༄༅།།རིག་གནས་ཕ་ས་ངོ་མཚར་ཆོས་ཀྱི་སྡེ།།
བཞད་པའི་རྡོ་རྗེའི་ཐུགས་བསྐྱེད་བདུད་བརྩིའི་བཅུད།།
ཡོངས་འཁྱིལ་མདོ་སྨད་བླ་བྲང་འདུས་པའི་ཚོགས།།
ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་གོང་འཕེལ་ཤོག།

#噶举祖庭一洛卓沃龙寺[超话]#
࿐དཔལ་དགྱེས་མཛད་རྡོ་རྗེ་སྤྲུལ་པའི་སྐུ། རྗེ་མར་པ་ཆོས་ཀྱི་བློ་གྲོས་ལ། ཡིད་རྩེ་གཅིག་གུས་པས་གསོལ་བ་འདེབས། མཆོག་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། ཡེ་ཤེས་རྡོ་རྗེའི་བྱིན་ཆེན་ཕོབ།

རང་སེམས་གཉུག་མ་རྟོགས་པར་བྱིན་གྱིས་རློབས།

བདག་དང་སེམ་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ།

སྙིང་རྗེ་དང་ཆགས་པའི་སེམས་གཉིས་ཕན་ཚུན་འཁྲུལ་བའི་ཉེན་ཁ་ཞིག་ཡོད།

སྙིང་རྗེ་ནི་གཞན་ལ་འཚེ་བ་དང་། གནོད་པའམ་རྒོལ་བ་མི་བྱེད་པའི་བློ་ཞིག་ཡིན་པར་བརྗོད་ཆོག་པས། སྙིང་རྗེ་དང་ཆགས་པའི་སེམས་གཉིས་ཕན་ཚུན་འཁྲུལ་བའི་ཉེན་ཁ་ཞིག་ཡོད། དེའི་ཕྱིར། བརྩེ་བ་དང་སྙིང་རྗེ་ལ་རིགས་གཉིས་ཡོད་ཅིང་། རིགས་གཅིག་ལ་ཆགས་པའི་ཆ་འདྲེས་པའམ། ཡང་ན། ཆགས་པ་རྨང་གཞིར་གྱུར་པའི་སྙིང་རྗེའི་རིགས་ཤིག་ཡིན། དེ་འདྲའི་སྙིང་རྗེ་དང་བརྩེ་བའི་བློ་ནི། ཉེ་རིང་གི་དབང་དུ་སོང་ཡོད་པ་ཞིག་ཡིན་ཞིང་། སྙིང་རྗེ་སྐྱེ་སའི་ཡུལ་དེ་རང་ཉིད་དགའ་ས་དང་ཆགས་ས་ཞིག་ཡིན་པའི་བསམ་བློའི་ཐོག་ནས་འབྱུང་གི་ཡོད། རིགས་གཞན་དེ་ནི་བཅོས་མིན་གྱི་སྙིང་རྗེའམ། ཡང་ན། ཉེ་རིང་གི་བློ་དེ་ལྟ་བུ་ལས་གྲོལ་བ་ཞིག་ཡིན། སྙིང་རྗེ་འདི་ལ། མི་འདི་ངའི་གྲོགས་པོ་ཡིན། མི་འདི་ང་དགའ་ས་ཞིག་ཡིན། མི་འདི་ང་ལ་འབྲེལ་བ་ཡོད་སྙམ་པའི་ཀུན་སློང་ཞིག་མེད། ད་དུང་། ལྷད་མེད་ཀྱི་སྙིང་རྗེ་ནི། རང་ཉིད་ལ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་བློ་ཞིག་ཡོད་པ་ཇི་བཞིན། སེམས་ཅན་གཞན་ལའང་བློ་དེ་གཅིག་མཚུངས་སུ་ཡོད་ལ། གཞི་རྩའི་མངོན་འདོད་དེ་སྒྲུབ་པའི་ཐོབ་ཐང་ཡང་ཚང་མར་གཅིག་མཚུངས་སུ་ཡོད་པའི་བསམ་བློའི་འཁྱེར་སོ་ལ་བརྟེན་ནས་འབྱུང་གི་ཡོད། ང་ཚོས་འདྲ་མཉམ་དང་ཐུན་མོང་གི་ངོ་བོ་འདི་ངོས་འཛིན་གྱིས་སེམས་ཅན་ཐམས་ཅད་ལ་མཛའ་འབྲེལ་དང་ཉེ་འཛིན་གྱི་བློ་ཞིག་སྐྱེད་ཐུབ་ཅིང་། དེའི་ཐོག་ནས་བྱམས་པ་དང་སྙིང་རྗེ་བསྐྱེད་ན། དེ་ནི་ལྷད་མེད་པ་ཞིག་ཡིན། དེ་བཞིན། ཤེས་རབ་ཀྱིས་སྙིང་རྗེ་ལ་གྲོགས་བྱེད་ཀྱི་ཡོད་པས། སྙིང་རྗེ་ཤུགས་ཆེན་པོ་ཞིག་དང་ཟབ་མོ་ཞིག་སྐྱེ་བར་ཤེས་རབ་ཀྱིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་གསལ་པོ་ཡིན།


发布     👍 0 举报 写留言 🖊   
✋热门推荐
  • 这意味着在竞争日趋激烈的零食行业中,迫切需要中国品牌的出现和占位。去年,三只松鼠提出了“聚焦坚果”的战略,并开始布局线下分销,用更全面的销售网络为消费者提供更便
  • 想来店里购买数码产品、了解机子详细情况、想购买数码产品的,联系店长,图2想购买零食、对零食铺有合作意向、有想兼职的,加q群联系铺主,图3有对手工原创饰品感兴趣的
  • 虾仁日版豆腐— 用 料 —生抽、日本豆腐、鲜虾 、水、黄瓜(或者青豆)、淀粉做 法:1,日本豆腐1袋,鲜虾10只左右、清洗后挑出虾线去除表壳,洗净,加盐、料酒腌
  • 简直不要太奇妙!我已经吃到本年度坠好吃的冰淇淋了!
  • 我们的心本来是没有善也没有恶的,首先是起心。真是搞不明白这些人到底怎么了 丑陋至极究竟是怎样的环境才造就了这么一群垃圾 一而再再而三的挑衅 到底为了什么 真的有
  • 旅拍海岛风婚纱照|纪实唯美婚纱照……一望无际的大海 阳光明媚冬季深圳的海岸线没有夏季热炎热,出片最美季节一对新人穿着长长的婚纱留下爱的记忆❤️#玛莎LiLi高端
  • 身旺用食神也是好运,看来一生小富是有的这样的格局写的太累人,格局层次顺序一点不能乱,我费劲写这些就想让大家知道,破格的格局不一定一生行什么运都差,看命理要综合多
  • 而我,也诚然从一个路人粉变成实实在在的粉丝了。她的成名战在不同人笔下可以有很多的版本,我的肯定不是写得最好的,但却是我最珍贵的记忆,我认真地打赌,无论多少年后我
  • 别走进人群 宁愿一个人逍遥自在 无须为世俗纠缠不开 别喧嚣热闹 宁愿是一片荒芜的山野 无事可张扬热烈 别设想未来 宁愿做一只脱线的风筝 孑然一身好不快活
  • ᶦ ᵚᶦˡˡ ᵅˡᵚᵅʸˢ ˡᵒᵛᵉ ʸᵒᵘ♡“满目星河,心心念念都是你”“能遇见你是神明赐我的糖,世界的善意,是晚来的温柔,和干净的你”❀━━━━━ℒ ━━
  • 作为英菲尼迪全新品牌方向的基石,全新QX60自然代表着该品牌最新的设计语言,在不失科技、豪华、运动的前提下,与传统的东方韵味相结合。在今年11月的广州车展上,东
  • 我们必须通过思想,而不是通过我们无法填满的空间和时间来提升自己 ——《思想录》 帕斯卡尔​一个人比你优秀,你尽可以放心交往,因为优秀的人散发正能量;一个人比你有
  • 嘴长在自己身上,但生活都是别人的生活,闲言说多了,自己的日子也不会清静。 在约定好的时间内还钱,下次有难时,他人也会雪中送炭; 答应了别人的事有着落,以后需要
  • 我们大家一起 艾特话题#网络不是法外之地#对#新京报#媒体机构 进行严厉的“审判”!新闻媒体采访报道涉及未成年人事件应当客观、审慎和适度,不得侵犯未成年人的名
  • ”  供暖季开始后,刘传佳每天都在重复着这样的工作,不仅每个换热站的细节他都如数家珍,更是对这一台台悄无声息的设备有着特殊的感情。”   供暖季开始后,刘传佳
  • 在当前的环境下,大家要注意耐心的,市场持续的急跌后,这里是急不得的,目前市场情绪很低迷,是需要反弹慢慢带动的,不是一口气就可以疯狂的,昨日因为市场跌破了趋势点,
  • 饭吃到一半时,男友妈妈对我说:妮妮,说实话,我们本来是不太同意你们的婚事的,但我儿子坚持和你在一起,今天又一见你这么懂事,我挺喜欢的,我们也就不拦着你们了,但是
  • 一个人的生活真的好快乐,晚安了,明天还要继续去买饼干包装~22岁的自己是怀着怎样的心情写下这段文字,“火烈鸟”是我博客的名字,博客的签名从2009年到现在都是“
  • 2000多年前的长信宫灯,2000多年后的北京冬奥会火种灯,跨越时空的遥相呼应,是西汉时期的理想信念与现代体育文明的结合,是中华民族一以贯之的美好祈愿。取材于长
  • ”(葛晓音《杜甫诗评选》)杜甫原本是懂得如何通过像王维那样的“独处”——隐居——来救赎自己孤独的痛苦的。入口迎宾不需再是大鸣大放的开朗,是以迂回的手法,雕琢情境