ཆོས་དབྱངས་༼རྒྱ་མིང་ཞའོ་ཧྥང༽་༡༩༩༡ལོར་སྐྱེས་ཤིང་ཀྲུང་གོའི་ས་འོག་མེ་འཁོར་གཏོང་མཁན་གྱི་བོད་རིགས་བུད་མེད་ཐོག་མ་དང་། ཁྲེན་ཏུའི་ས་འོག་འགྲུལ་སྐྱེལ་མེ་འཁོར་གྱི་བུད་མེད་ཙུའུ་ཀྲང་གཅིག་པུ་དེ་ཡིན་པ་རེད། ༢༠༡༢ལོར་ས་འོག་མེ་འཁོར་གྱི་ཁ་ལོ་བའི་ཡིག་རྒྱུགས་ལོན་རྗེས། ཁོ་མོ་ས་འོག་མེ་འཁོར་བཏང་ནས་སྤྱི་ལེ་ཁྲི་༡༠ལྷག་སྐྱོད་མཁན་གྱི་ཁྲེན་ཏུའི་ས་འོག་མེ་འཁོར་གྱི་བུད་མེད་ཁ་ལོ་བ་ཐོག་མ་དེ་ཡིན། ༢༠༡༨ལོར། མོ་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བདམས་ཐོན་བྱུང་ཞིང་། ད་ལྟ་ཁྲེན་ཏུའི་ས་འོག་མེ་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིའི་གཉེར་སྐྱོང་ཡན་ལག་ཀུང་སི་གཉིས་པའི་ཁ་ལོ་བའི་འཁོར་སྒྲོམ་དང་པོའི་ཙུའུ་ཀྲང་གི་འགན་འཁུར་བཞིན་ཡོད།

མོ་ནི་་ཁྲེན་ཏུའི་ས་འོག་མེ་འཁོར་གྱི་བོད་རིགས་ཁ་ལོ་བ་དང་པོ་དང་། ༩༠ལོའི་རྗེས་ཀྱི་འགྲུལ་སྐྱེལ་མེ་འཁོར་གྱི་བུད་མེད་ཙུའུ་ཀྲང་གཅིག་པུ། ཀྲུང་གོའི་ས་འོག་མེ་འཁོར་གཏོང་མཁན་གྱི་བོད་རིགས་ཁ་ལོ་བ་ཐོག་མ། ཁྲེན་ཏུའི་ས་འོག་མེ་འཁོར་འགྲུལ་སྐྱེལ་མེ་འཁོར་གྱི་བུད་མེད་ཙུའུ་ཀྲང་གཅིག་པུ། སི་ཁྲོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་། སི་ཁྲོན་ཞིང་ཆེན་གྱི་གསུམ་བརྒྱད་དར་དམར་བ་སོགས་ཀྱི་གོ་མིང་མང་པོ་ཞིག་ཐོབ་ཡོད་པ་མ་ཟད། ཁྲེན་ཏུ་གྲོང་ཁྱེར་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཁྲེན་ཏུ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཨུ་ཡོན། ལོ་གཉིས་བསྟུད་མར་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བདམས་ཐོན་བྱུང་བ་རེད།
  མོས་ང་བུད་མེད་དཀྱུས་མ་ཞིག་གིས་ལས་ཀ་དཀྱུས་མ་ཞིག་བྱས་ཏེ། ས་འོག་མེ་འཁོར་ལ་སྡོད་མཁན་རྣམས་བདེ་འཇགས་སྒོ་ནས་འབབ་ཚུགས་ལ་བསྐྱལ་ཐུབ་ཚེ། དེ་ནི་ངའི་མི་ཚེའི་གྲུབ་འབྲས་ཆེ་ཤོས་དེ་ཡིན་ཞེས་བརྗོད་པ་རེད། དྲྭ་གཞན་ལས་བཤུས།

༼ཨ༽སངས་རྒྱས་ཀྱི་ཞལ་ནས།སྡིག་པའི་རྒྱུ་ལས་སྡུག་བསྔལ་དང་།། དགེ་བའི་རྒྱུ་ལས་བདེ་བ་འབྱུང་།། རང་གི་ལུས་ལ་དཔེ་ལོངས་ལ།། གཞན་ལ་གནོད་པ་མ་བྱེད་ཅིག། 佛陀讲》 恶因必生痛若, 善因必得快乐, 喻于自己夲身, 莫去伤害他人བླ་མ་མཁྱེན་ནོ་

འཇའ་ལུས་པ་རྟོག་ལྡན་དྲི་མེད་གཡུང་དྲུང་མཆོག་གི་གསུང་།

༼མི་རྟག་རྒྱུ་འབྲས་དྲན་གསོ།༽

དགེ་སྡིག་རྒྱུ་འབྲས་དཀར་ནག།

བདེ་སྡུག་རང་རང་སྨིན་འདུག། །

ལ་ཆེན་བསམ་བློ་བཏང་ནས། །

གནམ་སའི་བར་གྱི་སྐྱེ་འགྲོ། །

གཅིག་ཀྱང་མ་ཡིན་ཐམས་ཅད། །

མངལ་སྒོང་དྲོད་རྫུན་སྐྱེས་ཚད། །

ཐམས་ཅད་མི་རྟག་རང་བཞིན། །

ལུས་འདི་གཡར་པོ་ཡིན་པ། །

གཡར་ངན་བདག་འགྱུར་སུས་ཐུབ། །

བདག་མེད་ཤི་རོ་འགྱུར་ཏེ། །

བྱ་དགའ་ཁྱིས་ཁྱེར་སྟོར་འགྲོ། །

རང་བདག་མི་ཡོང་ཐག་ཆོད། །

ལུས་འདི་འཆི་རྒྱུ་ཤ་སྟག། །

སེམས་འདི་མགྲོན་པོ་ཡིན་པ། །

མི་འདུག་ལ་མོར་འགྲོ་རན། །

གར་སོང་རྗེས་མགོ་མེད་པ།།

དངོས་མེད་ཡིད་ལུས་འགྱུར་ནས། །

ཁམས་གསུམ་དམྱལ་བ་རིགས་དྲུག་།

སྡུག་བསྔལ་མྱོང་རྒྱུ་ཐག་ཆོད། །

མ་ཤི་དབང་པོ་དྲུང་དུས། །

སྔ་ལྟས་ཕྱི་ལྟས་བྱེད་ནས། །

རྒྱང་མིག་རིང་པོར་ལྟ་དགོས། །

དགེ་སྡིག་མཐོ་རིས་ངན་སོང། །

བདེ་སྡུག་དབྱེ་ཞིབ་ཕྱེ་ཏེ། །

གར་འགྲོ་རང་དབང་ཡོད་དུས། །

གདམ་ཁ་ཚོད་ཟིན་ཐེག་དགོས། །

རང་དཔེ་གཞན་བླང་རྒྱུ་འབྲས། །

ནོར་མེད་བྲེ་སྲང་གཞར་ཏེ། །

དཀར་ནག་བདེ་སྡུག་མ་བརྗེ། །

རང་སེམས་དཔང་པོ་འཇོག་དགོས། །

འཆི་རྒྱུ་ཞེ་ཕུགས་ཉར་ཞིང་། །

མི་རྟག་དྲན་གསོ་ཤེས་དགོས། །

གཞན་ཕན་ཐམས་ཅད་དགའ་བ།

དགའ་བ་ཐམས་ཅད་དགེ་བ། །

དགེ་བའི་རྩ་བ་བདེ་བ། །

གཞན་སྡང་ཐམས་ཅད་སྡུག་བསྔལ། །

སྡུག་བསྔལ་ཐམས་ཅད་སྡིག་པ། །

སྡིག་པའི་རྩ་བ་དམྱལ་བ། །

རང་རང་དགེ་སྡིག་གང་བྱས། །

དཀར་ནག་རྒྱུ་འབྲས་བདེ་སྡུག། །


གཞན་དག་རྗེས་སུ་མི་འགྲོ། །

བྱ་དང་བྱ་གྲིབ་བཞིན་དུ། །

རང་བྱས་རང་ལ་འཁོར་རོ། །

ཤི་ན་མེད་པར་མི་སྲིད། །

རྣམ་སྨིན་རྣམ་ཤེས་སྨིན་ནོ། །

ཤ་ཁྲག་ལུས་པོ་གྲུབ་ཚད། །

གསོན་པོ་འདུག་དབང་གཅིག་མེད། །

མ་ལུས་ལུས་པ་མེད་པར། །

ཀུན་ཀ་འཆི་རྒྱུ་ཤ་སྟག། །

མ་ཡིན་ཡིན་ནོའི་རྫུན་གཏམ། །

བསླུ་བྲིད་མགོ་བསྐོར་མ་ཡིན། །

བསམ་ཡོད་བསམ་བློ་ཐོངས་དང་།

ཕོ་རྒོད་སྟོབས་ཤུགས་རྣམ་འགྱུར། །

དཔའ་རྟག་དགྲ་ལ་རྔམ་པ། །

གཞན་ཕྱོགས་དགྲ་མགོ་བཅོག་མི། །

རང་ཕྱོགས་གཏང་མ་ལེན་མི། །

གླུ་གར་ཞབས་བྲོ་འཁྲབ་མཁན། །

སྟོད་སྨད་བར་གསུམ་བསྐོར་ཏེ། །

རི་ཁུར་ཐང་གཟིས་བྱེད་པ། །

ཐམས་ཅད་རང་ལ་བསྟོད་པ། །

མི་རྟག་འགྱུར་ལྡོག་བྱུང་སྐབས། །

ན་འཆི་སྔས་མགོ་སླེབ་ཞིང་།

ཤི་ནད་དྲག་པོ་ཐེབ་དུས། །

སྔས་དྲོ་སྟན་འཇམ་ནང་ལ། །

རང་ལུས་རང་གིས་མི་ཐེག། །

རང་ངོ་རང་གིས་རིག་ཏེ། །

རང་བྱས་རང་གིས་དྲན་ནས། །

རང་སྡུག་མུན་ཁང་འཁྲིགས་ཞིང་། །

མི་གཙང་མཆིལ་སྣབ་ཁ་བླུད། །

གཅིན་སྐྱག་ནང་ལ་ཟུག་ན། །

དྲི་ངན་སྐྱུག་ལོག་གསེབ་དུ། །

ཤ་ཞུ་རུས་ལ་ཐུག་སྟེ། །

རུས་མགོ་ཤུན་ལྤགས་གཏུམ་ཞིང་།

པགས་ཤུན་ཁྲ་རྒྱ་ཧར་ཐད། །

ཁ་ཟ་སྨན་ཐུན་དེ་ཙམ། །

སྐོམརྩི་སྨན་ཆུ་ཐིག་རེ། །

གཏམ་ཚིག་ཨ་ཚ་ཨ་ར། །

གླུ་གཞས་སྡར་སྐད་ཧུ་ཤུ། །

ཞབས་བྲོ་ལག་གཟའ་རྐང་གཟའ། །

ཁ་བཤད་འཁྲུལ་གཏམ་སྨྱོ་ལབ། །

སེམས་རྩ་སྡུག་གིས་བཟུང་སྟེ། །

མིག་རྩ་མཆིལ་མས་གང་ཞིང་།

རང་གི་ཉེ་བ་གཉེན་འབྲེལ། །

སུ་ཡིས་རིག་ན་ཡ་ང་།

གང་གི་མཐོང་ན་སྙིང་རྗེ། །

བློ་ལ་སྡད་ན་ཤ་ཚ། །

ཉེ་ཟུར་བཏུད་ན་སྐྱུག་བྲོ། །

འཆི་རྟགས་གང་ངན་ལུས་ཚང་། །

སྡུག་བསྔལ་སྣ་ཚོགས་ཡིད་འཆར། །

བྱ་བའི་ཐབས་ཟད་འཆི་ཐུག། །

གཏོ་དཔྱད་སྨན་གྱིས་མི་བསླུ། །

དཔའ་བཙན་དཔུང་གིས་མི་ཟློག། །

ནོར་ཕྱུགས་རྒྱུ་ཡིས་མི་ཕན། །

གཉེན་འབྲེལ་བཤོར་གྱིས་མི་ཐུབ། །

ཐབས་བརྒྱ་ཇུས་སྟོང་མི་ཐུབ། །

དེ་སྔོན་བྱས་ཚད་སྟོང་བ། །

ལས་ཚད་ཐམས་ཅད་གོ་མེད། །

བསམ་ཚད་ཐམས་ཅད་འཁྲུལ་བ། །

བསོགས་ཚད་ཐམས་ཅད་བསྐྱུར་རྒྱུ། །

གཉེན་འབྲེལ་ཐམས་ཅད་འབྲལ་རྒྱུ། །

སྐྱེས་ཚད་ཐམས་ཅད་འཆི་རྒྱུ། །

གསོན་ཡུལ་ཐམས་ཅད་ལུས་རྒྱུ། །

ཤི་ཡུལ་ཐམས་ཅད་མཐོང་རྒྱུ། །

ཕྱི་སྣོད་མེ་ཆུ་ས་རླུང་། །

རྒྱ་ཆེ་སྲ་མཁྲེགས་དེ་ལ། །

དུས་བཞི་ཡུད་ཙམ་འགྱུར་འགྲོ། །

ནང་བཅུད་སྐྱེ་འགྲོ་སེམས་ཅན། །

རྙེད་དཀའ་འཇིག་སླ་ཤ་ཁྲག། །

སྐྱེ་རྒས་ན་འཆིས་རླག་འགྲོ། །

འཆི་བ་ཐག་རིང་མི་འདུག། །

ཉེ་མོར་བློ་རྩར་སྡད་ཡོད། །

འཁོར་བའི་རྣམ་གཡེངས་ཁྱེར་ནས། །

མི་ཚེ་ག་ཟད་མི་རིག། །

སྙེམ་མེད་དལ་སྡོད་སྐབས་སུ། །

གློ་བུར་འཆི་ནད་ཐེབ་པ། །

ཚེ་ནི་ཉིན་རེ་ཇེ་ཟད། །

ལུས་ནི་ཞག་རེ་ཇེ་རྒས། །

འཆི་ནི་གོམ་རེ་ཇེ་ཉེ། །

ཤ་ཁྲག་ཁུར་བའི་ལུས་ཅན། །

གསོན་ཡུལ་མི་འདུག་ཐག་ཆོད། །

ཤི་ཡུལ་འགྲོ་རྒྱུ་ཤ་སྟག། །

སྣང་ཞིང་སྲིད་པ་སྲིད་ཚད། །

སྒྱུ་མ་རྨི་ལམ་ལྟ་བུ། །

སྐད་ཅིག་ཡུད་ཙམ་ལམ་ཙམ། །

བདེན་མེད་གཉིད་སད་རྨི་ལམ། །

འཁྲུལ་ཚད་བྱ་ལམ་རྗེས་མེད། །

དེ་ལྟར་མི་རྟགས་རང་བཞིན། །

བྱང་ཆུབ་སེམས་དཔའི་ཞལ་ནས། །

སྡིག་པ་སྡུག་བསྔལ་རྒྱབ་བསྐྱུར། །

དགེ་བ་བདེ་བ་དང་ལེན་། https://t.cn/R2dbVuo


发布     👍 0 举报 写留言 🖊   
✋热门推荐
  • 我和我的可爱约好他写右边一半的字,八点我们一起去洗漱。她只有八个半月大,她看起来什么也不会,我也不太懂她,但是能看到她每天在成长,昨天发现她会踩着我爬到沙发和茶
  • 一位不愿意透露姓名的智利球员回击了卡拉,并且认为布拉沃是智利队的叛徒[吃惊][吃惊][吃惊]By:乐视体育智利队的闹剧还在继续,就在队长布拉沃的太太谴责队内有人
  • 在最需要奋斗的年华里 ,我应该爱一个能带给我动力的人 ,而不是让我精疲力尽的人 我不懂什么是挽留, 我只知道爱我的人根本不会走[可爱] 我玩得起夜店 ,收得起
  • 早间布局的空单已经完美拿下400余点空间,晚班车继续发车,近期操作不顺的朋友⬆️解套了。可用了几天,电量续航方面,跟我好几年前用过的一部3000mA电池容量的M
  • 心小了,所有的事就大了;心大了,所有的事就小了…  真正的修行是修心, 是修正自己, 修自己那颗烦躁不安一天七十二变的心, 而不是修正别人, 专挑别人的缺点和错
  • #每日一善[超话]#[抓狂]#阳光信用# 善良是一种修养,善待他人就是善待自己,要想得到别人的爱,首先要学会爱别人,一个善良的人一定是温暖的人,乐于助人的人,懂
  • 直到最近,我不断向这方面的专业人士(有篆刻家,有职业拓娘)请教,兼收并蓄,取长补短,总算总结出一套比较适合自己的方法,现在完全不用胶水都可以拓出非常满意的乌金拓
  • 除此之外,推荐一个瓜子的健康吃法:将其加入凉拌菜中,同时注意少用或不用烹调油,或者和大豆一起打成豆浆。除此之外,推荐一个瓜子的健康吃法:将其加入凉拌菜中,同时注
  • 为啥住1楼都能有这样的采光条件呢横滨 精装公寓 交通最快17分钟直达涉谷 横滨市营地铁グリーンライン站前7分钟以往看房经历中 印象中 横滨下面很容易遇上半山
  • 不过我也没有追完....☑️p8爱很美味 我真的安利给了身边的人[打call]最开始以为王菊演技不咋的但是真的很不错!感觉这剧真的好真实 我也没追完....☑️
  • 2:我知道我无法惊艳谁的一生,但我想温柔你的岁月。13:我野蛮生长,没能成为自己的月亮,能遇见你 是银河赠送我的糖。
  • 从已有国家监管记录中尚未发现医用分子筛制氧设备的安全性事故和不良事件,由于分子筛制氧的安全、便捷、自主、经济等优势,受到越来越多医院尤其是大型医院的青睐与认可。
  • 因为认可雷锋,桂杰也成为有雷锋思维的媒体人。​如果现在的岗位已经不能让你成长,​如果‭‮在现‬‬的岗位收入和‭付出不成正比,如果现在的‭‮位岗‬‬不能让你兼顾家
  • ˙生活的意义大概就是在一堆繁杂又单一的事物中找到让自己能开心的意义或许我不喜欢现在的工作,但是我热爱每一场在傍晚出现的晚霞 日出和日落存在的意义大概就是出现时光
  • 然后下午到了北京,终于在车站的麦当劳吃到了念了很久的纽约芝士甜筒,之前跟他俩念了很久的甜筒,没有超乎想象的好吃,但是感觉就是芝士甜筒应该有的味道。同样是床垫,顾
  • 運送方法:內地的朋友,最快大概三月中至尾,會到深圳寄順豐給你,貨到付款;香港的朋友可以面交/郵寄,郵費自理;其他地方的朋友,一律郵寄,郵費自理。如有欲購買的物品
  • 每一位观众都能在故事中找到共鸣点、安慰点,相信“天上的每一颗,都是爱过我们的人”好好生活,人间值得![心][鲜花]开始我们认为那是一个宏观的科学课题,现在我们发
  • #咘噜说晚安##晚安[超话]#人的一生不是一帆风顺的,成功也不可能是你的专利,我们每个人都是行进在路中的追梦人。到了发现之前在大沙河骑行碰到的山马小学弟也在刷圈
  • 自嘲这项艺术只有充分自信的人才敢使用,因为它就是叫你自己骂自己,拿自己的缺陷和过失“开涮”;对于自己的丑处非但不遮遮掩掩,反而夸大其词,自圆其说地博取众人一笑,
  • 这时丫头也醒了,赶紧爬起来,妈咪早已做好饭端客厅来了[泪][抱抱]在母亲节的那个星期,我送一个母亲节的礼物给妈妈。天哪,妈咪叫我们吃饭时都九点了!