ལོ་ངོ་༢༠༠རྗེས་ནས་ང་རང་ལོ་ཟླ་འདི་ལ་ངོ་འཕྲད་འདུག་ཅི་ཆ།དེ་བས་ཟླ་ཚེས་ཡག་་པོ་འདི་ལ་སྐད་ཆ་བཤད་ཤེས་པའི་མི་ཞིག་ཡིན་པས་རང་ཉིད་པར་དུ་བཏབ་ཡོད།
2022.2.22 སྨོན་ལམ་ཡག[鲜花]

འཚོ་བའི་སྤྲོ་སྣང་མ་བརླག

—————///—-དྲེད་པོ་ཧོར།
བསམ་བློ་ཞིག་ཐོངས་དང་། གལ་ཏེ་ཁྱེད་རང་ཕྱི་ལོ་༡༩༠༠ ལོར་སྐྱེས་པའི་ཕྲུ་གུ་ཞིག་ཡིན་པའི་དབང་དུ་བཏང་ན། ལོ་༡༤ ལ་ཟིན་པ་དང་འཛམ་གླིང་དམག་ཆེན་དང་པོ་འགོ་བཙུགས་ཡོད། ཁྱོད་ལོ་༡༨ ལ་བུད་དུས། འཛམ་གླིང་གི་མི་གྲངས་ས་ཡ་༢༢ རྐྱེན་ལམ་དུ་སོང་ནས་དམག་ཆེན་དང་པོ་མཇུག་བསྡུས་ཡོད།

དེ་ནས་ཡུན་རིང་མ་འགོར་བར་སེ་པན་ཚེ་ (Spaniards)ཟེར་བའི་ནད་ཡམས་དེ་འཛམ་གླིང་ཡོངས་ལ་འགོས་མཆེད་དུ་སོང་ནས། མི་གྲངས་ཡ་ས་༥༥ འདས་གྲོངས་སུ་ཕྱིན་ཡོད། ཁྱོད་ནད་ཡམས་དེ་ལས་ཐར་དེ་གསོན་གནས་བྱུང་ཡོད་ན།

ཁྱོད་ལོ་༢༩ ལ་སླེབས་དུས། ཨ་རི་ནེའུ་ཡོཀ་གི་དངུལ་བརྗེ་ཚོང་ཁང་ཆེན་མོ་འཐོར་ཞིག་ཏུ་སོང་བ་ལ་བརྟེན་ནས། འཛམ་གླིང་གི་དཔལ་འབྱོར་ཉམ་ཉེས་ཆེན་མོའི་ཁྲོད་དུ། མི་མང་འབུམ་ཕྲག་མང་པོ་ལས་ཤོར་དང་ལྟོག་ཤིར་ཐེབས་ཡོད། ཁྱོད་འཇིགས་ཉེན་དེ་ལས་ཀྱང་ཐར་ཡོད་པའི་དབང་དུ་བཏང་ན།

ཁྱོད་ལོ་༣༩ ལོན་པ་དང་། འཇར་མན་གྱི་ནཱ་ཙི་(U33 nazis) ཤོག་ཁག་ལ་སྟོབས་ཤུགས་རྒྱས་ནས། འཛམ་གླིང་གི་དམག་ཆེན་གཉིས་པ་འགོ་བརྩམས་ཡོད། ཁྱོད་ལོ་༤༥ ཟིན་དུས་དམག་འཁྲུག་གོད་ཆག་ཆེན་མོའི་ཁྲོད་དུ་རྗེའུ་མི་རིགས་ས་ཡ་༦ རྐྱེན་འདས་སུ་སོང་ཡོད། དམག་ཆེན་གཉིས་པའི་སྐབས་ཀྱི་ཤི་གྲངས་ཁྱོན་བསྡོམས་ན་ས་ཡ་༦༠ ཡིན།

ཁྱོད་ལོ་༥༢ ལ་ཡིན་དུས། ཀོ་རི་ཡའི་དམག་འཁྲུག་འགོ་བརྩམས་ཡོད་ལ། ལོ་༦༥ ཐོག་བེཌ་ནམ་དམག་འཁྲུག་ཆེན་མོ་ལངས་ནས་ཁྱོད་ལོ་༧༥ མ་ཟིན་བར་མཇུག་བསྡུ་ཐུབ་མེད།

ཕྱི་ལོ་༡༩༨༥ ནང་ཚུན་ལ་སྐྱེས་པའི་བུ་ཕྲུག་ཚོ་ལ་མཚོན་ན། རང་གི་ཕ་མ་དང་སྤོ་རྨོ་དེ་ཚོ་དམག་འཁྲུག་ཅི་འདྲ་ཞིག་གི་ཁ་ནས་ཐར་ཡོང་བ་དང་། མུ་གེ་དང་ཆག་འཇིགས་ཅི་ཞིག་ལ་གདོང་གཏད་ནས་ཡོང་ཡོད་མིན་གྱི་ཐད་ལ་ཆ་རྒྱུས་གང་ཡང་ཡོད་ཚོད་མ་རེད།

ཕྱི་ལོ་༡༩༩༥ ནང་ཚུན་ལ་སྐྱེས་པའི་དེང་གི་ཕོ་གཞོན་མོ་གཞོན་རྣམས་ལ་མཚོན་ན། དྲ་ཐོག་ནས་མངགས་ཉོ་བྱས་པའི་ཅ་ལག་ཉིན་གསུམ་གྱི་ནང་མ་འབྱོར་བ་དང་། ཡང་ན་ངོ་དེབ་དང་འདར་དབྱངས་སོགས་སུ་སྤེལ་བའི་རང་གི་པར་བརྙན་ཞིག་ལ་དགའ་རྟགས་༡༥ ལས་བརྒལ་མེད་ཚེ། འཇིག་རྟེན་ཧྲིལ་བོར་འཐོར་ཞིག་ཏུ་སོང་བ་ལྟ་བུའི་ཚོར་བ་དང་རྣམ་འགྱུར་སྟོན་གྱི་ཡོད།

༢༠༢༠ ནང་གི་ང་ཚོ་ནི་མཁོ་དགུ་ཡོད་བྱད་ཅི་དགོས་ཚང་མ་ཚང་བསྡད་པའི་ཁོར་ཡུག་ཅིག་དུ་འཚོ་གནས་བྱེད་བཞིན་ཡོད་ལ། ང་ཚོའི་ཁྱིམ་ཕྱི་ནང་གི་ཆ་རྐྱེན་རྣམས་ནི་དོན་དངོས་སུ་ང་ཚོའི་དགོས་མཁོ་ལས་ཀྱང་བརྒལ་ནས་ཡོད་པ་ཞིག་ཏུ་གྱུར་ཡོད།

ང་ཚོ་ལ་ད་ལྟ་གློག་ཡོད། ཁ་པར་འཕྲིན་ཆས་ཡོད། ཟ་མ་ཡོད། ཆུ་ཚ་བོ་ཡོད། འགོ་བཅུག་སའི་ཁང་པ་ཡོད། འགྲོ་སའི་སྣུམ་ལམ་དང་སྣུམ་འཁོར་ཡོད། སྔར་འཇིག་རྟེན་ཁམས་ལ་མེད་པའི་མཐུན་རྐྱེན་མང་པོ་ཞིག་ང་ཚོས་སྤྱོད་རོལ་བྱེད་ཀྱིན་ཡོད་ཀྱང་། ང་ཚོས་ད་དུང་ཡང་འཚོ་བ་ལ་སྡུག་སྨྲེ་དང་འཁང་ར་བྱེད་བཞིན་ཡོད།

འགྲོ་བ་མི་ཡི་རིགས་ལ་ཆག་འཇིགས་དང་ཉམ་ཉེས་ཆེན་པོ་ཅི་འདྲ་ཞིག་ཐེབས་མྱོང་ཡོད་ཀྱང་། ད་ལྟའི་མི་རབས་འདི་ལ་མ་ཐུག་བར་མི་ཚེའི་སྤྲོ་སྣང་བརླག་མྱོང་མི་འདུག་པས། ང་ཚོའི་མི་རབས་གསར་བ་འདིས་ཀྱང་། ཤོག་བུ་ཞིག་ལྟར་ཆུ་ཐིགས་ཙམ་ཕོག་པ་དང་འཇིག་ཆོག་ཆོག་དང་། མར་ལོ་ཞིག་ལྟར་ཉི་འོད་ཙམ་ཡང་ཕོག་ས་མི་འགྲོ་ལྟ་བུ་མི་བྱེད་པར། དགའ་ཞིང་སྤྲོ་བའི་ངང་ད་བར་མི་རབས་གང་ལ་ཡང་ཐོབ་མྱོང་མེད་པའི་ད་ལྟའི་ཕུན་ཚོགས་རྣམས་ལ་ལོངས་སུ་སྤྱོད་ན་མི་ལེགས་སམ། ༦/༡/༢༠༢༢

ཕ་སྐད།

གཡག་དཀར་སྐྱབས།

ཕ་སྐད་ལགས།
ཁྱེད་ཡོད་པའི་དགེ་མཚན་བཤད་ན།
ང་ཚོ་ལ་གསོན་ཉམས་དོད་པའི་འབྲས་ལྡན་གྱི་ལྗོན་པ་ཞིག་འཛུགས་ཐུབ་ཡོད།
རེ་བ་དང་ཡིད་ཆེས་ཀྱི་ཀློང་ནས་འཚོ་སྡོད་བྱེད་ཆོག་པའི་སེམས་ཤུགས་ལྷག་མ་ཞིག་ཀྱང་གནང་སོང་།
གཞན་ལ་འགྲམ་ཆུ་ལྡང་བའི་འདོད་ཞེན་གྱི་གཙང་བོ་དཀྲུགས་མི་དགོས་ཤིང་།
འདུ་ལོང་གི་ཐལ་རྡུལ་མི་འཚུབ་པའི་ལྷིང་འཇགས་ཀྱི་ཁོར་ཡུག་དང་།
གཙང་ཞིང་ཉམས་དགའ་བའི་གངས་ཐང་གི་རི་ལུང་ཞིག་ཏུ།
སེམས་ཀྱི་བདེ་བ་རྣལ་མ་ཞིག་འཚོལ་གྱིན་འདུག་ཆོག་པའི་བཀའ་ཡིག་དེ་ཡང་རྙེད་བྱུང་།
ཁྱེད་ཡོད་པས།
ང་ཚོས་བདེ་སྐྱིད་ཀྱི་འོད་སྣང་ཡང་དག་ཅིག་འཚོལ་ཐུབ།
ཁྱེད་ནི། ཡིད་བཞིན་གྱི་ནོར་བུ། ཉི་ཟླ་བཞིན་འོད་དུ་འཚེར།
རིན་བྲལ་གྱི་ནོམ་པ།

ཆུ་གཏེར་བཞིན་འབད་མེད་འཁྱིལ།

ཕ་སྐད་ལགས།
ཁྱོད་མེད་པའི་ཉེས་དམིགས་གླེང་ན།
ང་ཚོ་ལ་མགོན་མེད་ཀྱི་དྭ་ཕྲུག་ཁྱུ་ཡི་གདོང་བར་བརླན་པའི་མིག་ཆུའི་ཆར་འབྲུ་འཐོར་ངེས།
རེ་ཆད་དང་ཕངས་སེམས་ཀྱི་ཁྲོད་སྨུག་རླུང་ནང་གི་རྫི་བོ་བཞིན་གར་འགྲོ་གང་འདུག་གི་གནས་མལ་མི་རྙེད་པའི་ཚོད་དུ་སླེབས་ཡོང་།
གཞན་མི་རིགས་ཀྱི་བྲན་གཡོག་ཏུ་གྱུར་ནས་དཀའ་སྡུག་རྔུལ་ཆུ་ཡི་རྫིང་བུ་བསྐྱིལ་དགོས་བྱུང་།
སྐབས་དེར།
བོད་ཅེས་པའི་མཚན་སྙན་བསོད་ནམས་ཀྱི་བམ་མཐུག་ཅིང་།
རྣམ་དཀར་དགེ་ཆོས་ཀྱི་མདངས་སྣུམ་པའི་ས་སྒང་གི་འོད་ཀྱི་ཉག་མ་དེ་ཆད་སོང་བ་མ་ཡིན་ནམ།
ཁྱེད་མེད་པའི་ཉེས་དམིགས་རི་ལས་ལྕི།


སྨྲེང་བ་མཚོ་ལས་ཟབ།

གདུང་བ་མེ་ལས་འབར།

ཕ་སྐད་ལགས།
ཁྱེད་ཡུན་རིང་དུ་འཚོ་དགོས་ན།
ང་ཚོའི་བློ་སེམས་རྩེ་གཅིག་གིས་རམ་འདེགས་མཁོ།
ཁ་ཁོག་གཉིས་འགྲིག་གི་འཆིང་ཐག་དམ་དུ་སྦྲེལ་ནས།
ཁྱེད་རླུང་ཁའི་འཇག་མ་ཁེར་སྐྱེས་བཞིན་འཐོར་ཞིག་ཏུ་མི་གཏོང་པར་ཅིས་ཀྱང་འབད་དགོས།
སྤྱི་ཚོགས་འཆམ་མཐུན་གྱི་བྱ་བའི་གཤོག་པ་ཡུན་གྱིས་བརྐྱངས་ནས།
ཁྱེད་རྗེས་ལུས་ཀྱི་རྣམ་པར་མ་བསྒྱུར་བའི་འཛམ་གླིང་གི་མཁའ་དབྱིངས་ན་རྒོད་པོ་བཞིན་འཕུར་ཐབས་ལ་ཧུར་གྱིས་བརྩོན་དགོས།
རང་ཅག་གི་རེ་བའི་མིག་ཟུང་དེས་རྒྱང་ནས་རྒྱང་དུ་མཐོང་ཐུབ་པའི་ཡིད་ཆེས་ཀྱི་ལྷུན་པོ་ཤིན་ཏུ་བརྟན།
གཏན་འདུན་གྱི་རྩ་བ་རྙེད་པའི་ཐབས་ཤེས་ཀྱི་འོད་ཟེར་མཇལ་བ་ལའང་ཁ་ཐག་ཉེ།
དེའི་ཕྱིར་ང་ཚོས་ཕ་སྐད་ལ་སྐྱོང་བའི་བརྩེ་བ་ནམ་ཡང་མི་ལྷོད་པར་ཞུ།

༢༠༢༠/༧/༢༠ཉིན་གསེར་ཐང་ནས།


发布     👍 0 举报 写留言 🖊   
✋热门推荐
  • ”#梦女#哪个店也不想负责了…就想搞点资源,能填哪填哪天天搞资料…报会…瞎编乱改耽误功夫领导只会说废话,先推责任,空床责任推给谁?”“算数才更麻烦吧,事先说好,
  • #李彩演[超话]# [米奇比心]#李彩演回归快乐# 【190417/推特】[#OMYIZ] 2주 연속 챔피언송 감사합니다 위즈원❣ 상큼 자몽 채원 MC와
  • 京东年货节荭包[doge] 淘宝年货节超级荭包[喵喵]:中奖率高达90%,最高6666!【¥19.8】小香妹 拌面组合*4盒/825g拍第一个选项,辣子鸡丁拌面
  • !母,未断尾有尾巴,身上没有佩戴任何东西,体型中等,鼻头有点发紫红色,毛发较长,比较干净(如图)应该是刚走丢不久,于2022年2月23日晚上七点左右在姑苏区双塔
  • 沪上、梧桐叶落满地黄、正是横行膏肥时、下午收到上海好友隆哥寄来的六两大闸蟹、我今晚赶紧来个蟹宴、白煮和蟹煲各领风骚、宝贝女儿吃蟹爪、我吃蟹膏、最重要的是最后来一
  • 而杨洋在这档节目中,彻底“放飞自我”的同时,也贡献了不少名场面。为此,《元气满满的哥哥2》回归,杨洋并没有再次加盟时,才让不少观众觉得惋惜。
  • 20个八字短句1.好事多磨,平安喜乐2.幸与不幸,都有尽头3.出言有尺,嬉闹有度有事有余,说话有德.4.山河拱手,为君一笑5.春晓酒醒,芬芳何寻6.顾眸流盼,几
  • 很小的时候就被给予厚望,总选发言说着要努力追上那个被寄予厚望的自己,一直想成为大家心目中那个“天选”达到那些高要求,却在本该快乐天真的年纪,早早懂得了什么该做什
  • #此刻##日省##冥想312/1000天正月初二,快乐的去妈妈家的日子...睡前冥想,内在静默...荣耀这神圣的时刻,敏敏老师已经早课4444天,我一半了,想着
  • 老干妈在《调价公函》中提到,此次涨价是因原材料成本、人工成本、运费等每年都呈上涨之势,不断上涨的成本已经对公司的部分产品生产及备货造成了严重影响。一名在贵州大方
  • 这时平原君的随从们在堂下等得不耐烦了,怂恿毛遂说:“毛先生,该您登场了,我们都瞧您呢!我先说,晚睡的话早上会起来不及,就没办法扎好看的小辫子老蒋:爸爸妈妈送完你
  • #美食探店品鉴官# 一冰箱适宜煮火锅的食材…一人份#冒菜# check✔[鼓掌][鼓掌][许愿][噢耶]...算~晚饭+宵夜[偷乐]…天太冷,牛油锅底离火三分钟
  •   当前,山东以“好品山东”公共品牌建设为抓手,聚焦重点产品、重点企业、重点行业、重点区域、重要业态,通过持续培育、整体创建,逐渐形成“好品山东”形象标识和原有
  • 不知道是我肤浅,还是《金粉世家》这剧原本也没多复杂,磨磨唧唧看到十来集,基本全当偶像剧在看,而从偶像剧的角度,金燕西的确早早地把后人的招数用尽,让人很难不爱。然
  • 其实并不是这样的,他也会心疼,只是因为分手前的你让他失望,让他对你产生戒备。所以你现在不要因为他的冷漠绝情而自乱阵脚,你要解决导致你们分手的深层次原因,其次在挽
  • 想用流水账记个温暖的瞬间[心]下午一起去整小窝 搬搬抬抬布置点家具由于K把时间看早了十分钟我一路上骂骂咧咧的[doge]整了一下午啥东西都搬不动 全指望KK了但
  • 去年 从夏天封到秋天今年 春天就又开始了还没来得及去看看早开的樱花就又被困在学校了[感冒][感冒][感冒]希望疫情早点结束 可以赶得上去看最后一波樱花毕竟
  • 7、我还是得不动声色地走下去,说这天气真好,风又轻柔,还能在斜阳里疲倦的微笑,说人生极平凡也没有什么波折和忧愁。10、所谓的花季,就是所有生命没有高低之分,偶然
  • 忙得不甘愿的人,必然是他没有从忙中得到快乐,没有体会到身心寄托的地方就是忙——不忙做什么呢?一、忙是人生的滋养剂一个人如果怕做事,偷懒,如何会有成就?
  • !!