ཨ་རིག་དགེ་བཤེས་བྱམས་པ་འོད་ཟེར་གྱིས་ཕྱི་ལོ༡༧༦༩ལོར་ཕྱག་བཏབ་པའི་རྭ་རྒྱ་དགོན་བཀྲ་ཤིས་ཀུན་བདེ་གླིང་། དགོན་པའི་རྟེན་གཙོ་སྟེ་རྗེ་གསེར་ཁང་བློ་བཟང་བསྟན་འཛིན་གྱི་ཚེམ་གདུང་དང་དབུ་སྐྱེས་ལོ་མ་དང་། ཤིང་གཟའ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་གི་ཆ་ཤས། ཨ་རིག་དགེ་བཤེས་ཆེན་མོའི་སྐུ་གདུང་མཆོད་རྟེན་སོགས་ལ་མཇལ།

来我的主页看看我的精选照片吧
ལུང་ཤར་བ་རྡོ་རྗེ་ཚེ་རྒྱལ།

ལུང་ཤར་བ་རྡོ་རྗེ་ཚེ་རྒྱལ་ནི།སྤྱི་ལོ ༡༨༨༡ ལོ་སྐུ་འཁྲུངས་པ་རེད་འདུག ཁོང་གིས་རིག་གནས་མང་དུ་བསླབ་པའི་ནང་ནས་ལྷག་པར་དུ་གསོ་བ་རིག་པ་དང་རྩིས་ལ་བྱང་ཆུབ་པ་ཡིན་དུས། རྩིས་དཔོན་གྱི་གོ་གནས་ཤིག་ཀྱང་ཡོད་པ་འདྲ། རང་ལོ་ཉི་ཤུའི་ཐོག་ཆུང་མ་ཞིག་བསུས་ཀྱང་སྟབས་མ་ལེགས་པར་འདས་ཤོར། ཡང་གཅིག་ཁབ་དུ་བཞེས་པས་དེ་ལ་བུ་ལྷ་ཀླུ་སོགས་ཡོད་འདུག ལུང་ཤར་བ་སྤྱང་གྲུང་འཛོམས་པ་ཞིག་ཡིན་དུས། སྤྱི་ལོ ༡༩༡༣ ལོར་སྐུ་དྲག་གི་མི་བུ་ཁ་ཤས་འདེམས་སྒྲུག་བྱས་ནས་དབྱིན་ཡུལ་དུ་མངག་པས། འགོ་གཙོ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་བསྐོས་པ་རེད། དེ་དུས་དབྱིད་སྐད་ལེགས་པར་མཁྱེན་པས། ཕྱི་ཡི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་རིག་གནས། དམག་དོན་དང་ཆབ་སྲིད་ཀྱི་ཡར་རྒྱས་བཅས་རྒྱུས་ལོན་བྱས་མཐར་བོད་དུ་ཕྱིར་ལོག་པ་རེད། བོད་ནས་ཁོང་ལ་གཟིགས་སྐྱོང་ཆེན་པོ་གནང་ཅིང་། དེ་དུས་དམག་ཕོག་འདང་གི་མེད་སྟབས། འབྲུ་རིགས་འཕར་མ་བསྡུ་བའི་འཆར་གཞི་བཟོས་ནས་འབབ་ཞིབ་ལས་ཁུངས་ཞེས་པ་གསར་བཙུགས་གནང་བ་རེད། སྟབས་མ་ལེགས་པར རྒྱལ་དབང ༡༣ པ་སྐུ་གཤེགས་རྗེས་ཁོང་ལ་རྒྱབ་གཏོད་ས་མེད་པ་ལྟ་བུ་གྱུར། ལྷག་པར་དེ་དུས་འབྲུ་རིགས་སྐོར་ལ་སྐུ་དྲག་རྣམས་ཀྱིས་རྙོག་དྲ་ལང་བཞིན་པའི་སྒང་ལ་འཁེལ་ནས་ལུང་ཤར་ལ་ཆག་སྒོ་ལྷུང་བའི་འགོ་བརྩམས་པ་རེད། ཨིང་ལེན་སོགས་རྒྱལ་ཁབ་གཞན་ལ་ཕེབས་པའི་ཤུགས་རྐྱེན་གྱིས་ས་གནས་འདིའི་ལམ་ལུགས་ལ་འགྱུར་བ་གཏོང་རྒྱུ་བསམ་བློ་སྐྱེས་ནས་སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་ཚོགས་པ་འཛུག་གནང་བ་རེད། བཙོན་ནས་བླང་བའི་མགུར་ནང་དུའང་། སྐྱིད་ཕྱོགས་ཀུན་མཐུན་བྱ་བ་འགའ་རྩོམ་ཚེ། ཞེས་གསུངས་པ་ཡང་འདི་ལ་དགོངས་པ་རེད། སྟབས་མ་ལེགས་པ་ཞིག་ལ་ཁོང་གིས་གྲོགས་པོ་ཀ་ཤོད་ཆོས་རྒྱལ་ཉི་མས་གྲོས་གཞི་ཚང་མ་ཤེས་པ་ཡིན་དུས། བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་སར་ཕྱིན་ནས་ལུང་ཤར་གྱི་གནས་ཚུལ་རྣམས་ཞུས་ཁར་བཀའ་བློན་གསོད་རྩིས་འདུག་ཅེས་ཤོབ་བཤད་པ་རེད་འདུག དེ་ནས་བཀའ་བློན་གྱིས་རྭ་སྒྲེང་ལ་ལུང་ཤར་འཛིན་བཟུང་བྱེད་དགོས་པའི་རེ་ཞུས་ཐོག་འཛིན་བཟུང་བྱས་ཏེ། རྩེ་ཤར་ཆེན་ལྕོག་དུ་བཙོན་འཇུག་བྱས། ཞིབ་འབྲི་སྐབས་བཀའ་བློན་གསོད་རྩིས་མེད་ལུགས་སོགས་བརྗོད་ཀྱང་ཕན་པར་མ་བྱུང་བར་མཇུག་དུ་ཁོང་གིས་ད་ཁྱོད་ཚོས་ཅི་བྲིས་ཀྱང་ལན་མི་འདེབས་ཞེས་བསྡད་པ་རེད་འདུག ཞིབ་དཔྱོད་པས་ཉེས་ཆད་དུ་མིག་འབྲས་གཉིས་ཀ་འདོན་རྒྱུ་བྱས་ཏེ། སྲིད་བློན་གླང་མདུན་གྱིས་ལུང་ཤར་གྱིས་ནང་གྲོས་དེ་རུ་སུ་དམར་པོའི་ལུགས་བྱས་པ་ཡིན་སྟབས་མིག་གཉིས་བཏོན་ནས་ཚེ་བཙོན་བྱ་རྒྱུར་ལག་རྟགས་བཀོད་དེ་ཐག་བཅད་པ་རེད། དེ་ལས་གཞན་ཁོང་གི་བུ་གཉིས་ཀྱི་ལག་པ་གཅོད་རྒྱུ་བྱས་མོད་ཕ་བོང་ཁ་སོགས་ཀྱིས་ཞུ་གཏུགས་བྱས་ནས་གཅོད་མ་དགོས་པ་རེད། འོན་ཀྱང་ཉེས་ཆད་གཞན་ཞིག་ནི་བུ་གཉིས་རྒྱང་ཕུད་དུ་བཏང་ནས་ལུང་ཤར་མི་རྒྱུད་ཀྱིས་དཔོན་ས་འཛིན་མི་ཆོག་པའི་བཀའ་བསྒྲགས་པ་རེད། སྐབས་དེར་ལུང་ཤར་བ་བཙོན་དུ་བཞུགས་ཤིང་ཁོང་གི་སྡོད་ས་དེར་སྡིག་པ་ར་ཙ་མང་པོ་ཡོད་རབས་བཤད། ཅང་མ་འགོར་བར་མིག་གཉིས་བཏོན་འདུག་ཅིང༌། མིག་འདོན་སྐབས་གླང་ཆེན་སྨྱོན་པ་ཞེས་པའི་སྨན་ཞིག་བྱིན་པ་དང༌། དེ་ནས་ཡ་ཁུང་གཡས་གཡོན་དུ་གཡག་གི་ཨ་ཆུག་རེ་རེ་བཞག་སྟེ་བསྡམས་ནས་བཙིར་ཐོག་མིག་འབྲས་གཉིས་ཕྱིར་ཐོན་གྲབས་བྱེད་དུས་གྲི་བརྒྱབས་ནས་བཀོག་པ་རེད་ཅེས་ཟེར། བཙོན་ནས་བླང་པའི་མགུར་ནང་དུའང་། བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད། །ཅེས་དང་། ཆུ་ཝུར་མིག་གཉིས་ས་ལ་དབྱུངས་ན་ཡང་། །ཡེ་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི། ཞེས་སོགས་བྲིས་པ་རེད་འདུག མདོར་ན་ཁོང་ནི་མི་ཤེས་ཡོན་ཅན་དང་། མི་འཇོན་ཐང་ཅན། མི་སྤྱང་གྲུང་འཛོམས་པ་ཞིག་ཡིན་པ་དང་ཁོང་མེད་པར་བཟོ་མཁན་ནི་ང་ཚོ་བོད་རེད། ཁོང་ལ་གདུག་རྩུབ་ཀྱི་མནར་གཅོད་དྲག་པོ་གཏོང་མཁན་དང་ཚེ་སྲོག་དང་དབུགས་ཀྱི་རྒྱུ་བ་གཅོག་མཁན་ཡང་ང་ཚོ་བོད་རེད། 

ཕ་ཡུལ་གྱི་འབྲོག་སྡེ།

ཁོ་ཚོ་ཡིས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་
ཧ་ཅིང་ཐབས་ཆགས་ཀྱི་འཚོ་བ་རོལ་ཏེ
རི་བོ་དང་ལུང་ཆུ་བཞུར་བའི་སྤངས་ལྗོངས་དེ་ནས་
སུ་ཞིག་གི་རྣམ་ཤེས་ལ་སྒུག་པ་ལྟར་
ཉིན་ནས་ཉིན་དང་ལོ་ནས་ལོ་
ཐ་ན་རང་ཉིད་རྒུད་རག་བར་དུ་
འདི་ནས་ཁ་མི་འབྲལ་བ་ཅི་ཡིན་ནམ་

ཁོ་ཚོའི་ནོར་ནག་གི་འཕེལ་ཁ་ལ་བལྟས་ཏེ་
ཆར་བ་དང་འདམ་རྫུབ་
ཡང་ན་ཁ་བ་དང་གྲང་རླུང་
ལ་མགོ་བོ་མི་སྒུར་བར་
བཙན་ཚུགས་ཀྱིས་འཚོ་དོན་ཅི་ཡིན་ནམ

ཁོ་ཚོའི་རྒྱ་གྲོང་གི་འུར་ཟིང་དང་
མི་ཚོགས་ཀྱི་འདི་འཛོམས་ལས་
ཁ་གྱེས་ཏེ་ཧ་ཅིང་དབེན་པའི་དྭངས་གཙང་གི་གནས་ཤིག་ནས་
རང་ཉིད་དང་རིགས་མི་མཐུན་པའི་སེམས་ཅན་ཞིག་
གྲོགས་སུ་བཀུག་སྟེ་མི་ཚེ་སྐྱེལ་དོན་ཅི་ཡིན

2023.9.22 ཉིན་ སྡེར་ནང་འཇུ་ནག་ནས།


发布     👍 0 举报 写留言 🖊   
✋热门推荐
  • 写给我的主播的一段话,同时也提醒自己做“最重要的事儿”低头赶路,抬头问天等待生活给我们的惊喜,也好好体会这一路的每一个瞬间的感受岸力米特,我人生中第一家属于我自
  • 又到了姨妈前的综合症两天泪腺大崩塌哭了四回 七宝昨天晚上睡前就在安慰我 安慰到眼睛都在打架 中午坐在地板上穿着袜子突然就好委屈好难过是控制不住的情绪 又帮我擦了
  • 海斗の父・天堂智信(光石研)の殺害事件がマスコミを騒がせ、多くの支援者からの融資が取り下げられた。食事が終わり、意気投合した宇佐美と紗耶は、宇佐美の行きつけのバ
  • 先帝在时,每与臣论此事,未尝不叹息痛恨于桓、灵也。愚以为宫中之事,事无大小,悉以咨之,然后施行,必能裨补阙漏,有所广益。
  • 关于无创胎儿亲子鉴定价格:是否加急、样本数量以及难易程度等因素都会最终影响亲子鉴定的最终价格,正规的机构工作人员会根据实际的情况进行收费。关于个人隐私亲子鉴定价
  • #碎碎念 减肥的故事三个多月,从最高81.8KG,到最低76.2KG体重重新回到了30岁的水平在这期间,甚至已经忘了减肥这件事跑跑步,走走路,节节碳水化合物偶尔
  • 昨晚睡前关闭了9:30的闹钟,却忘了关闭9:38的闹钟早上被闹钟吵醒有那么一秒的无语 然后继续睡到中午当然又是跑不了做梦这件事光怪陆离的梦中天空出现很奇怪的 现
  • 书荒必读‼《百里珊洛元墨》(小说全文阅读无弹窗)关注即可阅读[good][加油]b?4VA>!i ‼书名:《百里珊洛元墨》 ‼主角:百里珊洛元墨 ‼阅读全文请到
  • 瑞士钟表行业除了著名的Swatch在正面战场上为瑞士表夺回一席之地外,1989年百达翡丽的150周年庆典上推出的几款复杂机械表也敏锐地捕捉到了消费者对石英表“审
  • 现在,使用转基因微生物可以在体外产生大量的凝乳酶,避免小牛的无辜死亡,减少4.转基因特殊食品。转基因技术的大特点是,它可以控制生物体中不同特征的表达,打破物种边
  • 亲子鉴定详细流程1.选择亲子鉴定机构:可以在网上选择一家正规靠谱的亲子鉴定机构,查询相关费用、服务和质量保证等信息2.预约:根据自己的时间和具体要求,和鉴定机构
  • 在合水县肖咀镇梅家寨子村,为解决村里留守老人“吃饭难”的问题,新乡贤们在村两委的牵头下纷纷慷慨解囊,建立起由专业团队运营的互助老人餐厅,去年投入使用。”段家集乡
  • 人生就是一个缓慢受锤的过程..... 话不可说尽,情不可用尽;凡事用太尽,势必缘会尽 人生在世,知道自己需要什么,只不过是一个人的本能;而懂得自己不需要什么,
  • #任嘉伦[超话]#5[心]☆✿✿☆[心]✿你是一树一树的花开 ,是落入凡间的天使,你是爱,是暖,是希望 ,是名副其实的人间四月天啊❤️爱你如一[心] ☆@任嘉
  • 但是人们不知道这一首诗是杜牧为实行不清明的人治,“欲”壑难填的人和集体指明路的自况嵌名诗,七绝飞龙之作。第三句的意思:“借”用人(亻)治不继承‘昔’日原始大同、
  • 仔细斟酌后,此作曲高和寡,普适性极差,硬核推理难度大,又冠以情感本之名,很多情感本玩家踏入,导致体验缺失。若再考慮韓國高麗仁宗王陵(1146) 的出土例,可類推
  • 暴瘦到85斤6月 回学校拿了毕业证 和室友打麻将到半夜两点7月 怀疑自己 怀疑人生 几乎每天都在哭 每天早上醒来整张脸都是肿的8月 时常在天台发呆 天台成为我最
  • 临近6点闭馆,全馆就我一个人在参观,为了节能有的展柜要走近才亮灯,黑压压的吓死个人了。瓷器展没好好逛,策展还多好的,匆匆拍了两张喜欢的。
  • ロープウェイに乗って北海道・旭岳思わず美しい景色や緑たちの中✨お散歩気持ちよかったーことしは沢山旅をしている。誰でもない誰かで、ちっぽけ、こわがってしまうしすて
  • #文星伊[超话]# #文星伊solo世巡演唱会# [饭拍预览]240508 世巡大阪场 辛苦了文酱[抱一抱][抱一抱][抱一抱] Cr. YUKLY