མི་གཞི་བཟང་པོ། 人品贤善
མི་གཞི་བཟང་པོ་ག་འདྲ་ཞིག་ལ་ཟེར་བ་རེད་ཅེ་ན།
བསམ་པ་དཀར་པོ།
གཡོ་སྒྱུ་ཆུང་བ།
ངང་བཟང་བ།
ཕྱི་ཐག་རིང་བ།
ཟུང་ཐུབ་པ།
ཁོང་ཡངས།
ཤེས་རྒྱ་ཆེ་བ་རྣམས་དང་ལྡན་པ་ཉིད་ཡིན་ནོ།།
༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་གསུང་ལས་བཏུས།

什么是人品贤善的人呢?
心地善良
谄谀少
温良
虑远
稳重
心宽
智大识广唯此是。

མཁན་ཆེན་མཆོག་གིས་ཨེ་འགོག་གི་ཆེད་དུ་དམངས་སྒོར་ཁྲི་600 གནང་ཟིན།

https://t.cn/A6MbNeYJ

ཕྱི་ལོ་༢༠༡༢ལོ་ནས་དབུ་བརྩམས་ཏེ་མི་ལོ་བཅུའི་རིང་མཁན་ཆེན་དམ་པ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་ལ་ཐུགས་ཁུར་ཟབ་བཞེས་གནང་སྟེ་ཨེ་ཛི་སྔོན་འགོག་གི་ཆེད་དུ་དམངས་སྒོར་ཁྲི་600གནང་ཟིན་པ་རེད།
ད་རུང་མུ་མཐུད་དུ་གནང་རྒྱུ་རེད། སྤྱིར་བཏང་འདི་ལྟར་བསྒྲགས་ན་མཁན་ཆེན་ཁོང་གི་ཐུགས་དགོངས་དང་མི་འཚམས་མོད། བོད་མི་རིགས་ལ་ཁ་ཚ་དགོས་གཏུགས་ཀྱི་ཕྱག་ལས་འདི་དག་བོད་མི་བྱིངས་ཀྱིས་མ་ཤེས་ཐབས་མེད་ཡིན་པ་རེད། བདེ་ཐང་ཉམས་པའི་མི་རིགས་ལ་རེ་བ་མེད་པ་མངོན་གསལ་ཡིན་ན་སུ་ཞིག་མི་རིགས་འདི་ལ་ཤ་ཚ་མཁན་ཡིན་ལག་གི་བྱ་བས་བདེན་དཔང་གསོན་པོ་བྱས་ཏེ་ཁ་བཤད་ལས་བརྒལ་བའི་བྱ་བ་འདི་དག་ཀུན་པོས་མིག་གིས་མཐོང་ན་ཡག་པོ་རེད། དྲིན་ལ་དྲིན་དུ་ཚོར་ན་དེ་བས་ཀྱང་ཡག་པོ་རེད།
ང་ཚོའི་སྤྱི་ཚོགས་སུ་ཡོང་རྒྱུ་མེད་པའི་ཁ་གཡང་བརྗོད་མཁན་མང་པོ་རེད། དངོས་གནས་ཁ་ཞེ་གཉིས་མེད་ཀྱིས་ཁོང་དང་ཁོང་ལྟ་བུ་ཚོའི་བཀའ་དྲིན་ཤེས་དགོས་ཀི་རེད། དེ་མིན་ང་ཚོའི་སྤྱི་ཚོགས་ཆུང་ཆུང་དེར་ཕྱོགས་ཁག་བསྒྲིགས་ཏེ་རེས་གཅོད་པ་ཇེ་མང་། རང་གིས་རང་ཉིད་འཐོར་ཞིག་ཏུ་གཏོང་དང་གཏོང་བཞིན་པའི་སྐབས་སུ་ཕ་མ་ལྟ་བུའི་ཤ་ཚ་མཁན་གྱི་ཁོང་རྣམས་ཀྱིས་ཉམ་ཐག་པའི་མི་རིགས་འདིའི་བདེ་ཐང་རང་གི་བདེ་ཐང་ནང་བཞིན་གཅེས་སྐྱོང་གི་འདུ་ཤེས་ཀྱི་ལྷག་བསམ་ཆེན་པོ་ཞིག་གང་ནས་འཁྲུངས་ཡོང་བ་ཡིན་བསམས་ཏེ་ཕྱིར་འདང་ཐེངས་རེ་ལ་རྒྱག་དགོས་པའི་ཚོད་དུ་ང་ཚོས་བསྐྱལ་ཡོད་པ་རེད། དྲིན་ལན་ལོག་འཇལ། དངོས་ཡོད་ལོག་འགྲེལ་སོགས་ག་ཙམ་བྱས་ཀྱང་མི་རིགས་འདིར་བཟུང་བའི་ཐུགས་སྟོབས་ལྷོད་མ་མྱོང་ལ། སྐྱ་ཆད་སྔོ་སྡུག་གི་གནས་བབ་ལ་བཅངས་བའི་འདུན་པ་བྲལ་མ་མྱོང་བའི་ཁྱེད་ཚོ་བཀའ་དྲིན་ཆེ། ང་ཚོས་ནམ་ཉི་མ་ཞིག་ལ་ངོས་ཟིན་པར་ཤོག།

སྒོ་ཤེར་ལགས་ཀྱིས་སློབ་གྲྭར་དོ་དམ་བྱེད་ཕྱོགས་ཐད་ཀྱི་གསུང་མོལ།

རྩོམ་པ་པོ། སྒོ་ཤེས་རབ་རྒྱ་མཚོ།

ཉི་མ་རེ་རེ་བཞིན། ཞོགས་པའི་གྲང་རེག་གི་དཀྱིལ་དུ་གོམ་པ་སློབ་ཆུང་གི་ཕྱོགས་སུ་སྤོ་བཞིན་པའི་བྱིས་པ་རྣམས་ལ་མཚོན་ན། འཇིག་རྟེན་འདིའི་ཡོད་ཚད་ལ་མཚར་སྣང་གིས་ཁྱབ་ཅིང་དྲི་བས་གང་ཡོད་པ་རེད།

དེ་ལྟ་ན། སློབ་གྲྭའི་ར་སྐོར་ནང་ནས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་ཇི་སྙེད་ནི་ཁོ་ཚོའི་སེམས་ཀྱི་གཏིང་རུམ་ན་ཁྱབ་པའི་བག་ཆགས་ཟབ་ཤོས་སུ་འགྱུར་ངེས་ལ། ཤེས་བྱ་དྲི་བས་བཙལ་བའི་དྲིས་ལན་དུ་ཡང་འགྱུར་སྲིད་པ་སྨོས་མི་དགོས་ཕྱིར། དབང་ཆ་རུལ་སུངས་སུ་གྱུར་པའི་མཁའ་དབུགས་མི་གཙང་བ་དེ་དང་། རྒྱུ་འབྲས་དང་འགལ་བའི་འགྲོ་ལུགས་ཡ་ང་བ་སྣ་ཚོགས། ད་དུང་། དྲིས་ལན་འགྲམ་ལྕག་གིས་འདེབས་པའི་སློབ་ཁྲིད་བྱེད་ཐབས་སོགས་སློབ་གྲྭའི་ནང་དུ་གནས་ན་ཤིན་ཏུ་འཇིགས་ཆེ་སྟེ། ནམ་ཞིག་བྱིས་པ་ཚོས་ཀྱང་ལས་སུ་བྱ་བ་དེ་དག་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་དང་། འཚོ་གནས་ཀྱི་གཏན་ཚིགས་ཤིག་ཏུ་བཟུང་ན་ཅི་ཞིག་བྱ་ཨང་།


དེས་ན། སློབ་གྲྭའི་འོས་འགན་ཉག་གཅིག་ནི། བྱིས་པ་ཚོར་རང་དབང་ལྡན་ལ་སྤྲོ་སྣང་འཕེལ་བའི་སློབ་སྦྱོང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུ་དང་། རང་ཚུགས་སྨིན་ལ་རང་སྟོབས་རྒྱས་པའི་འཚར་ལོངས་ཀྱི་ཞིང་ས་ཞིག་བསྐྲུན་རྒྱུ་དེ་ཡིན་པས། ད་ཐེངས་གཅའ་ཁོག་ཕྱུགས་རའི་ལྟེ་གནས་སློབ་གྲྭས་ཀྱང་དོན་གྱི་གནད་དེ་དག་ལ་གཞིགས་ནས་ཕྱོགས་དང་ཕྱོགས་ཀྱི་ཤེས་ཡོན་ཅན་མང་པོ་གདན་ཞུས་དང་འབྲེལ་«དགེ་རྒན་དང་སློབ་མ»ཞེས་པའི་བགྲོ་གླེང་ཞིག་བསྡུ་བཞིན་པ་ནི་ཧ་ཅང་དོན་སྙིང་ལྡན་པའི་བྱ་འགུལ་ཞིག་ཏུ་མཐོང་ངོ་།།

2013.10.9 ཚོགས་འདུ་བསྡུ་མཁན་ཚོས་བསྐུལ་ཏེ་བྲིས། https://t.cn/RuQ52aU


发布     👍 0 举报 写留言 🖊   
✋热门推荐
  • 我真的是一个会哄自己开心的小孩,不开心就洗个热水澡,洗完就没有烦恼,因为一天之内不能洗太多次,所以就算不开心每天也只不开心一次,平静的生活也总是开开心心没事就买
  •   结果众人调查一番,非但知道了对方在国外业界的辉煌战绩,还知道了对方是兴业的太子爷……  他带过来的人,只要不傻都会给三分薄面。男方可能是木时集团的少东家时霁
  • ①四川区域司法类亲子鉴定,要求鉴定机构出具的报告有法律效力才行,所以需要选择四川区域司法鉴定所或者司法鉴定中心;②四川区域个人亲子鉴定可以选择社会上的生物公司,
  • 5 月 11 日发布的地理定位视频显示,俄军占领了 Morokhovets 和 Oliinykove(均位于利普斯蒂东北部)俄罗斯军事博主声称俄军占领了这些定居
  • 俩狗子健健康康,也成了我这老父亲的日常去了#福州#为了同样喜欢了几十年的九零#蔡依林#,还是那么“风骚”还是那么妖娆去了#长沙#陪杰哥#张杰#脑残粉去现场嗨,还
  • Deu(vo&gt&ba)が、「例えばそのスマートフォンで、どうか灯りを灯してくれないか」とそっと囁くと、ざわめく客席に次々にスマホライトが光る
  • 【阅读公式法】又一次被事实验证,是最快取得高分甚至满分的捷径之法❗️2️⃣梁梦爽,verbal双料满分+写作4340是GRE的上限,但不是小爽老师的上限[偷笑]
  • )得不到最好的 情愿换条路走呀那些教你做人的无聊的原则 全都是鬼扯女人嘛 说是一回事 想的么是另外一回事一个女人如果要拒绝你 就会变得特别理智想给你陈述事实 再
  • 人物塑造 ,点击查看> #QQ阅读##文化晋宁#【晋宁区第八届学生艺术节闭幕,获奖名单全在这里】5月11日,晋宁区第八届“童心向党,阳光下成长”学生艺术节
  • “时晏,这是谁?”裴时晏搂着女人的手臂收紧,看《影帝老公自杀后,我被全世界网暴》影帝老公自杀后,我被全世界网暴小说全文txt阅读大结局第一章 江芷,你能做我返女
  • 很全的日常小众朋友圈文案."⁺    ✌︎︎• ◡•.      快乐碎片 . ︎ı||ııı||ı|      晒点可爱 ◔.̮◔✧ .⏳今日.*
  •   “其实你不用刻意花心思讨好我,我是很诚信跟你合作的,不是逗着你玩”徐烈脸上的笑意很浓,然后转头看了一眼姜攸宁,继续开口道,“只要你那个前夫不捣乱,我们一定会
  • ️⏰#背著善宰跑#✨幸福不是擁有很多東西,而是擁有的東西都能讓你感到快樂和滿足。✨幸福並不遙不可及,它就在我們身邊,只需要我們用心去感受和珍惜。
  • 祈愿打开这次元之门⁺⊹☾ 汲日月エッセンス、眠っている子猫の王を目覚めさせる⁺ ⟡˙₊ 汲取日月精华 唤醒沉睡的小猫之王⭒ ✞˚ バラ園 ₊˚໑⁺ 。♡⃘ 無
  • 凡是有益于人的就是善,损人利己的就是恶。凡是有益于人的就是善,损人利己的就是恶。
  • 剧中也很快揭示了这一风险——一家小微科创公司通过“阳光计划”拿到了贷款,结果却缺乏长期规划,用钱去还之前的债,没有预留发展资金,结果预计中的订单没签下来,企业一
  • 在次元壁的边缘,我曾爱你千千万万遍。亲爱的,在你看不到的地方我无数次流泪。
  • 我的评分:[星星][星星][星星][半星]#电影素媛#看抖音推荐的说是真实故事改编的都说不敢看,我趁着不知道真实故事无知的状态下看了,说恐怖吧不算恐怖,是见了
  • 自此之后只要我分析后像冒充的,统统都举报,不针对任何人和事,哪怕冒充的是看似符合我观点的热点事件当事人,也特么通通举报。以前也说过我个人看一个账号是不是假冒当事
  • 什么牌子防脱洗发水效果好?长期脱发让我苦不堪言,试了很多防脱洗发水都没啥效果。最近听朋友介绍用了石上草防脱洗发水,味道好闻泡沫细腻,洗完头发轻盈清爽,控油效果还