#噶举祖庭一洛卓沃龙寺[超话]#
༄༅། །མར་པ་བཀའ་བརྒྱུད་པའི་རྒྱལ་གླུ་བདེན་བཞིའི་གྲངས་ལྡན་བཞུགས་སོ། །

玛尔巴噶举派之胜歌四谛具数

༼༡༽སྤྲོས་བྲལ་ཤེས་རབ་འོད་ཀྱིས་བློ་ཡི་མུན་པ་གཏན་བཅོམ་མཛད། །

离戏智光彻破心迷暗,
རྣམ་ཐར་ཞི་བའི་ཏིང་ངེ་འཛིན་གྱིས་སྲིད་རྩེ་མངོན་པར་མནན། །

解脱寂禅按压世间顶
མཐའ་བྲལ་དྲི་མེད་ཡང་དག་ཐུགས་མངའ་སྐྱོབ་པ་མཚུངས་པ་མེད། །

离边无垢具意导师尊
འགྲོ་བའི་ཉི་མ་ཤཱཀྱ་སེང་གེས་དགེ་ལེགས་སྩོལ་མཛོད་ཅིག །

顶礼众生之日释迦狮

༼༢༽བརྒྱུད་པ་གོང་མར་མོས་གུས་མཐར་ཕྱིན་ཐུགས་རྗེའི་བཀའ་བབས་ཏེ། །

祖师成就虔敬大悲宗
ཉམས་རྟོགས་ཤེས་རབ་ཞེ་བཅད་དྲག་པོས་སྒྲུབ་པའི་རྒྱལ་མཚན་འཛིན།

觉证智慧决心树修幢
སེམས་ཉིད་སྐྱེ་མེད་འོད་གསལ་དབྱིངས་སུ་སྣང་སྲིད་དཔེ་ཆར་ཤར།

心性无生明界中显经
ཚེ་ལུས་གཅིག་ལ་མངོན་སངས་རྒྱས་པའི་མར་པ་བཀའ་བརྒྱུད་རྒྱལ།

即身成就玛巴噶举胜

༼༣༽བླ་མས་ལུང་ཟིན་ཡི་དམ་མཁའ་འགྲོས་འབྲལ་མེད་རྗེས་སུ་བཟུང་།

上师受记本尊众摄受,
འདིར་སྣང་འཁོར་བའི་ཕུན་ཚོགས་ཞེ་ལོག་དབེན་པའི་གངས་དཀར་ཁྲོད།

出离此世贡嘎幽静地,
ཚེ་དང་སྒྲུབ་པ་མཉམ་པའི་གདམས་ངག་གནད་ཟིན་རང་བྱན་ཚུད།

修行与寿同等通窍诀,
མཉམ་མེད་བྱིན་རླབས་ཉམས་རྟོགས་དབང་འབྱོར་གངས་དཀར་བསྟན་པ་ཕྱོགས་མཐར་རྒྱས། །

加持觉证自在贡嘎盛。

༼༤༽དེ་ཡི་མཐུ་ལས་མེ་འོབས་འདྲ་བའི་འཁོར་བ་མཐའ་དག་གི །

彼力之故火坑般轮回,
འབྱུང་གནས་སྡུག་བསྔལ་རྩ་བ་བདེ་བར་འཁྲུལ་པའི་མགོ་སྐོར་བློ།

痛苦根源执迷为快乐,
གཏིང་ནས་སྐྱོ་ཞིང་ངེས་པར་འབྱུང་བའི་བློས་བཏང་དྲག་པོ་ཡིས།

心生出离决心舍弃彼,
ཟབ་མོའི་ལམ་སྒོམས་རང་གྲོལ་སྙིང་པོ་རྡོ་རྗེ་འཆང་བརྙེས་ཤོག །

修持深道愿证金刚持。

ཅེས་མཉམ་མེད་མར་པ་བཀའ་བརྒྱུད་པའི་རྒྱལ་གླུ་ཤཱ་ལོ་ཀ་བདེན་བཞིའི་གྲངས་ལྡན་འདི་བཞིན་༧སྐྱབས་རྗེམཆོག་སྤྲུལ་འབོ་གངས་དཀར་རིན་པོ་ཆེ་མཆོག་གི་བཀའ་ཡིས་བསྐུལ་མ་མཛད་དོན་བཞིན། གུས་སངས་རྒྱས་མཉན་པའི་མཚན་ཙམ་གོས་པ་དེས་ ༢༠༢༠ བོད་ཟླ་ ༦ ཚེས་ ༡༣ ཉིན་གསོལ་འདེབས་དང་བཅས་ཏེ་སྦྱར་བའོ།
此无以伦比的玛尔巴噶举派之胜歌四颂四谛具数是在尊贵的贡嘎仁波切的鼓励之下,由持有桑杰年巴名号者于2020年6月13日恭书。

ང་རང་ད་ལྟ་བསྡད་ས་དེ་ནི་ལྷ་སའི་ཤར་ཕྱོགས་ཚེས་གསུམ་ཐང་ཞེས་པ་དེ་རེད། རྒྱ་ཡིག་གིས༼慈松塘༽ཞེས་བྲིས་ཡོད། པར་དང་པོ་ལྟར་ཚེས་གསུམ་ཐང་ནི་ལྷ་སའི་ཤར་ངོས་གནས་ཆུང་རི་དང་མཉམ་དུ་འདྲེས་ཡོད། ང་རང་ནམ་རྒྱུན་ཁ་ལག་ཟོས་ཚར་ན་རྭ་སྐོར་ནང་ལ་རྩལ་སྦྱོང་དང་གོམ་པ་བརྒྱབ་པར་འགྲོ་གི་ཡོད། དེ་དུས་ཚེས་གསུམ་ཐང་ནས་ཤར་གྱི་ཟླ་བ་དཀར་པོ་དམིགས་བསལ་བ་ཞིག་མཐོང་གི་རེད། ཕལ་ཆེར་ལག་པས་བསྙབ་ཐུབ་བམ་སྙམ་པ་མཐོང་གི་རེད། དྲུག་པ་ཚངས་དབྱངས་རྒྱ་མཚོ་འཁོར་དང་བཅས་པ་འདིར་ཕེབས་དུས་སུ་ཕལ་ཆེར་ལྕང་མ་མང་པོ་སྐྱེས་ཡོད་པའི་ཐང་སྟོང་ཙམ་རེད། དེ་དུས་སུ་ཚེས་གསུམ་ཟླ་བ་དཀར་པོ་ཞེས་པའི་གསུང་མགུར་དེ་བྲིས་འདུག དེའི་ནང་གི་ཚེས་གསུམ་ནི་ཟླ་ཚེས་མ་རེད། ཚེས་གསུམ་ཐང་རེད། སྤྱིར་ན་ཚེས་གསུམ་གྱི་ཟླ་བ་ནི་ཉ་མ་གང་བའི་ཕྱིར་ན་མག་མོག་གི་ཚེས་རིས་ཙམ་ལས། བཅོ་ལྔའི་ཟླ་བ་ལྟར་དཀར་ལ་ཟླུམ་པོ་མ་རེད། དེ་ནི་ཁོང་གིས་ལྷ་སའི་ཤར་ཚེས་གསུམ་ཐང་ནས་གཟིགས་པའི་ཟླ་བ་དེ་རེད། — བན་ཤུལ་པས་ཤིན་ཏུ་མགྱོགས་པོར་བརྗེད་ཐོ་ཙམ་ལ། 六世仓央嘉措在拉萨慈松塘遇见的月亮

༧ རྗེ་ཡོན་ཏན་བཟང་པོའི་སྐུ་བརྙན་མེ་ཐུབ་མ་ཟུང་།
云登桑布法王的珍贵法像
༼༡༽ པར་དང་པོ་དེ་སྤྲུལ་དགེ་འཕེལ་གྱིས་བླ་མ་ཡོན་ཏན་བཟང་པོའི་སྐུ་གདུང་དུ་བཞེངས་པའི་རག་སྐུ་ཞིག་རེད། སྐུ་བརྙན་དེ་འདྲ་སྟོང་སྐུ་གཉིས་ཙམ་སྐྲུན་ནས་བླ་མའི་འདས་མཆོད་སྐབས་སུ་མཆོད་འབུལ་བྱས་པའི་སྐབས་སུ། ཡག་མདོའི་འབའ་རྭ་དཀོན་མཆོག་སྐྱབས་ཚང་གི་གྲྭ་བཙུན་ཞིག་ལ་ཐོབ་པའི་བླ་མའི་སྐུ་འདྲ་ཞིག་རེད། རྗེས་མར་ཁོང་ཚང་གི་གཉེན་ཉེ་བ་མང་པོ་མགོ་ལོག་གཙང་སྐོར་གོང་མའི་ནང་དུ་ཡོད་པས་ཁོང་ཅག་ལ་རྟེན་སྐལ་དུ་བླ་མའི་སྐུ་བརྙན་དེ་ཕུལ་བ་རེད། ༢༠༢༠ ལོ་ཡས་མས་སུ་ཁོང་ཚང་ལ་མེས་འཇིགས་པ་ཆེན་པོ་ཞིག་བྱུང་ནས། ཁྱིམ་མི་མ་གཏོགས་རྒྱུ་ནོར་ཁང་བ་དང་བཅས་པ་རྩ་བ་ནས་ཚིག་སོང་བའི་སྐབས་སུ། ཆོས་རྗེ་བླ་མ་ཡོན་ཏན་བཟང་པོའི་སྐུ་བརྙན་དེ་ཉིད་གཅིག་པུ་མེས་ཚིག་མ་ཐུབ་པའི་བྱིན་ལྡན་ཞིག་ཡིན་ཅེས། འབའ་རྭ་དཀོན་མཆོག་སྐྱབས་ཀྱིས་ང་ལ་པར་འདི་ཕུལ་ཏེ་ལོ་རྒྱུས་གསལ་བོ་ཞིག་འཁོད་དགོས་ཞེས་སྔོན་ནས་བཤད་མྱོང་ཡོད་པ་དེ་རེད།
༼༢༽ བླ་མ་རིན་པོ་ཆེའི་སྐུ་པར་རྩ་ཆེན་དུ་བགྲང་སྲོལ་ཡོད་པའི་སྐུ་སེང་གེ་ཉལ་སྟབས་སུ་བཞུགས་པའི་སྐུ་པར་མེས་མ་ཚིག་པ་དེ་ནི་༢༠༢༢/༡༠/༣༡ ཉིན་ཕ་ཡུལ་འཛམ་ཐང་རྫོང་ཀ་ཏོག་ཡུལ་ཤོག་གི་གྱང་ནག་ཆོས་དར་ཚང་ཟེར་བའི་ཁང་བ་ལ་མེ་སྐྱོན་ཚབས་ཆེན་བྱུང་སྐབས་མེས་བསྲེག་མ་ཐུབ་ཅེས། ཕ་ཡུལ་གྱི་དྲྭ་ཚོམས་མང་པོར་སྐུར་བཞིན་འདུག ལྷག་པར་༼ཡོན་ཏན་གླིང་ག༽ཞེས་པའི་གྲྭ་ཚོམས་ནས་དོ་སྣང་ཟབ་མོ་བྱེད་གྱིན་འདུག་པ་མ་ཟད། ཚོགས་མི་དག་གིས་ལོ་རྒྱུས་རྒྱུ་མཚན་གསལ་བོ་ཡོད་ན་ཡག་རབས་ཞུས་ཚེ། བསེ་སྐོར་སྲིབ་མའི་བདེན་སྟོབས་ཟེར་བས་ཁང་བ་ཚིག་པའི་ཕྱིར་ཉིན་ཁོ་དང་གྲོགས་པོ་མང་པོས་ཁང་བ་ཚིག་པའི་ཡུལ་དངོས་ནས་རྙེད་རབས་དང་དངོས་གནས་ཡ་མཚན་པ་ཞིག་ཡིན་རབས་དད་སེམས་སྐྱེ་བ་ཞིག་གླེང་བྱུང་། དངོས་གནས་བྱིན་རླབས་ཅན་གྱི་རྟེན་རྩ་ཆེན་དག་ལ་མེ་ཐུབ་མ་ཞེས་སྔོན་ནས་ཤོད་སྲོལ་ཡོད་པ་བཞིན། བླ་མ་དམ་པའི་སྐུ་བརྙན་འདི་གཉིས་ལའང་མེ་ཐུབ་མ་ཞེས་འབོད་ན་ཆོག་ཆོག་ཅིག་ཡིན་པར་འདོད་དོ།། ༧ རྗེ་ཡོན་ཏན་བཟང་པོ་མཁྱེན། [合十][合十][合十]


发布     👍 0 举报 写留言 🖊   
✋热门推荐
  • 最低气温将降至0℃】本报讯(记者 宁亚琴)“这个国庆节,西宁的天气也太反转了,夏装、秋装、冬装轮番上身!“国庆期间,西宁地区出现降温降水天气,受偏西气流影响,1
  • [并不简单]记:今天吃完饭洗手的时候突然就会想到一些事情,会在心里翻来覆去的去想,有时想凭什么又有时又既然选择那就坚持,思考良久觉得其实也多大的事情,其实不管是
  • 相当于用两份菜的价格买了三份菜,一点点开心,想看看多少钱来着发现手机上却没有账单,才知道没扫上,就回去找阿姨重新扫码,阿姨说7.5收我7块钱,就超开心啦我真是一
  • 但是咱们放弃叭,别闹了,下一部舞台就让给你远房亲戚九祸吧【不是果然还是智斗的戏更适合我,皇龙纪到铡龑史的衔接是我目前见过最丝滑最舒适的。2022.5.3补剧打卡
  • 是她落地的那句话被你接住,是她的小心翼翼被你鼓励,是她分享的苦闷得到你的宽慰,然后,你打开了一个话匣子,然后,情话俏皮话奔涌而来,然后,你突然懂了陪伴的意义,是
  • 【#济宁# 关于运河社区供暖问题】运河社区(别名大卜湾村社区)去年居民交至开口费及供暖费,今年供暖时间已发布,居民们去交暖气,发现民生热力公司不收取暖气费用,其
  • 登上望海楼,极目远望,近可及河北省阜平,远能望见山东省渤海,正如古人所说的那样;登上东台顶,极目到海瀛。登上望海楼,极目远望,近可及河北省阜平,远能望见山东省渤
  • 欢迎报名课程 & 预约咨询金星落在土象星座的人,对亲密关系都有些抗拒,容易没有安全感,尤其是在特别热情的人面前,倍感不适,甚至还有点想落荒而逃。比如金星
  • 去年想打卡的石老人10月3日之后就不复存在了计划总是被变化一次次打破趁着天晴飞奔去小麦岛等一个自然而然的晴天我想要带你去海边不经意划过发尾的海风重温起已过夏日的
  • “这短短的一生,我们追求的幸福莫过于:厨房有烟火,家里有温度,心里有牵挂。 “这短短的一生,我们追求的幸福莫过于:厨房有烟火,家里有温度,心里有牵挂。
  • 精致的生活可少不了美酒,来Unity澳大利亚精品店选择来自南澳的直邮美酒——The Remarkable State 吧! 澳大利亚教育部官方营地项目,感受澳洲
  • 老人豁达善良,出于关心,想劝劝他放开眼量,随和一些,不要一条路走到黑,于是,便有了一场“屈子与渔父”面晤的历史画面,以及一番关乎人生的别开生面的对话。因此,我们
  • 【健康饮食常识 南瓜皮——延缓血糖上升】大部分人在食用南瓜的时候都将皮削掉不吃。七点半没有感觉到呢,为了吃缸桶屋,住到了城阳区紫苏叶真的好吃停不下,土豆泥辣白
  • 我可以让妆娘给你做你喜欢的造型,或者仿复杂的造型,衣服已经包括了。我可以让妆娘给你做你喜欢的造型,或者仿复杂的造型,衣服已经包括了。
  • 另外,武曲是金星化忌,有遭受血光之灾的暗示,七杀取像可以代表手术刀,都是征应。3.天梁是一颗寿星,有解厄制化的作用。
  • 借其名声开餐饮店,却遭嘲笑:吃了影响智商10月1号,有一位来自上海的餐饮店于社交网上分享了一段开业视频,并留言说道:小店今天正式开业上午生意不错……留言的最后,
  • 在当时的情况下,打人男子的行为是打了两巴掌,如果陆先生是为了制止不法侵害,完全可以采取将男子与妻子隔开等方式,而不是直接上去就是一脚。虽然说打人男子事后也被陆先
  • 也慢慢适应了高强度的工作,和恶劣的工作环境,身边的人也不单纯是文化人,都是些三教九流的之人,嘴里说着污秽的话语,口中讲的是江湖义气,也让我看到了和以前不一样的社
  • 10.被人理解真的是很奇妙的事情,是那种你以为只有你自己蜷缩在看不见光的地方,而他提着灯来找你说:我可以坐在你旁边吗?”他仰头灌下一口闷酒别忘了我是痞子. ​​
  • 马蓉在微博发文:既然你想着一切办法背地里下黑手,那我也不会让你好过的!马蓉在微博发文:既然你想着一切办法背地里下黑手,那我也不会让你好过的!