ཞལ་འཛོམས་སྐྱིད་ཀྱི་རུ་མ། །

ལྷ་ཆེན་པོ།

ནམ་ཟླ་དབྱར་ཁ་ཞིག་ལ། །
ཆུང་གྲོགས་ང་ཚོ་འཛོམས་སོང་། །
གསངཾ་ཆེནཾ་བཀྲཾ་ཤིསཾ་རྫོངཾ་ཕུ། །
མཚོ་མིག་བདུད་རྩི་ཡར་འཁྱིལ། །
གབ་མཚོ་བཀྲ་ཤིས་རང་འཕེལ། །
འདོད་དགུ་འདི་ན་གྲུབ་པས། །
ཞག་གཞིས་འདི་རུ་ཆགས་བཞག །

ཁྱུང་ལུང་རྫ་ཡི་དངུལ་མཁར། །
རྨ་རིལ་གནམ་གྱི་ཀ་བ། །
རི་མགོ་སྨུན་པས་རྒྱན་ཞིང་། །
རི་འདབས་ན་བུན་འཁྲིགས་དུས། །
རྫ་རྡོ་ངང་སེར་ཐབ་ལ། །
ཨ་ཀ་ལྕི་བ་བུས་ཤིང་། །
འབྲི་མོའི་སྤྲི་ཇ་སྐོལ་ཡོད། །

དྲོད་ཀྱི་གུར་ཁྱིམ་ནང་དུ། །
དགྱེས་པའི་ཞལ་ཁ་བླུད་ཡོད། །
ཞག་འཛོམས་སྐར་མ་སྨིན་དྲུག །
མྱོང་ན་བདེ་ཆེན་འབར་བ། །
ཕྱི་དྲན་དེ་ལས་སྐྱིད་པ། །
འཇིག་རྟེན་འཁོར་བའི་སྙིང་པོ། །
ཞེན་པ་འདི་ལ་བཅོལ་ཡོད། །

ནར་སོན་རྗེས། ཆུང་དུས་སྙིང་ཉེ་ཉེ་དང་ཚིག་འཇམ་འཇམ་བྱེད་མཁན་གྱིས་མི་དག་གཅིག་འཕྲོར་གཅིག་མཐུད་ནས་མི་ཡུལ་འདི་དང་གཏན་ཏུ་བྲལ་སོང་། ནམ་རྒྱུན་ང་རང་ནུབ་བཞུད་ཀྱི་མཚམས་སྤྲིན་ལ་བལྟ་འདུན་ཆེན་པོ་ཡོད། སྔོན་མ་སློབ་ཆུང་འགྲིམ་སྐབས། སློབ་གྲྭ་གྲོལ་ནས་ཡུལ་ལ་ལོག་དུས། ངའི་ཨ་ཕྱི་ལགས་ཀྱིས་ངེད་ཚང་ཡོད་སའི་ཐོད་མགོ་ཞིག་ཡོད་པ་དེ་ནས། ང་རང་ཡུལ་ལ་ལོག་པར་བསྒུག་ནས་འདུག་པར་གོམས་ཡོད། དེ་དུས་ཉི་མ་ནུབ་ལ་ཉེ་ཞིང་། ང་རང་ཁ་ཉི་མར་འཁོར་ནས་ཨ་ཕྱིའི་ཕྱོགས་སུ་འགྲོ་སྐབས། སྲོད་ཁའི་ཉི་འོད་དང་མཚམས་སྤྲིན་དམར་སེར་གྱི་འོད་མདངས་འོག་ནས། ཨ་ཕྱི་ཅི་འདྲའི་སྙིང་དུ་སྡུག་པ་ཞིག་རེད་འདོད་མྱོང་། རྗེས་ནས་ལོ་ག་ཙམ་འགོར་རུང་། སྐབས་དེའི་མཐོང་སྣང་ནི་བརྗེད་ཐབས་མེད་པ་ཞིག་ཡིན་ལ། ད་ལྟ་མཚམས་སྤྲིན་ལ་མཐོང་ཐེངས་རེ་ལ་སེམས་སུ་མཚམས་རེར་དྲོད་སྣང་ཞིག་དང་མཚམས་རེར་གདུང་སེམས་ཞིག་གིས་ཁེངས་སྲིད།

#སྨོན་ལམ་སེང་གེས་གླིང་རྩོམ།# ང་ཚོ་མཚར་སྡུག་གི་མི་ཡུལ་ཀློང་ནས་ཕན་ཚུན་འཕྲད་མྱོང
ལང་ཚོ་སྒེག་ཉམས་ཀྱིས་འདབ་མ་བཞད་བའི་དུས་རེད

མི་ཡུལ་ལ་གོམ་རྗེས་སྤོ་ཐེངས་བཟུང
ངོ་མཚར་ཀྱིས་འཇིར་རྟེན་གསར་རུ
ང་ཚོ་ལ་དམིགས་ཡུལ་དང་གྲ་སྒྲིག་གང་ཡང་མེད་པར
རྒྱབ་གཟུགས་གཡུག་བ་ཙམ་གྱི་སོ་སོར་ཆས

འགྱོང་དང་ཕམ་ཁ་མི་ཉུང་བ་ཞིག
ང་ཚོས་གྲིབ་གཟུགས་ལྷན་དུ་ཡིབ་ནས་ཉུལ་ཡོད

རིན་ཆེན་གྱི་མི་ལུས་གསོན་པོ
མངར་སྐྱུར་ཁ་གསུམ་འཐབ་པའི་འཚོ་བའི་ཡང་སྙིང་དེ་དང་ལྷན་དུ་ཡོད
ཡིད་འོང་གི་ལང་ཚོ་མདངས་མོ
ལོ་མ་སེར་བོ་ས་རུ་ཚག་སྒྲ་དང་བཅས་ལྷུང་བཞིན་ན
ཅི་ཡང་མི་སྨྲ་བ་ཙམ་གྱི་ཡོད་ཚད་འཇུག་སྒྲིལ་སོང་མིན་ནམ
གང་ཡང་མ་སྒྲུབ་བ་ཡལ་འགྲོ་ཨེ་རེད

ང་ཡི་སྣང་བ་ལ་གཤོག་པ་ཡོད་པ་སྟེ
དཔེར་ན་བྱིའུ་བཞིན
ཆེས་འོད་ཚེམ་འཕྲོ་བའི་མེ་ལོང་གི་ངོས་སུ་འཇིག་རྟེན་གཡས་སྐོར་འཆར་བ་ལྟ་བུའོ

སྨོན་ལམ་སེང་གེས


发布     👍 0 举报 写留言 🖊   
✋热门推荐
  • #衢州美食##美食分享# ▪️余记烤饼府山街道后街巷28-30号(国金中心对面)衢州烤饼有名 买了它家两个 现做的 要的衢州正常辣 味道不错 皮吃着软软的 里面
  • 「ホンマいろいろあった」と語る彼らが数々の試練を乗り越えられたのも、こうしてついにデビューできたことも、私たちが愛してやまない理由も、すべてはAぇ! group
  • 不用在意別人的眼光,不用顧慮他人的心情,沒有必須完成的事情,沒有迫在眉睫的Deadline,每天都有「自由自在」的幸福感,猶如微弱電流穿過頭皮和四肢的酥麻,讓我
  • 告诉我们在现实生活中,别人期待你成为的⻆色也许带有光环,但做自己人生的主⻆ 才能收获真正的快乐。让我们懂得“人生总得有一次为自己而活”不要在生命所剩无几的时候才
  • 在长某科技股份公司因上市公告企业名称后,猴某数字科技有限公司即抢先申请注册涉案12枚“长高电新”商标,并提起本案诉讼,索要巨额赔偿1000万元;在本案审理过程中
  • #摩登兄弟[超话]#[相爱]#刘宇宁卓不凡# [相爱]#刘宇宁天行健#[相爱]刘宇宁书卓不凡刘宇宁天行健☾˚‧º· ☾˚‧º·疲惫的生活 ,需要一个温暖的梦
  • 解决脑控,可以用脉冲信号解决具体,懂得都懂#脑机接口让意识控制仿生手成真##冒个泡#本人和四岁孩子已经被脑控明控三年,提起脑控,现在可查资料少之又少,根据本人一
  • 虽然大三针表款从整体上来说处于整个腕表产品线上的入门位置,但并不代表着大三针的在品牌内部统统处于低端,用料珍贵、工艺精美的昂贵大三针比比皆是。购买百达翡丽手雷系
  • 2003年左右,胡宇威大學畢業回台灣,他從小學中國功夫,而我們老闆(楊登魁)最喜歡拍武俠劇,透過朋友介紹認識後,簽下他成為公司第一個藝人。入行十幾年,胡宇威也有
  • 赛道每圈8.5公里,职业组比赛距离136km,共骑行16圈,国内外选手将在这条黄河之畔的赛道上体验“天鹅之城”的魅力。其中,男子职业公路组邀请16支国外车队、1
  • #宋亚轩[超话]#[失望]#腾讯音乐由你榜#[哇] #宋亚轩高露洁品牌代言人# 【 “立冠之年SEASON I”2024第二季度】【第11组】 必和亚轩见面版
  • 只有异地恋好像是一丝不幸,但当时好像也成功地安慰了自己,没有见面的日子都是为了更幸福见面,也避免了日常生活中的争吵,所以也还是觉得自己很幸运,很幸福。在无能为力
  • 先从22年讨论度比较高的鲁邦三世系列版腕表开始说起吧,这款腕表的盘面设计非常独特,它将表盘斜着一分为二,采用两两相对的不对称效果:一侧采用鲁邦三世复刻版腕表第一
  • 秋葵种植的时间通常和气温有关,当温度到达25°C后,种子才会发芽。露地春番茄栽培的适宜苗龄为50-70天,即定植前50-70天要进行播种3。
  • 10天道忌满,人道忌全反者道之动,弱者道之用嫁人要看婆婆,娶妻要看岳母姐死门槛断,哥走侄不亲月盈则亏,水满则溢欲不可纵,精尽人亡傲不可长,傲长则败乐不可极,乐
  • 通过这件事情,一是提前大家做一个有良心的人,不要去干这种令人不耻的事情,另外也是提醒商家,在收款的时候一定要确认一下客户的钱是否到账,现在是300元,如果是3
  • 3~5年后,你固定假牙的邻牙牙根会出现磨损的痕迹,[怒]有时候甚至吃着饭、说着话,假牙就突然掉了,[鄙视]缺牙部位的牙槽骨会出现凹陷(因为牙根的长时间缺失,牙槽
  • 寄韬光①禅师〔唐〕白居易 一山门作两山门,两寺②原以一寺分。 东涧水流西涧水,南山云起北山云。 前台花发后台见,上界③钟声下界④闻。 遥想吾师⑤行道⑥处,天
  • 听过三观超正一段话:我可能喜欢你的时候,是见色起意,但最终决定跟在一起,并非心血来潮,而可能一开始你的外表和颜值吸引了我,但是真真打动我的,是你的性格和思想,所
  • ​尽量选择真正的“全谷”即保留了糊粉层、谷胚等部分的“粗粮”其口感较粗糙,比如燕麦粒、黑米、糙米等。 此外,浮小麦是一种特殊小麦,虽食用价值不高,却是一味有名的