འཛིན་པ་བསམ་གྱིས་མི་ཁྱབ་པ་མང་དུ་བྱུང་ཞིང་། སྐུ་ཚེ་གང་བོར་དབང་ཁྲིད་གདམས་པ་སོགས་འཆད་སྤེལ་གནང་རིགས་དང་བྱ་བ་ལས་ཀྱི་འཁོར་ལོས་བསྟན་པར་ཞབས་ཏོག་བསྒྲུབས་པའི་ཚུལ་ཤིན་ཏུ་མང་ངོ་།། བརྩམས་ཆོས་ལ་པོད་ཉེར་ལྔ་བཞུགས། མཐར་དགུང་གྲངས་རྒྱ་གཉིས་བཞེས་པ་ཕྱི་ལོ་1991ལ་འབྲུག་ཡུལ་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པ་ཡི་ནོ།།
#喇荣红房子#

ཅི་འདྲ་ཞིག་ལ་གྲོགས་པོ་ཟེར། སྐད་ཆ་བཤད་ན་འཛེམ་དོགས་མི་དགོས་པ། རོགས་རམ་བྱས་ཚེ་བཀའ་དྲིན་ཞུ་མི་དགོས་པ། ནོར་འཁྲུལ་བྱུང་ན་འཕྱ་སྨོད་མི་བྱེད་པ། གྲོས་མོལ་བྱས་ཚེ་སྒེར་གཅོད་མི་བྱེད་པ། ཕར་ལ་དྲན་དུས་ཚུར་ལ་གཟིགས་པ་པོ། སྐྱིད་སྡུག་གང་བྱུང་རྒྱུན་དུ་གླེང་པ་པོ། མདོར་ན་ཕན་ཚུན་གྱི་དར་རྒུད་གཅིག་ཏུ་མཐོང་བའི་སེམས་རྒྱ་ཅན་ལ་གྲོགས་པོ་ཟེར། གལ་སྲིད་ངས་ཁྱོད་དང་ལབ་གླེང་བྱེད་དུས། རྒྱུན་དུ་དོགས་འཛེམ་དང་སེམས་ཆུང་བྱེད་དགོས་ཚེ། ཁྱོད་ང་ཡི་གྲོགས་པོ་མིན་ལ། ང་ཡང་ཁྱོད་ཀྱི་གྲོགས་པོ་མིན་ནོ།། [月亮] https://t.cn/R2Wx150


发布     👍 0 举报 写留言 🖊   
✋热门推荐
  • 他不在我的审美范畴,但我一看到他,就会抑制不住地开心[允悲]。越追越觉得,没有人比刘宇更好……所以,为了给儿子过生日,在去年8月,重新关注ch,开始给儿子做数据
  • 哪些跑过的步,登过的山顶,路上的经历,都成为你的一部分,成为你的信念、新的动力、能量,让你能有自己特有的节奏生活下去。也请各位好心人帮忙多多留意转发哦,阿弥陀佛
  • 最近偏爱小米绿豆粥 把绿豆煮到锅边有一圈绿豆沙 软绵绵的 特别好喝 好吧 我刚喝完 家里下雨吃饭的时候停电了 就在我刚给他们做好饭 我说我不太想吃 等会我去煮粥
  • ★ 游客可以从下方进入内部空间,介绍多瑙河自然生态的十二幅图像在空间的尽头闪耀:图像印在不透明的塑料片上,因日光变得闪亮,照亮了微暗的空间。 因斯布鲁克在360
  • 这大黑眼圈md[笑哈哈]本来睡觉规律了几天调理好了整个人倍精神也没有肿眼泡那俩大眼睛是一个炯炯有神结果昨天晚上失大眠整个人规整地平躺在床上双手一合摸着肚子两点躺
  • #宋祖儿[超话]# 其实鹅最近也出了很多触动我的采访 但我最最最喜欢的永远是这个采访 包括很多人说鹅卖惨在国外住地下室也是断章取义 只有一个月就要回国了暂住一下
  • 不过旭这孩子太犟了 误会不解开他不可能he的(抹泪也是这条线让我开始恨老头子(阴暗为什么没那么恨高耶 因为他立绘好看声音好听(我真的好好好好好喜欢他帮瑞希穿浴衣
  • 如果后来没有学日语,没有看上百本原版书,大概今天我也会是“为什么要学英语”当中的一员吧。这也是我从过去的成功经验中掌握的关窍:一件事不能等非常热爱了才去做,只要
  • 当我坐在冰冷的教室里发呆,胡思乱想,好几个小时只写下几行字的时候,当我无论用多少东西,从里到外都不能让自己暖和起来的时候,当我刷到一个满屏弹幕“哈哈哈哈哈”视频
  • 那么多惹事的,除了最后在沙漠,在新月饭店一个都没s 打人还拿脚垫着,贴心白团子[色][色][色]我觉得就算上手捏两下他也打不s我张起灵的话,更不用说了 长白山上
  • 甚至有一些很滑很陡的下坡路他教我要重心放低 脚步斜着走 这个小孩真的是团宠 太可爱了图7小p孩还特别会摆pose 当然这个是抓拍到的丑照图8两个人都带了这个去年
  • 3⃣️遇到小问题天蝎男试图逃避解决如果是两个相处之间的小问题影响不大,天蝎男试图逃避蒙混过关,那睁一只眼闭一只眼让他打哈哈过去也就过去,没有必要抓着不放,一直抓
  • [憧憬]我同一个宿舍 也是同班的一个女生唱歌好好听啊 爱啦 她座位和我的就隔了一个走道 所以她唱歌我都能听到 尊的很爱啊[哇]哈哈哈哈哈前天忘记记录这个了!感觉
  • “嫌疑人要把这么多酒要带走的话,是需要一定工具的,然后我们通过对事主进行询问,发现事主确实也丢了两个比较大号儿的红色行李箱,然后通过现场公共视频看到这个嫌疑人正
  • [给你小心心][车 专+关@Lolita樱洛芙原创 与我] #转发抽奖# 啾/一/人/店/里300➕的裙子✨ 模特::@董洛婉 ✨ 摄影:@枕鶴 ✨
  • 正能量能让人远离灾难,改变自己的命运,改变父母亲人子孙后代命运,改变生存环境,从而改变地球能量场。 正能量感召来一切美好的事情,同时也感召来正能量的人脉圈。
  • 但是你得明白一件事,做自媒体变现的才是第一位的。你才发了几条作品,有人看你才不正常。
  • )最后,我之所以有罪,是因为如果我豁达大度的话,那也只是由于我意识到这种豁达大度毫无用处,因而使我倍加痛苦。(我始终认为在我周围的所有人中我的才智出类拔萃,而且
  • 此次比赛的举办是阿克苏地区完整准确贯彻新时代党的治疆方略的具体表现,是推进“文化润疆"工程的具体措施,是建设美丽新疆实观“中国梦”的具体行动。❶调息静心夏属火,
  • 因為你喊了對方老公,很可能會被判定為這個贈與是以結婚為前提的,從而使贈與變成了債務,這可不是危言聳聽!情人節到了,你的男友給你轉了5200塊錢紅包,你機警地回復