བརྩེ་ཆེན་བདུད་རྩིའི་ཐིགས་ཕྲེང་རེ་རེས་ཀྱང་།།
འགྲོ་བའི་སྡུག་བསྔལ་མ་ལུས་གཙང་སེལ་བའི།།
མཁའ་འགྲོ་ཀུན་གྱི་གཙོ་མོ་ཏཱ་རེ་མས།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་མཛོད་ཅིག།——འོད། https://t.cn/R2d2dME

ཁཱར་བྷེ་ཁཎ་གྱི་གློག་བརྙན་<ཞའོ་ལའོ་ལིས་ཀྱི་ཁུ་བོ་ལྷ་སྤྲེལ།>ཞེས་པར་བལྟས་ཤིང་། དེ་ནི་པ་ཁེ་སི་ཐཱན་དང་རྒྱ་གར་གཉིས་ཀྱི་འཐབ་རྩོད་ལ་རྒོལ་བ་གཏོང་བ་བརྗོད་གཞིར་བྱས་པའི་སྒྱུ་རྩལ་གློག་བརྙན་ཕུལ་དུ་བྱུང་བ་ཞིག་ཡིན་ཞིང་། གློག་བརྙན་གྱི་མགོ་མཇུག་བར་གསུམ་ཀུན་ན་འཐབ་རྩོད་དང་ཞེན་ཁོག་ལ་ཅོ་འདྲི་བའི་མཁའ་དབུགས་ཤིག་གིས་ཁྱབ་ཏེ་ཡོད་ཅིང་། ཏག་ཏག་མི་སེམས་ཤིན་ཏུ་རབ་ཏུ་གཡོ་བར་བྱེད་པའི་ཕ་བུའི་བརྩེ་བ་དང་ཡིད་རྟོན་།བརྩེ་དུང་གིས་ཕྱུག་པའི་ནང་སེམས་ཀྱི་མཛེས་སྡུག་རེད། གློག་བརྙན་ཧྲིལ་བོའི་བར་མཚམས་སྦྲེལ་བྱེད་ལྟ་བུ་རུ་གྱུར་ཡོད་པའི་ཁ་ཆེའི་ཆོས་དཔོན་དེའི་བློ་གཤོག་ཡངས་པོའི་འོད་ཟེར་གྱིས་ཁོ་ཚོའི་ནང་སེམས་ལ་དྲོད་ཁོལ་བསྩལ་ཅིང་། སྟོད་ཀྱི་ཁག་ནའང་འུ་ཐུག་ཐབས་ཟད་དུ་གྱུར་བ་རེ་འགའ་ཡོད་པ་དེས་ད་གཟོད་ནང་སེམས་ཀྱི་བརྩེ་དུང་དང་སྙིང་རྗེ་ལ་སུས་ཀྱང་བསྒྲུན་དུ་མེད་པ་མཚོན་ལ། ཡང་བསྐྱར་མཆོང་ལྡིང་གཅིག་གིས་མཇུག་ཏུ་ཐོན་ལ་བརྙན་མིག་གི་བཀོད་པ་ཆེས་ལེགས་ཤོས་ཡང་དེ་རུ་ཡོད་སྙམ་སྟེ། ཁུ་བོ་བཙོན་ལས་ཐོན་ཏེ་མི་ཚོགས་ཀྱི་ཀི་སྒྲའི་ཁྲོད་མཐའ་མཚམས་ཀྱི་ཆུ་བོ་བརྒལ། སྔོན་ན་བསུ་མ་ཡོད་ཅིང་རྗེས་ན་སྐྱེལ་མ་ཡོད། མི་རེ་རེ་ཞི་འཇམ་དང་སྙིང་རྗེས་བརླམས་ཏེ་ནང་སེམས་ལྷོག་ལྷོག་ཏུ་གདུ། སྐད་ཅིག་མ་ཡི་ཡུན་དེ་ལ། སྐྱེལ་མར་ཡོང་བའི་བུ་མོ་ཆུང་ཆུང་དེ་མཐའ་མཚམས་ཀྱི་ལྕགས་དྲར་འཐམ་ནས་ཁ་ཤ་ཤུགས་ཀྱིས་འགུལ། གློ་བུར་མི་ཚོགས་ཀྱི་སྐད་སྒྲ་ཇེ་དམའ་ནས་ཇེ་དམར་གྱུར། བུ་མོ་དེའི་ཤེད་ཤུགས་ཀྱི་གསེང་ནས་སྐད་སྒྲ་ཕྲ་ལ་རིང་བ་ཞིག་ཐོན། ཁོ་མོས་རང་གི་མགྲིན་པར་རེག་ཙམ་བྱས། ཁོ་མོས་ཡང་བསྐྱར་ཤུགས་ཀྱིས་བོས། ཁུ་བོ། ཁུ་བོ། ལྷ་ལའོ་མའོ་ཁྲི་ལོར་ཤོག

ཆུ་བོ་དེའི་དཀྱིལ་ནས་ཕྲད་ཅིང་། ལྷ་ལའོ་མའོ་ཁྲི་ལོར་ཤོག སྐད་སྒྲ་དེས་ནམ་མཁའ་དེ་ཧར་གྱིས་བཅད། སྐད་སྒྲ་དེས་འཐབ་རྩོད་ལ་གྱེས་བརྡ་བཏང་། དེ་ནི་སྒྱུ་རྩལ་གྱི་ཉིང་བསྡུས་རྩལ་ལས་བྱུང་བའི་ལྷུན་ཆགས་མཛེས་སྡུག་གོ།།/འབྲོང་བུ། https://t.cn/R2dbnWW

ཆོས་བོན་ཕྱག་རྒྱ་བཞི་ཡིས་གཅིག་ཏུ་བཅིངས།

དེའང་སངས་རྒྱས་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཐེག་པ་ཚེན་པོའི་མདོ་ལས།

ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པས་བསྡུས་ཏེ་ཆོས་ཀྱི་མདོ་བཞིར་འདུས་པར་བྱས་སོ། །བཞི་གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་མི་རྟག་པ་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བའོ། །ཞེས་གསུངས་ཤིང་།

སྟོན་པ་གཤེན་རབ་མི་བོ་ཆེས། ཐུགས་རྗེ་སེམས་དཔའི་ཐེག་པ་བསྟན་པ་ལས།

འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བ། མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མདོ་ཞི་བ། བོན་ཐམས་ཅད་ཀྱི་མདོ་བདག་མེད་པའོ། །ཞེས་གསུངས་ཏེ།

དེ་ལྟར་བན་བོན་གྱི་སྟོན་པ་སོ་སོས། རང་རང་གི་བསྟན་པ་སྡོམ་བཞིར་བསྡུས་ནས་གསུངས་ཤིང་། སྡོམ་བཞིའི་ཚིག་རིས་ཅུང་ཙམ་རེ་མི་འདྲ་བ་ལས་དོན་གནད་གཅིག་ཏུ་བབ་འདུག་པར་རིགས་པས་གྲུབ་སྟེ།

མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་གིས། སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ་ལས།

གདུལ་བྱ་རང་རང་སྣང་ངོ་རུ།  །ཕན་བདེ་མཛད་པའི་སྤྲུལ་སྐུ་ལ།  །སོ་སོའི་སྟོན་པ་ཉིད་དུ་བཟུང༌།  །བན་དང་བོན་ཞེས་སོ་སོར་དབྱེ།  །ཀུན་རྫོབ་རྒྱུ་འབྲས་བསླུ་མེད་དང༌།  །དོན་དམ་བདེན་མེད་གནད་ཀྱིས་ནི།  །མི་འགལ་ཕྱིར་ན་དགོངས་པ་གཅིག  །རྒྱལ་པའི་རྣམ་འཕྲུལ་བསམ་མི་ཁྱབ།  །

ཅེས་བོན་ནང་པས། ཀུན་རྫོབ་རྒྱུ་འབྲས་བསླུ་མེད་དང་། དོན་དམ་བདེན་མེད་དུ་གསུངས་པ་དེས། བོན་ནང་པ་ནི་བསྟན་པ་རྣམ་དག་ཏུ་རིགས་པས་གྲུབ་པར་བཞེད་པ་ལྟར་ཡིན་ནོ།།

༢༠༡༧/༡༠/༠༥ སྟེ་རྒྱལ་སྤྱིའི་དགེ་རྒན་དུས་ཆེན་དུ་གྲགས་པའི་ཉིན་གངས་ཆབ་ཀྱིས་སྤེལ།


发布     👍 0 举报 写留言 🖊   
✋热门推荐
  • 他说:“我不断向我们的海外盟友和朋友重申,他们必须继续为我们的国家,为乌克兰和乌克兰人做更多的事情。报道称,普拉森西亚还表示,如果委内瑞拉石油出口美国的进程“重
  • 其次,说说道家修行之打坐炼丹:其实,贫道认为,修道是自自然然、活活泼泼的,没必要一天到晚枯坐。齐白石先生五十五岁的时候,只身前往北京,当时的他,想必心中已是充分
  • 走过贫瘠荒芜,我们于光照黎明中与森林绿意共汇,自有鸟语林花一路相行。走过贫瘠荒芜,我们于光照黎明中与森林绿意共汇,自有鸟语林花一路相行。
  • #美食新品安利大赛##心动探店挑战##花式种草#五分钟搞定早餐|广式鲍鱼海鲜粥太美味去过几次广东,被那里的海鲜生滚粥圈粉了[色] 海鲜的鲜味完全融入到粥里,喝的
  • 检视内心,调整心念,珍惜眼前,也多留意身边真正能陪伴你一生的人…Ride⚡Now小粉红刚到货又继续发发发✈️应节的颜色,应节的装备应节到货出货早日远离喷这胎、啥
  • 其实,在高以翔离世之后,Bella倒是已经慢慢的从伤痛之中走了出来现如今她的主要工作就是转型做了美食博主和健身博主,经常在网上分享自己做美食,做运动的各种视频,
  • 女孩小脸酡红,“你不是我叔叔,你是我喜欢的男人,今天我要睡你!女孩小脸酡红,“你不是我叔叔,你是我喜欢的男人,今天我要睡你!
  • 由于修行人于第三心中,得到五种支林功德以及定中十种善法功德的缘故,所以名为三禅。因贻摄政王启,大意言为国以礼,三使奉御书、礼币而至,礼宜遣官郊迎,岂有呼之即入之
  • ”“齐郁啊,话本子还是少看为好,春光正好当惜取眼前人。”“好徒弟有孝心,你放心师傅不白拿你的东西,这柄霜花剑你很喜欢对吧,师傅将它送给你,明日特许你进苍云山采药
  •  很多人对西施有所误解,认为她红颜祸水,倘若站在她的立场上分析,终会明白她毕竟是越国人,为母国的安危殚精竭虑,理所当然,她为兴越灭吴倾尽全力,明知将会引火烧身却
  • Kōki,  台本上で書かれている描写も含め、何が 出てくるか、毎日ちょっと楽しみもありましたね。萩原 中学生くらいのときに、友達みんなで集まって『呪怨』を観た
  • 这样,到了你老的时候回忆起来,尽量不带后悔,而不是带些遗憾说,当年,我原本可以怎样怎样……。本来就是,我们人生精华年龄也就是30几岁的年龄,稍有不慎就流逝过去,
  • 20元 VS 70元的轻食外卖,相差在哪?越贵会越好吗?
  • #任嘉伦[超话]# rjl#任嘉伦粉丝的公益故事# rjl#任嘉伦公益正能量#「每个人的付出都会有回报, 每一个奋斗的人都需要得到支持。」任嘉伦粉丝公益故事,“
  • 3⃣️5⃣️M1⃣️1⃣️D、❷⓿❷❷.❸.❶、第一天上幼儿园的宝贝、把你交给老师的那一刻、我感觉好像把自己的命和全世界都交出去了[泪]、但是这一整天看到老师给
  • #有一个很能整事的朋友是什么体验#周五 阵雨 因为大创准备结题所以去毓琇楼采访老师懒人进门就把伞撑开放在大厅左手边因为上到二楼马上就开始录音采访了结束的时候看了
  • 希望你明白,遇见我是你这一生最幸福的事了,你的青春必须有我.亲爱的是我平时对你期望太高了!总觉得像你这么棒的人 肯定能做的更好的 却忘了你偶尔也会有累的时候 我
  • [泪]男嘉宾为了避免遇到拜金女,一上台就开门见山,我就是个收废品的,每个月的收入也不稳固,有时八九千,有时三四万,我也有自己的梦想和未来的职业生涯规划,目前正在
  • 未見君子,憂心惙惙。未見君子,憂心忡忡。
  •  阜阳燃气热水器维修电话-服务无止境-半小时上门(1天前 )3、电热水器不加热请从以下几个方面形如检修:1、电热水器不加热要检查电源插头是否插好,有漏电保护插头