༧རྗེ་དགུང་ལོ་སོ་བརྒྱད་པར་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད་ཅིང་ཐུགས་དམ་སྨོན་ལམ་གང་འགྲུས་མཛད་པའི་དེ་དུས་ཀྱི་བྱམས་པའི་སྐུ་བརྙན་མཐོང་བ་ཀུན་གྲོལ་དང་བྱང་ཆུབ་སེམས་རྡོ།

近朱者赤,
近墨者黑。

རང་ཉིད་ནི་རང་གི་མགོན་ཡིན།

{བཀྲ་ཤིས}

མི་ཚེ་ལམ་བུ་གང་དུ་སྐྱོད་ན།
ལམ་སྟོན་གྱི་སྒྲོན་མེ་ནི།
མཁས་པ་་ལ་བསྟེན་དགོས།
ལམ་བུ་ལ་ཞུགས་ཚར་དུས།
ལམ་བཟང་པོ་བགྲོད་པ་ནི།
རང་ཉིད་ཀྱི་བརྩོན་སེམས་དང་།
རང་རྟོགས་ཀྱི་ཤེས་རབ་ལ་རྟེན་པ་གལ་ཆེ།

མི་ཚེ་ལམ་བུ་ཉུལ་བར།
གློ་བུར་དུ་སྔ་སོང་བ་ཡིན་ན།
ཕྱི་འདང་རྒྱག་པ་ན།
དོན་སྙིང་མེད་པར་རྟོགས་ན།
མི་ཚེའི་མདུན་ལམ་ལ་མྱུར་དུ།
བཅོས་སྒྱུར་ཞིག་བྱས་ཏེ།
ནོར་བར་ཡོ་བསྲང་གནང་སྟེ།
དཀའ་ངལ་རྡོག་པས་བརྫིས་ནས།
སྤོབས་སེམས་ཆེན་པོ་མདུན་དུ་སྐྱོད་དགོས།

མི་ཚེ་མདུན་ལམ་ཡག་པོ་ཞིག་ལ།
རང་ཉིད་སྐྱོད་པར་འདོད་ན།
མཁས་པ་ཞིག་གིས་ལམ་སྣ་སྟོན་དགོས།
གང་ཟག་གང་འདྲ་ཞིག་ལ།
མཁས་པ་ཟེར་བ་ཡིན་ནམ་ཞེ་ན།
ཁྱེད་ཀྱི་བྱ་བཞག་གང་ཞིག་བརྩམ་ནའང།
རོགས་རམ་བྱེད་ནུས་མཁན་གྱི་མཁས་པ་ལ་ཟེར།

མི་ཟེར་བ་ནི།
གང་ཟག་ཅི་ལྟ་བུ་ཞིག་ལ་འདྲིས་ན།


དེ་འདྲ་ཞིག་གི་ལམ་དུ་འགྲོ་ངེས།
གང་ཞིག་གསེར་གྱི་རི་བྱ་གནས་ན།
དེ་ཡི་འདབ་ཆགས་ཐམས་བྱ་རུ་འགྱུར།
གང་ཞིག་དུག་གི་རི་ལ་བྱ་གནས་ན།
དེ་ཡི་འདབ་ཆགས་ཐམས་ཅད་དུག་ཏུ་འགྱུར།
ཟེར་བའི་གནའ་མི་ཁ་རྒྱུན་བཞིན་དུ།

དབུལ་པོ་ཞིག་དང་འདྲིས་ན།
ཁྱེད་ལ་ཟས་གོས་ལ་གྲོན་ཆུང་དང་།
སློང་མོ་ཇི་ལྟར་བྱ་བ་ཁོ་ནར་བསླབ་ཤེས།
ཤོ་བ་ཞིག་ལ་འདྲིས་པར་བྱས་ན།
ཁྱེད་ལ་དུས་རྒྱུན་དུ་ཤོ་རྩེད་རྩེ་བར་དང་།
རྒྱན་འཇོག་ཁོ་ན་ལ་སྐུལ་མར་གཏོང་ཤེས།
ཆང་རྐྱལ་ཞིག་ལ་འདྲིས་ན།
ཁྱེད་ལ་ཆང་འདྲེན་པ་དང་།
ཆང་གི་ཡོན་ཏན་ཁོ་ན་བརྗོད་ཅིང་།
ཆང་འཐུང་བར་ཁོ་ནར་སྐུལ་མ་གཏོང་ཤེས།
ཆོས་པ་ཞིག་ལ་འདྲིས་ན།
དལ་འབྱོར་དོན་ཡོད་ལ་སྐུལ་སྟེ།
མི་ཚེ་སྙིང་པོ་ལ་འབད་ངེས།།

བྱ་བ་ལ་གྲུབ་འབྲས་ཐོབ་མཁན་གྱིས་མིས།
ཁྱེད་ལ་ཇི་ལྟར་གྲུབ་འབྲས་ཐོབ་ཚུལ་དང་།
མི་ཚེའི་ཆེས་གལ་ཆེ་བའི་ལས་དབང་དང་།
ཁྱེད་རང་གི་ཕུགས་བསམ་ལ་མཛུབ་སྟོོན་བྱས་ཏེ།
འོད་སྟོང་ལྡན་པའི་མདུན་ལམ་ཉིད།
ཇི་ལྟར་བགྲོད་ཚུལ་སྟོན་མཁན་དེ་ཡིན་སྲིད།

དོན་ངོ་མ་མི་རྣམས་ཀྱིས།
འཕེལ་རྒྱས་ལ་ཚོད་འཛིན་བྱས་ཡོད།
བློ་རིག་གི་ཡོན་ཚད་ནི་མ་རེད།
ཁྱེད་རང་གནས་སའི་འཚོ་བའི་ཁོར་ཡུག་དང་།
ལས་ཀའི་ཁོར་ཡུག་རེད།
མཁས་པ་ཞེས་བྱ་བ་ནི།
ཁྱེད་ལ་སྔ་མ་ཤེས་པ་མང་པོ་ཞིག
མཐོང་རྒྱ་སྐྱེད་པ་བྱེད་པར་ཡིན་ལ།
ཁྱེད་རང་འཇིག་རྟེན་གསར་པ་ཞིག་ལ།
ལམ་སྣ་ཁྲིད་མཁན་དེ་ཡིན་སྲིད།

མི་སུ་ཞིག་གིས་ཀྱང་།
ཁྱེད་རང་ཉིད་ཀྱི་མི་ཚེའི་ཚབ་བྱེད་མི་ནུས།
ལམ་བཟང་ངན་ཇི་ལྟ་བུ་ཞིག་ཏུ་སྐྱོད་པར།
མཐར་ཁྱེད་རང་ཉིད་ཁོ་ནར་ལ་བརྟེན་དགོས།
མི་ཚེ་ཡི་བཟང་ངན་གྱི་ལམ་བུ་ལ།
ཇི་ལྟར་སྐྱོད་དགོས་པ་རང་ཉིད་ལ་གདམ་ཀ་ཡོད།

ཡིད་དུ་འོང་བའི་བསམ་པ་ཞིག་གིས།
འཇིག་རྟེན་གྱི་མཛེས་ལྗོངས་བལྟས་ན།
སེམས་པ་སྤྲོ་སྣང་སྐྱེད་ཅིང་།
ཕྲན་ཚེགས་ཀྱི་འཚོ་བ་ལ།
ང་ཚོའི་འཚར་ལོངས་ཀྱི་བྱིན་པའི་ཉམས་མྱོང་ལ།
བཀའ་དྲིན་ཞུ་བ་དང་།
གུ་ཡངས་ཀྱི་སེམས་པ་ཞིག་གིས།
གཞན་གྱིས་ང་ཚོར་འཚེ་བ་བྱས་ནའང་།
བཟོད་སྒོམ་བྱེད་ནུས་པ་ཡིན་ལ།
བཏང་སྙོམས་ཀྱི་སེམས་པ་བཀོལ་ཏེ།།
མི་ཚེ་ཡི་ཐོབ་ཤོར་གྱི་གྲུབ་འབྲས་ལ་ལྟོས་ཤིག

ཁྱེད་ཀྱིས་ཐོབ་ཤོར་ལ་སླ་མོ་ཞིག་བྱས་ན།
ཁེ་ཕམ་གྱི་དུས་སུ་དོན་མེད་ཅིང་།
རླུང་ཕྱོགས་དང་མཐུན་པར།
ཆུ་བོ་གྱེན་དུ་ལྡོག་པ་བཞིན།
རྐྱེན་ངན་གྲོགས་སུ་ཤར་བ་ངེས།

མི་ཚེ་ཆེས་རིན་ཐང་ལྡན་པ་ནི།
རྒྱུན་ལྡན་གྱི་སེམས་ཤིག་ཡོད་ན།
རྙོག་ཟིང་ལས་རིང་དུ་གྱེས་ཏེ།
ལྷིང་འཇགས་ནི་ཆུ་བོ་དང་འདྲ་ཞིང་།
ཁྲ་ཁྲ་འཇིག་རྟེན་ལ་མ་འཁྲུལ་བ།
མི་ཚེ་བདེ་སྐྱིད་ཀྱི་བྲོ་བ་མྱོང་སྟེ།
མི་ཚེ་འཁྱོལ་ན་ཤིན་ཏུ་ལེགས།

དུས་ཚོད་མང་པོ་ཞིག་ལ།
ངལ་དུལ་གྱིས་མནར་ན་ཡང་།
གོམ་མཚམས་སྣང་མེད་དུ་འཇོག་མི་རུང་།
དེས་ན་ང་ཚོ་བསྐྱུར་བཞག་པ་ནི།
ད་ལྟ་ཁོ་ནའི་ལས་ཀའི་གོ་སྐབས་མ་ཡིན་པ།
དེ་ལས་མང་བའི་འགན་འཁྲི་ཡོད་རེད།
རེ་སྙེག་དང་མདུན་ལམ་ལ།
བརྩི་བཀུར་དང་། སྐུལ་མ་གཏོང་དགོས།

༢༠༢༣/༩/༢༣ཉིན་སྔོན་གྱི་རྩོམ་རྙིང་བཟོ་བཅོས་ཕྲན་བུ་བྱས་ནས་སླར་ཡང་ཕུལ།།

ས་སྲོད་ཀྱི་དྲན་པ།

ཞེད་སྣང་དང་ཁེར་རྐྱང་གིས་གཙེས་པའི་བས་མཐའ་ཞིག་དུ་བདག་གི་སྙིང་ཉེ་བའི་ཁྱོད་རང་ཁེར་རྐྱང་དང་སུན་སྣང་གིས་གདུང་གིན་ཨེ་ཡོད་སྙམ་ན་བདག་གི་ནང་སེམས་འདི་ཡང་འཁྱག་པའི་བརླན་བྱུང་ལ་དེ་ནི་འུ་གཉིས་ཁ་ཁར་གྱེས་པའི་དྲན་གདུང་གི་ན་ཟུག་ཨེ་ཡིན་སྙིང་ལགས་སྐྱོ་སྐྱོ་མ་གནང་དང་བརྩེ་དུངས་ཞེས་པའི་ཐ་སྙད་དྲོན་པོ་དེ་གཉིས་ཀྱང་འུ་གཉིས་ཀྱི་ནང་སེམས་སུ་དྭངས་གཙང་གིས་སྦས་ཡོད་ད་དུང་ཁྲེལ་གཞུང་ཞེས་པའི་ཐ་སྙད་རྩ་ཆེན་དེ་གཉིས་ཀྱང་ཁྱོད་དང་འུ་གཉིས་ཁོ་ནར་དབང་སྤྱིར་འཁོར་བའི་ལས་ཚག་དང་འཚོ་བའི་དཀའ་ཁག་སོགས་ཀྱིས་ཅུང་ཙམ་དཀའ་སྣང་དང་སུན་སྣང་ཡོད་ནའང་དམར་ཆུང་གི་སེམས་པ་ཆ་གཅིག་ཕན་ཚུན་འདྲིས་ནས་སྐྱིད་སྡུག་གི་རི་མོ་མཉམ་དུ་གཤིབ་པའི་ཚུགས་ཀ་དེ་ནི་སྙིང་དུ་སྡུག་པ་དང་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་འབྲོག་པའི་རྩྭ་ཐང་དུ་རྟ་ནོར་ལུག་གསུམ་ལ་བརྟེན་ནས་ཆེས་སྤྱིར་བཏང་གི་འཚོ་བ་རོལ་བའི་འུ་གཉིས་ཀ་གྲོང་ཁྱེར་གྱི་འུར་ཟིང་དང་མི་ཚོགས་ཀྱི་འདུ་འགོད་མཐའ་དག་ལས་གྱེས་ཏེ་ལྷང་འཇགས་དང་རང་དབང་གིས་ཕྱུག་པའི་ཕ་ཡུལ་གྱི་རྩྭ་ཐང་ཆུང་ངུ་དེ་རུ་ཁྱིམ་གཞིས་འཛིན་ཞིང་སོ་སོ་སེམས་ཀྱི་འཚོས་ཏེ་མི་ཚེ་བསྐྱལ་བ་ནི་ཅི་འདྲའི་འཆར་ཡན་ལྡན་པ་དང་སྙན་ངག་ཞིག་ཀྱང་རེད་ཨང་དེ་ནི་ངའི་ཕུགས་བསམ་ཀྱང་ཡིན་ཡིན་ནའང་ང་རང་གི་ཕུགས་བསམ་ནི་ད་ལྟ་ཁྱོད་ཚོས་སྒོ་སམ་དང་ཅོག་ཙེ་ཤོག་ལྷེའི་ངོས་སུ་བྱུང་རྒྱལ་དུ་བྲིས་པའི་ཕུགས་བསམ་དང་གཏན་ནས་མི་འདྲ་ཞོགས་པར་ཉི་རྩེ་དང་ལྷན་དུ་ཅང་ཤེས་རྟ་ཕོའི་བང་རྩལ་ངོམ་བཞིན་རི་ལ་འགྲོ་ཞིང་སྲོད་དུ་སྐར་འོད་ཆེམ་པའི་ཟླ་འོད་དང་ལྷན་ཅིག་ནོར་ལུག་གི་འཕེལ་ཁ་རྩི་བཞིིིན་ཁྱིམ་དུ་ལོག་བདག་གི་དྲན་འཛིན་གྱི་མཁའ་དབྱིངས་སུ་སྐར་འོད་བཞིན་ལམ་ལམ་འཚེར་ཞིང་བརྩེ་དུང་གི་མཚོ་ངོས་སུ་རྦ་རླབས་བཞིན་ཆལ་ཆིལ་དུ་གཡོས་འོང་བ་ནི་ཡངས་པའི་སྤང་ཐང་ན་གཡང་དཀར་ཁྱུ་ཚོགས་དང་ལྷན་དུ་འཚོ་བའི་གཡོ་ཟོལ་དང་ནག་ནོག་གི་དྲི་མའི་མ་གོས་པའི་རྫི་མོ་འཛུམ་བག་ཅན་དེ་རེད།

                   2023/8/23ཉིན་སྙིང་ལགས་ལ་ཀེར་ནས། 


发布     👍 0 举报 写留言 🖊   
✋热门推荐
  • 如果起诉离婚需要调查取证,相关部门会帮忙吗? 大家不要太天真,取证困难是很多人起诉离婚时候遇到的老大难问题。自己取不到证,相关部门也不会帮你去取证。 这个时
  • 2022年A股市场具备翻倍潜力,现在股价在5元附近的7只优质龙头股,建议收藏. 1,紫鑫药业icon(002118)热点题材中药,主营业务,公司在中成药方面已发
  • 加纳乔无缘阿根廷队的世界杯名单,其实也完全可以理解,毕竟他只在顶级联赛出场5次,在如此大型的国际比赛,主帅更青睐自己熟悉的球员,是惯常操作。加纳乔10月底才首次
  • )想演戏就直说,想拿爱豆身份当跳板也不是什么难以启齿的事,边好好唱跳边好好演戏的也大有人在……一边说着自己热爱舞台,一边从来不营业舞蹈也不努力给自己新歌打歌宣传
  • 所以,很多人将酒的出现,看作是天公的造化,而非人类发明。譬如朝露,去日苦多。
  • 】①情绪稳定是最无声的炫富,情绪稳定的女孩子意味着从小到大在稳定的环境中长大,且不受外界的侵扰,专注于自我的提升,这种女孩无论是搞事业还是嫁人都会过的特别好②女
  • 11月22日,市场监管总局公告,起草《中华人民共和国反不正当竞争法(修订草案征求意见稿)》新增不正当竞争行为的类型,“二选一”、“大数据杀熟”和屏蔽外链等行为将
  • 古代的圣贤也都告诉了,过多的欲望是一切痛苦的来源,一个人如果把自己的快乐建立在欲望的满足上,那么一旦欲望得不到满足,快乐也就荡然无存。 古代的圣贤也都告诉了,
  • 很努力很努力也想不出来了,甚至如果自己突然死去,我竟完全没有任何遗憾了……唉,举起手机拍照算是我为数不多的觉得自己还“活着”的瞬间啦[可爱]许三观卖血记✅余华的
  • 人类的意识进化是所有人必经的过程,也是每一个生命体创造奇迹的旅程,带着你的爱,让爱飞翔,让光芒四射。感觉最近疫情下囤货尤为必要买的水没送到只好出去买瓶矿泉水顺便
  • 爱是这个你,毁是那个女,毁的懒提及,爱的来总结:及妍调皮女,素色衣裤山地靴,烂漫花海蹦跳去,意跃腾空手若翅:长发绷张声清扬,惊起鸟儿蜂蝶慌!文静思春妞,柔衫汉服
  • 所谓格局,就是一个人读进肚子的书,说出来的话,走过的路,是人生在这个人身上,留下的眼界、胸襟、胆识等思想要素。”十年后,第一个人,处处斤斤计较,仍在砌墙。
  • 我們香港的何賭王就是人版✌️說到這裡,還只是營養餐概念,下面就介紹活力來自哪裡?一口把蛋黃吸進嘴裡[加油][耶][耶]祝大家都有個活力的週末[玫瑰][玫瑰][玫
  • 尽管林心如此次高喊自身总算会做饭了,实际上以前她就曾多次秀出烹饪技术,只不过是那时候她并并不是做爽口的饭食,只是做好看又美味可口的小点心。再加上此次又学会了做各
  • 北京青年报记者从区回天专班了解到,作为回天行动计划重点项目之一的昌平区育新科星路小学,已于今年9月正式投入使用,学校规划24班小学,可提供小学学位960个,将缓
  • 想,先取相,见闻觉知以后,我们脑筋里面先有一个影子,然后随着这个影子再想,它就会变成一种念头,这念头就推动我们的行为去造作,去做,所以就随着妄念在走,随着妄想在
  • #DGS257 ②关于这个节目的理想介绍了关于DGS響最终回的感想后说到了最后几页小野:那也算得上是一个梦想呢神谷:是呢,我们也一直那样…像響的那两个人那样,
  • ”在“状留篇”中,王充对运动的快慢进行了论述:“是故湍濑之流,沙石转而大石不移。得益于《论衡》“是应篇”的记载与描述,我们今天才知道“司南”的具体模样:“司南之
  • 【¥19.9 】原价29.9元,券后价【19.9元】 [绿丝带]#我的心动好物# 四川丑橘不知火5kg装丑八怪柑橘桔子新鲜水果整箱5斤10斤 丑橘4.5-5
  •   冬季出生属鼠人虽有雄才大略,却总是怀才不遇,受到来自各方面的困扰与压力,难以实现自己的抱负。上升在狮子也说明成年之前,是一个被家庭看重的孩子,母亲虽是个大而