བུང་བས་བསྐོར་བའི་སྙན་ངག

.

_

གཉན་ཆེན་སྲས་བུ།

གང་གིས་སྲིད་པའི་དྲྭ་བ་ཡོངས་སུ་བཅད།།
མུ་སྟེགས་གཟེབ་ཀྱི་ཚོགས་ཀྱང་གྲོལ་བར་བྱས། །
སྡེ་བཅས་བདུད་ཀྱི་དཔུང་ཚོགས་ཡོངས་བཅོམ་པའི།།
བྱང་ཆུབ་རྒྱལ་སར་བདེ་བར་གཤེགས་པར་གྱུར།།

གང་གིས་ཉི་མའི་འོད་སྣང་ཡང་ཡང་འདྲེན།།
གདུལ་བྱར་དེ་ཉིད་དག་ནི་གསལ་བར་མཛད།།
ཀུན་སྤྱོད་པདྨའི་བཞིན་ལ་འོ་ཡང་བྱས།།
རྣམ་འདྲེན་ཞི་བའི་གདན་སར་འཁོད་པར་གྱུར།།

གང་གིས་དཀའ་སྡུག་གཙང་བོའི་མཐར་བརྒལ་ཏེ།།
སྐྱེས་རབས་མདོ་ཡིས་བཤད་པ་རྟགས་སུ་བཀོད།།
རྒྱབ་ལྗོངས་གསེར་ནག་རི་འདི་ཁེན་སར་བྱས།།
དད་པའི་སྒོ་ནས་ངག་གི་མེ་ཏོག་འབུལ།།

སེར་སྐྱའི་གྲོང་སྒོར་བུད་དེ་ནགས་སུ་བྲོས།།
འདོད་ཡོན་ནོར་གྱི་གདོང་ལ་ཐལ་བ་བཏབ།།
རྒྱལ་བྱེད་ཚལ་ན་སྙོམས་ཆུང་ཚུལ་གནས་པ།།
ཞི་བའི་དྲང་སྲོང་ཆེན་པོ་ཤཱཀྱའི་སྲས།།

གཞན་ཕན་སེམས་ལས་བྱང་ཆུབ་ཆར་སྤྲིན་འཁྲིགས།།
གདུལ་བྱའི་མེ་ཏོག་ཡང་ནས་བསྐྱར་གསོས་པས།།
དྲང་སྲོང་ལྷུང་བའི་ནགས་ཀྱི་དགེ་སྦྱོང་ལ།།
ཕྱོགས་ཀྱི་བུང་བས་བསྐོར་ཞིང་གླུ་ཡང་ལེན།།

༢༠༢༢/༡༡/༡༥སྟེ་ལྷ་བབས་དུས་ཆེན་ལ།

དེ་རིང་སྟེ་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་ནི། སྔོན་སྟོན་པ་ཤཱཀྱ་ཐུབ་པ་མཆོག མངོན་པར་རྫོགས་པའི་སངས་རྒྱས་ནས་དགོང་ལོ་ཞེ་གཅིག་ལ་སླེབས་པའི་ཚེ། ཡུམ་སྒྱུ་འཕྲུལ་མ་ལྷ་ཡུལ་དུ་སྐྱེ་བ་བཞེས་པར་མཁྱེན་ནས། ཆོས་གསུང་ཕྱིར་སྟོན་པ་འཁོར་དང་བཅས་པ་ལྷ་གནས་སུམ་ཅུ་རྩ་གནས་སུ་དབྱར་གནས་མཛད་པར་མ་ཟད། ལྷ་ཡི་རིས་ཀྱི་གདུལ་བྱ་རྣམས་ལ་ཆོས་སྟོན་བཞིན་བཞུགས། དེའི་དུས་སུ་རྒྱ་གར་ཡུལ་དབུས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་གཙོས། རྒྱལ་པོ་གསལ་རྒྱལ་ལ་སོགས་པ་རྣམས་ཀྱིས། རྫུ་འཕྲུལ་ཅན་འཕགས་པ་མོའུ་འགལ་བུ་ཁྱེད་ཀྱིས། བཅོམ་ལྡན་འདས་འཛམ་གླིང་དུ་སྤྱན་དྲོངས་རོགས་ཞེས་གསོལ་བས། མོའུ་འགལ་གྱི་བུས་དེ་ལྟར་གསོལ་བ་བཏབ་པས། སྟོན་པ་མཆོགས་གིས་ཀྱང་ཞལ་བཞེས་གནང་ནས། ལྷ་མིའི་འཁོར་དང་བཅས་ཏེ་རྫུ་འཕྲུལ་གྱི་སྐས་འཛེག་ལ་བརྟེན་ནས། འཕགས་ཡུལ་གསལ་ལྡན་གྱི་གྲོང་ཁྱེར་དུ་བྱོན་ཏེ། སེང་གེའི་ཁྲིའི་སྟེང་དུ་བཞུགས་ནས། འགྲོ་བ་མཐའ་ཡས་པ་ལ་སྐལ་བ་དང་འཚམ་པའི་ཆོས་བསྟན་ནས། ཐར་བ་དང་སྨིན་གྲོལ་གྱི་ལམ་དུ་འགོད་པར་མཛད་པའི་དུས་ཆེན་ཁྱད་པར་བ་ཡིན་པས། ཉིན་འདིར་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་པ་དང་། ཕྱག་མཆོད་དང་དགེ་འདུན་ལ་བསྙེན་བཀུར། ངན་སློང་ལ་སྦྱིན་གཏོང་སོགས་རྣམ་དཀར་དགེ་བའི་ལས་ལ་འཇུག་པ་ཤིན་ཏུ་གལ་ཆེ་བས། ཀུན་གྱིས་གོ་སྐབས་མ་ཤོར་བ་མཛད་པར་ཞུའོ།།

མི་རིགས་རེ་ལ་འདྲ་མིན་དུས་ཆེན་རེ།།

དུས་ཆེན་རེ་ལ་འདྲ་མིན་རིན་ཐང་རེ།།
རྒྱུ་འབྲས་དྲང་བདེན་རིན་ཐང་འཛིན་པ་ཡི།།
གངས་ཅན་བོད་མས་སྟོན་པའི་དུས་ཆེན་རོལ།།

བདུད་ཀྱི་མཚོན་ཆ་རྩུབ་མོ་དག་ལ་མཇམ་མཉེན་མེ་ཏོག་ལན་དུ་སྦྱིན།།
ལྷས་བྱིན་ཁྲོས་པའི་སྒྱོགས་རྡོ་འཕངས་ཚེ་མི་སྨྲའི་བརྟུལ་ཞུགས་དང་དུ་བླངས།།
རང་གི་དགྲ་ལ་སྡང་མིག་ཙམ་ཡང་བལྟ་བར་མི་ནུས་ཤཱཀྱའི་སྲས།།
འཇིགས་རུང་འཁོར་བའི་དགྲ་ཆེན་སྐྱོབས་པའི་གྲོགས་སུ་ཤེས་ལྡན་སུ་ཡིས་བཀུར།།

———དགེ་འདུན་ཆོས་འཕེལ་ནས།


发布     👍 0 举报 写留言 🖊   
✋热门推荐
  • #郑秀文演唱会# Sammi 鄭秀文 2019 演唱會歌單1. 终身美丽2. 裸体早餐3. 颜色气味4. 十诫5. 伤6. 世界之最7. 宿命主义8.跳伞9.
  • uu跟妈妈说:“妈妈,我想买一张机票,你可以帮帮我吗?”uu说:“那你能不能带我去找我的小星星呢?
  • 尤其是上下游企业,通过进行时间和空间上的组织协同,精准生产,精准配置,精准消费,突破产业的边界,形成上下游产业的链接,为企业创造新价值。”永康中央仓储物流中心负
  • 主编《中国一绝》和《赵孟页画集》 等。喜马拉雅平台的音频:混子曰《少年中国史》同步我和子瑜还在看这本《历史大百科》图7,中国历史部分内容基本上和音频同步。
  • 世界万物皆是无常也都有定数,得不到的总是会那么几个,得到的却要看眼缘。佛说:万法皆生,皆系缘份,偶然的相遇,暮然的回首,注定彼此的一生,只为眼光交汇的刹那。
  • #天府文化# 【两块汉碑见证蜀地文脉延续】现藏于成都博物馆的东汉蜀郡太守李君碑、裴君碑,出土于天府广场东御街。#古蜀文明# 【两块汉碑见证蜀地文脉延续】现藏于成
  • 冈本信彦配的真是太太太太太太太太好了!!!!!咔酱说“最强的人为你铺了路”的时候,我的泪腺就很积极地在0.01s之内及时作出了反应。听到出久说“我会变强的,强到
  • 新华#资讯#【ChinaJoy暑期来袭,今年增设首届上海电竞周】第十七届中国国际数码互动娱乐展览会(ChinaJoy)以“数字新娱乐 科技新生活”为主题,将于
  •   在7天的采访行程中,来自人民网、中国网、中国日报网、中国青年网、中国台湾网、环球网、中工网、海外网;新华网吉林频道、国际在线吉林频道、央广网吉林频道;吉林日
  • 年少时的爱情之所以完美浪漫单纯,那都是因为我们的生活基础物质都由父母提供,有人为你撑着爱情之外的所有现实,你的世界里只有善良纯净和理想。我的张艺兴,一直以来你都
  • 同时,在文字文化展示区,观众们通过下载App可以获得自由的字体体验,以文字为载体,用趣味的方式与中国古文化建立更紧密的联系。只有照片能看出是黄铉,其他介绍资料很
  • ◤西安四日自由行——世人谓我恋长安◢☞P①:行程与住宿☞P②:音乐喷泉、大雁塔、回民街☞P③:袁家村☞P④:城墙☞P⑥:陕西历史博物馆、钟楼鼓楼☞P⑦:华清宫☞
  • 1932年加入中国共产党,历任中国工农红军连长、师参谋长、军参谋处处长、军团参谋长等职,参加湘赣苏区反“围剿”参与创建湘鄂川黔苏区和长征。1954年 11月,李
  • 关注新浪直播间:#默闻新闻# 品牌升级是一次全新的革命,品牌升级是一次全面的成长。#文明视角#【北京医生助力古村脱贫】云南省迪庆州塔城镇戈登村,村民王金明得知自
  • 所以女人健康美丽的源泉-----子宫 唯爱花漾为您保驾护航.#中国是食盐摄入量最高国家之一#医学杂志《柳叶刀》曾刊载过一篇学术研究,提出中国人十大健康危险因素之
  • 三、资格审查报名审核人员根据本《招聘方案》要求,对报考人员是否符合报考岗位所需资格条件进行审查,经审查符合报考条件的报考人员,由资格审查人员在报考人员填写的《新
  • !“嗯……”只听那孩子突然说道,“我想…… 我想……我…… ”难以启齿?
  • 如果我们不把产品、技术和服务做好,想通过贴一个爱国标签就实现长治久安,这是不可能的。综合媒体7月11日报道,近日在中国电信设备制造商华为的新员工座谈会上,有人问
  • 分享最近看完的一部韩剧《秘密森林》17年的老剧了 反贪反腐败的悬疑破案剧 剧本质量很高 演员演技很赞 结局很现实(意料之中)印象最深的是 这位财阀资本家在受到逃
  •   为纪念杨连弟的英勇事迹,2013年,天津市筹资建立了杨连弟烈士纪念馆,免费向公众开放。  1949年8月,杨连弟参加了陇海铁路8号桥的抢修工作。