དྭངས་གསལ་མཁའ་ལ་ཆུ་འཛིན་ཕྱོགས་བཞིར་འཕྱོ།།
སྒེག་ཉམས་འདབ་མ་འབུམ་བཞད་འོད་སྟོང་ཅན།།
ཡིད་དབང་བསྐལ་བར་འཕྲོག་པའི་རྐུན་པོར་གྱུར།།
དེ་བས་ཁྱེད་ཉིད་འགྲན་པའི་དཔེར་འོས་གང་།།

༢༠༢༢/༩/༡༢/ཉིན་ལ་སྣང་བ་རྒྱ་ཡན་གྱིས།

ཚེམ་བཟོ་བ་དང་གླང་ཆེན།

ཚེམ་བཟོ་བ་ཞིག་གིས་གྲོང་རྡལ་དུ་ཚོང་ཁང་ཞིག་གཉེར་བཞིན་ཡོད། ཁོ་ནི་རང་གཤིས་བཟང་བའི་རོགས་ཟླ་སྣང་སྐྱིད་ཅིག་རེད། གྲོང་རྡལ་ནང་གི་མི་ཞིག་གིས་བདག་ཉར་བྱེད་པའི་གླང་ཆེན་ཞིག་ཡོད། གླང་ཆེན་དེ་ཉིན་ལྟར་གྲོང་རྡལ་གྱི་ཕྱི་ལོགས་སུ་ཆུ་འཐུང་དུ་འགྲོ་དུས། ཚེམ་བཟོ་བའི་ཚོང་ཁང་བརྒྱུད་དེ་འགྲོ་གི་ཡོད། ཚེམ་བྯཟོ་བས་ཉིན་རྟག་པར་ཁོ་ལ་བག་ལེབ་རེ་བྱིན། དུས་ཚོད་གང་མཚམས་ཤིག་སོང་བ་ན་ཁོ་གཉིས་གྲོགས་བཟང་དུ་གྱུར་ཅིང་། ཕན་ཚུན་ཐུག་འཕྲད་བྱེད་པར་དགའ་མོས་ཆེན་པོ་བྱུང་། ཚེམ་བཟོ་བས་ག་དུས་ཡིན་ན་གླང་ཆེན་ཁོ་ཡོད་སར་ཡོང་བའི་རེ་སྒུག་བྱས་པ་དང་། གླང་ཆེན་ཡང་རྒྱུན་དུ་གནས་དེར་ཡོད་པ་རེད།

ཉི་མ་གཅིག་ལ་ཚེམ་བཟོ་བ་དང་ཚོང་ཤག་གི་བར་དུ་རྩོད་པ་བྱུང་བས། ཁོས་སྤྲོ་སྣང་མེད་པ་ཚོར་ཞིང་མི་སྐྱིད་པར་གྱུར། དུས་དེར་གླང་ཆེན་བསླེབས་པ་དང་ཁོ་རང་གི་སྣ་ཞགས་བརྐྱངས་ཏེ། སྒེའུ་ཁུང་ལས་ཚོང་ཁང་ནང་གི་བག་ལེབ་སྔར་བཞིན་ལེན་དུ་ཡོང་། ཚེམ་བཟོ་བས་བག་ལེབ་སྟེར་བའི་ཚབ་ཏུ། གླང་ཆེན་གྱི་སྣ་ཞགས་ལ་ཁབ་གཙག་བྱས། གླང་ཆེན་ལ་རྨས་སྐྱོན་ཕོག་ཀྱང་ཁུ་སིམ་མེར་རང་ལམ་འཐེན་ཏེ་ཆུ་འཐུང་དུ་ཕྱིན།

གླང་ཆེན་གྱིས་རང་གི་སྐོམ་པ་བསལ་ཅིང་། དེ་ནས་འདམ་ཉོག་ཅན་གྱི་ཆུ་དང་བཙོག་པས་ཁོ་རང་གི་སྣ་ཞགས་གང་བ་བྱས། མགྱོགས་པོར་ཕྱིར་ཡོང་སྟེ་སྣ་ཞགས་ཚོང་ཁང་ནང་དུ་བཞག་ཅིང་བླུགས། ཚོང་ཁང་ཆ་ཚང་བ་འདམ་གྱིས་སྦགས་པ་ལྟར་དུ་གྱུར་ཅིང་། མཆོར་གོས་སྣ་ཚོགས་དང་གཉེན་ཆས་ཡོངས་སུ་རྫོགས་པ་འདམ་ཉོག་གིས་བརྫད་དེ་འཕྲོ་བརླག་ཏུ་བཏང་། ཚེམ་བཟོ་བ་སྐྱོ་སྣང་ངམ་འགྱོད་གདུང་གིས་གཟིར་ཀྱང་འཕྱིས་དྲགས་པ་རེད།

བསླབ་བྱ།
སྒྲུང་གིས་བསྟན་པ་ལྟར་དུ། ཁྱོད་རང་མཆོང་སྐྱོད་མ་བྱས་པའི་སྔོན་ལ་ཡར་མར་ལ་ལྟོས།
༢༠༢༢-༩-༡༡
སྒྱུར་མཁན། ཀ་ར།

ལྷ་མོ་དབྱངས་ཅན་མར་བསྟོད་པ་ཟླ་རྩ་བཞི་མ།

____ཀུན་གཞི།

ཟླ༷་བ༷་ཞུན་མའི་ཡང་སྙིང་ཕྱུང་བའི་ཕུད།།
ཟླ༷་བ༷་བརྩེགས་མའི་བཞིན་གྱི་མཛེས་འཛིན་ཅིང་།།
ཟླ༷་བ༷འི་གདན་ལ་སྙན་ངག་དཀྲོལ་མཛད་པ།།
ཟླ༷་བ༷འི་སྲིང་མོ་རིག་བྱེད་གཙོ་བོར་འདུད།།

ཟླ༷་བ༷་ཡར་ཚེས་རལ་བའི་ཁུར་བླངས་ཀྱང་།།
ཟླ༷་བ༷འི་མཛེས་སྡུག་དག་ཀྱང་གཞོམ་པ་ཡི།།
ཟླ༷་བ༷འི་རྒྱབ་ཡོར་བྱས་པའི་ན་ཆུང་མའི།།
ཟླ༷་བ༷འི་ཟེར་གྱི་བྱིན་མཐུ་བསིལ་ཞིང་འཇམ།།

སྤྲིན་བྲལ་ཟླ༷་བ༷་སྟོང་གི་མཛེས་པ་ཀུན།།
གཅིག་བསྡུས་ཟླ༷་བ༷འི་སྐུ་མདོག་མཚར་དང་ལྷན།།
བཅོ་ལྔའི་ཟླ༷་བ༷འི་བྱམས་བརྩེ་ཟེགས་མ་ཅན།།
ཚེས་ཆེན་ཟླ༷་བ༷འི་འོད་ལྟར་འཕྲོ་འདི་རྨད།།

ཤར་རིའི་རྩེ་མོར་ཟླ༷་བ༷འི་ལྷ་མོ་བཞིན།།
སྲིད་པའི་མཁའ་ལ་ཟླ༷་བ༷་ལྟར་འཕགས་ཏེ།།
དེ་ལྟ་ནའང་ཟླ༷་བ༷འི་མགྲིན་པ་ལས།།
ལེགས་སྦྱར་ངག་གི་ཟླ༷་བ༷ས་འོད་སྣང་སྦྱིན།།

གྲུ་འཛིན་མགོན་པོའི་བྱམས་བརྩེའི་ཟླ༷་བ༷་ལས།།
མངོན་པར་འཕོས་པའི་ཡིད་འོང་ཟླ༷་བ༷འི་ཞལ།།
དད་པའི་བུ་ལ་བརྩེ་ཆེན་ཟླ༷་བ༷་ཡིས།།
མུན་པའི་རྨོངས་པ་སོལ་ཅིག་ཟླ༷་བ༷འི་གཉེན།།

ཡིད་གཅི༷ག་མོས་པའི་གདུང་བས་ལོ་དང་ཟླ༷ར།།
རྩེ་གཉི༷ས་གཡོ་བ་སྤངས་ནས་མི་ཡི་ཟླ༷ར།།
དཀོན་མཆོག་མ་ལ་གསོལ་བའི་དགེ་བའི་ཟླ༷ས།།
ཁམས་གསུམ༷་རྨིངས་ནས་བཤིགས་ཤིག་སྲིད་པའི་ཟླ།༷།

ཞེས་པའང་རྒྱལ་འཕགས་བསྟན་པ་དར་རྒྱས་སུ་འབོད་པས་དཔལ་སེངྒེ་རི་ནས་༢༠༢༢/༠༩/༡༠མཚན་མོར་ཟླ་བའི་འོད་སྣང་ལ་རོལ་བཞིན་བྲིས་པ་དགེ་གྱུར་ཅིག


发布     👍 0 举报 写留言 🖊   
✋热门推荐
  • 但这才是开始,笃定来参加比赛就是要展现全面的自我,于是,赵樱子明明和钟欣潼同组,却直接把蔡卓妍喊成了自己的队友,引来一出尴尬。 情商低还是可爱至极 赵樱
  • 养殖公司有关负责人徐伟坚:“(松针鸡)放养的环境是在丛林里养的,(因为)空气清新,没什么积水,没什么疾病,不用怎么防疫;喂养是以玉米粉、豆粕、松花粉等五谷杂粮作
  • 好喜欢这个姐姐 人特别好 长得好看声音好听 性格特别好 一起工作的时候也特别认真负责 不会经常抱怨 都没见她黑脸过 自从一起上班的时候每天都会带好吃的分给我 我
  • 高风险地区(12)内蒙古呼伦贝尔市(7):满洲里市东山街道,南区街道,北区街道,兴华街道;扎赉诺尔区第一街道,第三街道,第四街道。浙江省宁波市(3):镇海区蛟川
  • #田柾国##田柾国少年意气##田柾国星光闪耀#田柾国97之光最年轻大众文化赏 花冠文化勋章获得者获奖后火速登上Daum搜索榜第一新闻配图唯一爱豆代表solo曲E
  • :Remedios Varoஇ 西班牙裔墨西哥女画家雷梅迪欧斯·巴罗是20世纪初活跃在超现实主义运动中的著名女性代表。#湖北知多少#【#湖北一地发现跨越四朝古墓
  • 部分“大块田”最宽田面达到30米,最大面积达到30亩,并且鼓励实施高标准农田后群众就近兑换,基本实现了“一户一台地”的目标,让产业集约发展有了基础支撑。  同时
  • 首先是过片三句承接上片意脉,由词人自言其人生道路:客游他乡,披风戴雨,萍踪浪迹,飘泊不定;接着,由此发出人生如寄的感叹,化用陶渊明《归去来兮辞》“三径就荒,松菊
  • 但是这样的话,你就得只能对我好了,如果你再对别人好,就是嫌弃我,我会觉得你不想要我了。但是这样的话,你就得只能对我好了,如果你再对别人好,就是嫌弃我,我会觉得你
  • 为了不错过这场难得的雪,我就这样在雪中,静静地,听雪落下的声音#南昌下雪# 【因为爱】尘世间的每一次遇见,或许只是一份冥冥中的缘;亦或许,尘世中的每一次美丽,都
  • 抛弃所有,从学徒做起,具有实践性,有以心印心的珍贵那个根本之处也叫“本来无一物”然而在那个“本来无一物”中,有鲜花明月,也有楼台阁宇自由自在地随处显现。但自从参
  • 这些食材都是从姐姐家拿来的自家种的蔬菜,无农药无化肥,纯绿色,吃起来味道就是好,能存放的时间也长2.茄子上屉蒸5-8分钟,不要蒸过了,否则茄子软软的还出水,口感
  • 因此肾不好可能会出现经常忘事、反应迟钝等现象...欢迎咨询澜庭集大健康产品卡祖玛咖片丶玛咖酒√我的微信1017368790(15083645685)温馨提示[心
  • 本届创意周由成都市人民政府主办,成都市文化广电旅游局、成都传媒集团承办,以“创意成都 美好生活”为主题,是“十四五”开局之年,成都市举行的极具代表性的文旅产业融
  • #内盘期货开户[超话]#止盈止损对于期货投资极为重要,也是投资者获得稳定盈利并控制风险的法宝。投资者从开始进入期货市场,即使有100%的把握,市场的风险还是不可
  • 大学期间,在杨紫生日的时候,张一山还曾带领着全班男生为她合唱了一首《做你的男人》:“做你的男人,24 个小时不睡觉,让胆小的你在黑夜中也会有个依靠”。还有一个努
  • “在所有人入睡的时间,用心爱的人的思念填满清晨”的歌词,即使没有特别的修饰,也传达出鲜明的真心,将歌曲的氛围推向高潮。6.SKIT 7. 새벽해(In THE
  • 夏威夷海军陆战队基地, HI, 美国05.24.2021夏威夷海军陆战队基地 陆战队 林地 夏威夷2021年5月24日,美国海军陆战队第1营,3d海军陆战队团
  • 前院有一排葡萄树,下午下课后有好多战士在下棋,打扑克,看书、吹笛子,炎炎夏日坐在葡萄架下的石櫈上感受着绿树掩映的山脚下水库旁的清爽,那种惬意真的让人陶醉,现在想
  • ⁣⁣: 大阶梯-埃斯卡兰特(Grand Staircase Escalante): maitrayedas#正版河图[超话]#听到新歌的时候我觉得每一句都可以是