༄༅། །མགར་རྩེའི་མཚམས་རྒན་ནས་གཅོད་སྨྱོན་ཀུན་བཟང་ཡེ་ཤེས་ལ་གདམས་པ།
མགར་རྩེའི་མཚམས་རྒན་ཀརྨ་ལྷུན་གྲུབ་རིག་འཛིན།

(1882-1956)

༈ཨེ་མ་དམ་ལྡན་སློབ་བུ་ལེགས་པར་ཉོན། །སྙིང་ནས་དམ་པའི་ལྷ་ཆོས་བྱེད་འདོད་ན། །ཐུན་མོང་ཕྱི་ནང་ལམ་གྱིས་རྒྱུད་སྦྱངས་ནས། །ཐེག་ཆེན་བླ་མེད་ངེས་གསང་སྙིང་པོར་སྤྱོད། །ལྟ་བ་མ་བལྟ་ལྟ་མཁན་གཉིས་འཛིན་ཡིན། །སྤྱོད་པ་མ་སྤྱོད་སྤྱོད་བྱེད་བློ་བཅོས་ཡིན། །འབྲས་བུ་ཐོབ་འདོད་ཡོད་པ་རེ་ལྟོས་ཡིན། །ལྟ་བ་ཡེ་ཡིན་ཡིན་ནོ་གཅོད་སྨྱོན་ལོ། །སྒོམ་པ་ངང་བཞག་ཡིན་ནོ་གཅོད་སྨྱོན་ལོ། །སྤྱོད་པ་བླང་དོར་བྲལ་ལོ་གཅོད་སྨྱོན་ལོ། །འབྲས་བུ་རང་གྲོལ་ཡིན་ནོ་གཅོད་སྨྱོན་ལོ། །མི་ལྟ་མི་འཛིན་མི་སེམས་འདི་གསུམ་ནི། །ལྟ་བའི་མདོ་འགག་ཡིན་ནོ་གཅོད་སྨྱོན་ལོ། །མི་གཡེང་མི་གནས་མི་འགྱུ་འདི་གསུམ་ནི། །སྒོམ་གྱི་ངོ་བོ་ཡིན་ནོ་གཅོད་སྨྱོན་ལོ། །མི་སྤྱོད་མི་གཡེང་མི་ལེན་འདི་གསུམ་ནི། །སྤྱོད་པའི་མཚན་ཉིད་ཡིན་ནོ་གཅོད་སྨྱོན་ལོ། །མི་ཐོབ་མི་སྒྲུབ་མི་འདའ་འདི་གསུམ་ནི། །འབྲས་བུ་མཐར་ཐུག་ཡིན་ནོ་གཅོད་སྨྱོན་ལོ། །ལྟ་སྒོམ་སྤྱོད་འབྲས་བཞི་གསུམ་བཅུ་གཉིས་འདི། །འདི་བཞིན་ཉམས་སུ་ལོངས་དང་གཅོད་སྨྱོན་ལོ། །ད་ལྟ་ཡིན་ལུགས་ཚུལ་བཞིན་མ་ཤེས་ན། །སྟོང་ཉིད་སྟོང་པ་སྒོམ་པ་ཆད་མཐའ་ཡིན། །གསལ་བ་འགག་མེད་བསྒོམས་ཀྱང་རྟག་མཐའ་ཡིན། །ཟུང་འཇུག་ཡེ་གྲོལ་ཡིན་པ་ཤེས་པ་གནད། །བཟོ་མེད་རང་རིག་ཤུགས་བྱུང་ཟང་ཐལ་འདི། །བཟོ་བཅོས་རྟོག་པས་མ་བསླད་གཅོད་སྨྱོན་ལོ། །བཅོས་པ་མེད་པའི་རང་བྱུང་ཡེ་ཤེས་འདི། །བཅོས་མའི་གཟེབ་ཏུ་མ་འཇུག་གཅོད་སྨྱོན་ལོ། །བློ་འདས་རིག་པ་རྒྱ་ཡན་ལྷོད་གྲོལ་འདི། །བློ་ཡིས་འཛིན་པ་སྤོངས་ཤིག་གཅོད་སྨྱོན་ལོ། །རྣམ་རྟོག་འགྱུ་བ་སྤང་ལས་ཆུ་བརྡོལ་བཞིན། །དེ་ཡང་བཀག་པས་མི་ཁོག་གཅོད་སྨྱོན་ལོ། །འགྱུ་བ་རང་ཤར་བྱ་ལམ་རྗེས་མེད་འདྲ། །དེ་ལ་རྗེས་དཔྱོད་མ་བྱེད་གཅོད་སྨྱོན་ལོ། །དུས་གསུམ་འགྱུ་བ་མ་བཅོས་རང་གྲོལ་ངང་། །རང་གར་ཡན་པ་ཡིན་ནོ་ཤེས་པར་མཛོད། །ཀ་དག་སྟོང་པའི་ཆ་ཡིན་ཆོས་ཀྱི་སྐུ། །ལྷུན་གྲུབ་སྣང་ཆ་ལོངས་སྤྱོད་རྫོགས་པའི་སྐུ། །ཟུང་འཇུག་ཐུགས་རྗེའི་སྒྱུ་འཕྲུལ་སྤྲུལ་པའི་སྐུ། །སྐུ་གསུམ་དགོངས་ཀློང་མངོན་གྱུར་རྣལ་འབྱོར་ལ། །འཁོར་འདས་རྟོག་གྲོལ་ལྟད་མོ་ནང་ན་མངོན། །མི་རིང་གདོད་མའི་གཞི་ལ་དབུགས་དབྱུང་མཛོད། །བཀྲ་ཤིས། ཞེས་སྩལ་ལོ། ། https://t.cn/R2WxDGB

༈ ཆུ་སྟག་གནམ་ལོ་གསར་བའི་ནང་། །བླ་མའི་སྐུ་ཚེ་བརྟན་པར་ཤོག །
སེམས་ཅན་བདེ་སྐྱིད་ལྡན་པར་ཤོག །སངས་རྒྱས་བསྟན་པ་དར་བར་ཤོག །
བོད་འབངས་བདེ་ཞིང་སྐྱིད་པར་ཤོག །འཛམ་གླིང་ཞི་བདེ་ཡོང་བར་ཤོག །

༈ ཆུ་སྟག་གནམ་ལོ་གསར་བའི་ནང་། །བླ་མའི་སྐུ་ཚེ་བརྟན་པར་ཤོག །
སེམས་ཅན་བདེ་སྐྱིད་ལྡན་པར་ཤོག །སངས་རྒྱས་བསྟན་པ་དར་བར་ཤོག །
བོད་འབངས་བདེ་ཞིང་སྐྱིད་པར་ཤོག །འཛམ་གླིང་ཞི་བདེ་ཡོང་བར་ཤོག །


发布     👍 0 举报 写留言 🖊   
✋热门推荐
  • 舍利弗,若有善男子、善女人,闻是经受持者,及闻诸佛名者,是诸善男子、善女人,皆为一切诸佛之所护念,皆得不退转于阿耨多罗三藐三菩提。舍利弗,北方世界有焰肩佛、最胜
  • 买菜app研究了一堆,最后试下来感觉还是饿了么上搞菜最顺手,首选每日优鲜,其次鲜我、菜老包也非常可,菜品多又新鲜,生鲜蛋奶啥都有,现在上门配送提供48小时核酸证
  • 我们给自己设定太多标准,太多比较,有人死磕到底获得了成功,但更多的人,在无端的较劲里,心中满是负累。不要把一次的失败看成是人生的终审,世上没有一帆风顺的事,只有
  • 以“整合制冷产业基地资源,打造中国国际新名片”为主题,在相关政府部门的大力支持及积极参与下,打造成为全球标志性的制冷暖通展会。展会详情展会概况 2020中国国际
  • #摩登兄弟[超话]#[心]#刘宇宁白愁飞# [心]#刘宇宁说英雄谁是英雄# 多个角度观察白愁飞就是走路带风潇洒帅气的样子这样一个有抱负的男人即使黑化也是有原因的
  • ”通过术前检查,阿婆的腹主动脉瘤达到了6.5公分大小,在死亡率如此高的急症下,廖阿婆在医院急诊开辟的绿色通道中顺利完成急诊手术,幸运得救,目前恢复情况良好。另外
  • 流下了贫穷的泪水给石老师今天的摄影发挥点赞,超常发挥,希望他继续保持这个实力买的百合花已经全都开了,开了两朵的时候拍的照片,果然香气太浓郁了春天又来到啦❤️#2
  • 而且我很爱的一点是它能够低温除皱烘护,干衣后即刻拥有挺阔效果,省去熨衣服的步骤,可以直接挂进衣柜,太适合我们懒人了!我用下来最大的感触就是它真的超级省电,而且低
  • 这次的再见,不再是为了更好的相见,而是真的永别了……我觉得自己没有什么遗憾,感恩当初义无反顾的回来了五月,终究没有给我,我们奇迹五月,也没有变得更长我不知道要怎
  • #刘宇宁说英雄谁是英雄# [微风]#刘宇宁白愁飞# [微风]#摩登兄弟[超话]#有梦想的人生最可贵,而实现梦想的过程最珍贵。摩登兄弟刘宇宁 刘宇宁 宁哥
  • 今天本来很不爽,然后参加了房间赛真的超级超级超级开心 离爬爬的最近的一次 呜呜呜追星成功【“台独”议员声称接种完高端疫苗后收到两封“恐吓信”】被视为绿营侧翼的
  • 还有一事哦 倒是之前的一个疯子又回来……原先的情况是yxh通稿发刘诗诗和Z同开公司有关系 我说的大概是 几百年前的事又翻出来干嘛 那个谁自己找过来非说同股东有
  • 六祖坛经原文 忏悔品 第六卷 时,大师见广韶洎四方士庶,骈集山中听法,于是升座告众曰:‘来!诸善知识!此事须从自性中起。于一切时,念念自净其心,自修自行,见自
  • 女王把他们全部关到了境空间里,就在默默以为自己就要被关进镜空间里面的时候,水水出现并救了默默,用有些指责的口吻对默默说:“人类的女孩,你又不听我的忠告来到仙境,
  • 其实不然,柔软心是道元禅师本具的,甚至是人人本具的,只是,道元若不经过万里波涛,不到中国求禅,他本具的柔软心就得不到开发。具有柔软心的人,即使面对的是草木,也能
  • 【谷歌Chrome宣布将不再信任赛门铁克所有SSL证书】谷歌宣布将完全取消对国内CA机构沃通的信任,主要原因是沃通颁发的SSL证书存在多项问题。【谷歌全面封杀使
  • ”此端是我 彼端是你如果月老早就将我们的红线紧紧相连世界诺大我们依然能够沿着线的引领寻到彼此#海外婚礼统筹##爱塔罗海外婚礼##巴厘岛婚礼# #巴厘岛办婚礼#
  • 那年,我们经常因为钱的事情吵架,老婆也很后悔把店子交给我管理,孩子六个月时,她为了做生意,要给孩子断母乳,我和我妈觉得她太过分了,所以把她给骂了。那年,我们经常
  • 第4天 #挑战365天早睡早起# 5:50起床‼️静思5分钟‼️阅读30分钟,现在在读《超级符号》已读完,寻觅新书ing‼️洗漱5分钟‼️做早餐10分钟,今天做
  • 数//据组的壮大才不会白费黄铉辰的努力,我们诚恳的希望有才华的奶黄包加入Flaming统一要求:1⃣️黄铉辰唯粉、jz或专辑过3202⃣️年满18(非高三、考研