གལ་ཏེ།
བློ་གཏད་སའི་གྲོགས་པོ་ཁྱོད་ཀྱིས་ང་ལ་རྫུན་གཏམ་བཤད་ཡོད་ན།
ངས་ཁྱོད་ལ་ལེ་ཁག་མི་དཀྲི་སྟེ།
ངེད་གཉིས་ལ་དབང་བའི་ལོ་ཟླ་དེ་ཚོ་ནི།
ང་ལ་མཚོན་ན་བརྗེད་དཀའ་བ་ཞིག་རེད། 
དེ་བས།
ངས་ཁོག་ཡངས་ཆེ་ཙམ་བྱེད་ཆོག་པར་ཞུ།

གལ་ཏེ།
ངའི་སེམས་ནང་གི་མི་དེས་ང་ལ་མགོ་བསྐོར་བཏང་ཡོད་ན།
ངས་ཁྱོད་ལ་འཁང་ར་མ་བྱས་ན་ཆོག་སྟེ།
ང་ཡི་འཇིག་རྟེན་ན་ཁྱོད་ཞུགས་པ་ནས་བཟུང་།
སུས་ཀྱང་ཚབ་བྱེད་མི་ཐུབ་པའི་ཚོར་བ་ཞིག་གིས།
ཉིན་མོའི་ཟས་ཀྱི་བྲོ་བ་བསྒྱུར་ཡོད་ལ།
མཚན་མོའི་གཉིད་ཀྱི་རྨི་ལམ་ཡང་དཀྲོགས་སོང་།
དེ་བས།
ངས་ཁྱོད་ལ་བཀའ་དྲིན་གྱི་གཏང་རག་འབུལ་ཆོག་པར་ཞུ།

གལ་ཏེ།
ལས་དབང་གིས་གོ་སྐབས་ནམ་ཡང་མ་བྱིན་ན།
ཁོ་བོ་ནམ་ཡང་ཡི་མི་ཆད་དེ།
ད་དུང་།
ང་ལ་དབང་བའི་རྨི་ལམ་ཡོད་ལ།
ང་ལ་དབང་བའི་འཇིག་རྟེན་ཡོད།
གནས་དེ་ནས།
ངས་ཁྱོད་རང་གཅིག་པུ་གཅེས་ཆོག་ལ།
ང་རང་གཅིག་པུ་བསམ་ཆོག་པར་ཞུ།

          _____________ལས་སྐལ་དམར་པོ།

ན་མོ་ཨརྱ་ཏཱ་རེ་ཡེ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་དགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཊད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །ཁྲོ་གཉེར་གཡོ་བ་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམས་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་རྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་བའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམས་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱི་རྡུང་མ། །ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོལ་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རྣམ་པར་འགེམས་མ། །ཡི་གེ་བཅུ་བའི་སྔགས་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡྷ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེ། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་གྲགས་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །

གྲྭ་སར་ཞུགས་པ་ཕལ་ཆེ་བ་དཀོར་དང་ཕྱོགས་ཞེན་གྱི་ཕོ་རུས་ལ་ཆགས།
རི་ཁྲོད་དུ་གནས་པའི་ཕལ་མོ་ཆེའང་གཞན་གྱིས་ཆོས་པར་བསྟོད་པའི་
བསྟོད་པ་ལ་ཆགས། སྨད་པ་ལ་སྡང་། མདོར་ན་ཚེ་འདིའི་བྱ་བ་
ཆོས་བརྒྱད་ཀྱི་བློ་མ་སྤངས་པ་ཤ་སྟག་སྟེ།

སྒྲུབ་བརྒྱུད་འདི་
པའི་ལུགས་ཀྱི་ཆོས་རྣམ་དག་གཅིག་ལ་བློ་བཀོལ་ན།
ཚེ་འདི་བློས་བཏང་དགོས་པར་གདའ་སྟེ།


—ཀུན་མཁྱེན་མི་བསྐྱོད་པས།


发布     👍 0 举报 写留言 🖊   
✋热门推荐
  • 聊天达到了一个互动的阶段,你感觉到对方对你有了最基本的关心后,你再去抛出一些负向性的话题,才能够让他们觉得你是一个拥有自己喜怒哀乐的鲜活的人,而不是一个刻意伪装
  • 却还是想说一些不那么计较的话,因为全靠你们我才有幸保留几近见底的纯真欢乐在身上。也时常质疑世上真有坚如磐石的友情吗,你们通过一次又一次的行动告诉我,这是存在的。
  • 泡面锅煮螺蛳粉啥的太合适了受热非常给力我今天为了吃这碗螺蛳粉我哭了起码8分钟[苦涩]他不准我吃 他说我减肥又吃螺蛳粉吃零食有人懂吗[单身青蛙]我想吃的时候不准我
  • 我的答案是做【时间表to do list】to do list除了让你不虚度时间之外,还有一个巨大好处:帮你更好地专注在当下的任务。你一直在努力,在用力使很多人
  • 现在也难受,想着你,不知道你最近过的好不好,发生了什么。在军队里也没办法熬夜了~但是不变的事情,就是愿意陪你,我们一起[心]好的不好的,都一起cr.logo培训
  • !!
  • 我的新冠长期后遗症第504天左右,(今天是2022年08/16)也就是将近17个月,已经有1年又7 个月多了!我现在正经历的巨大痛苦不是年月日可以精准描述的,而
  • 吴雅婷本来想对这个问题视而不见,但是刷屏的人太多了, 她对着镜头无奈的说:我们俩是因为感情淡了,再也不可能复合了,以后就只是以孩子父母的身份相处~网友:那他会经
  • via新华网耀文化·耀艺术·耀未来【Come From铜川行】——这一次,我们带着初心和激情,走进陕西·铜川,一座历史气息厚重的城市,只为让世界感知更多孩子的
  • 第二名双鱼座小公主是比较好勾搭的,基本上你能给他爱和关怀,出轨分分钟的事,尤其是会制造浪漫气氛的情场高手,让这个不谙世事的小白兔真的心动到要摇滚,太好骗了!第八
  • 有位同事不小心碰到了隔壁桌的客人,那几位客人不是光着膀子,就是露着纹身,同事道了歉,他们听后便奚落地说:“你看那个怂样子....”其他几位同事听后气愤不已,毫不
  • 【胖崽百万计划DAY 85】百万计划来啦!在看人数目标:50☔️当前进度:《Like love》87.0w,《队长大秀》58.5w▶️目标:《Like love
  • ”这位消费者还透露,他在微博、贴吧等网站上,又发现来自其他地方的沃尔玛顾客也遭遇了同样的情形......#沃尔玛禁用支付宝# 很多人认为,这是发生于去年底到今年
  • 纯粹好玩的心态:有很多人这样聊聊高仿包包哪里的货最好「的一群人,他们觉得这些高仿包包价格便宜,质量不会比正品差(其实是有差别的,但是他们不专业)买一个正品可以买
  • 以理光GEN5喷头为例,它有两通道和四通道等不同的型号,使用在机器上的时候,可以一只喷头只打印一个颜色,也可以一只喷头打印两个颜色(两通道和四通道都可以)可以
  • 别不信 电路上的这些不起眼的小东西都是外国货电阻电容这不起眼的小玩意,背后是基础学科,但是现在不赚钱,人才都不去,谈何突破呢?就是个普通的滤波电容,但国内产品同
  • 刮风寨的古茶树基本没有经过人为矮化,人工管理比较少,与原始森林中的古树混生,保持着自然生长,内含物非常丰富,这是刮风寨古树茶品质优秀的一个原因。 薄荷塘这
  • 让那些还没说出口的想念,都附寄在璀璨闪耀的星火下,随着流星落满窗前。让那些还没说出口的想念,都附寄在璀璨闪耀的星火下,随着流星落满窗前。
  • 开始体验项目,先舒舒服服的泡个牛奶玫瑰足浴,体验脸的过程还会敷手膜和精油按摩肩颈,过程特别放松~#南京东南jur美容医院#跳跳的攻略#这个姐妹太阳穴凹陷,说是之
  • 看叶底,有采摘过的痕迹,综合口感判断,可能靠近春尾了,也不是说春尾茶不好,有些国有林的茶发芽晚,靠近春尾采摘也很正常。那卡是中小叶种,这类品种的茶香气好(倚邦也