༄༅།།ཚོར་བའི་རླབས་རིས།

བཀོད་མཛེས་ཡིད་འོང་མདོ་རྒྱུད་ལེགས་བཤད་ཀྱི་ཁང་པའི།།
ངེས་ལེགས་ལོངས་སྤྱོད་རྫོགས་པའི་ནང་བཀོད་དེ་ཡག་ཀྱང་།།
མཚན་ལྡན་བླ་མའི་མན་ངག་ལྡེ་མིག་དེ་མེད་ན།།
ཤེས་རབ་ཨུ་ཚུགས་ཅན་དེ་ཐར་རབས་ནི་མི་འདུག།

བྱིན་རླབས་བདུད་རྩིའི་གདམས་ངག་སྙིང་དབུས་སུ་འཁྱིལ་བའི།།
ངེས་དོན་བུམ་པ་བཟང་པོའི་བཤེས་གཉེན་ཞིག་མེད་ན།།
ཚུལ་མིན་ལས་ཀྱིས་བསྐྱེད་པའི་ཐོག་མེད་ཀྱི་གཅོང་ནད།།
ཐ་མལ་ཆུ་རྒོད་ཙམ་གྱིས་དག་ཐབས་ནི་མི་འདུག།།

སྔོན་བསགས་རྣམ་དཀར་ལས་འབྲས་བསོད་ནམས་ཀྱི་ཞིང་སར།།
བརྟན་མཁས་བཤེས་གཉེན་ཨུ་དམ་ཝ་ར་ཞིག་འཁྲུངས་ཏེ།།
བྱམས་བརྩེའི་འདབ་མ་རིས་མེད་འགྲོ་བ་ལ་བརྐྱངས་ན།།
མ་འདྲིས་མཛའ་བཤེས་སྟོན་མཆོག་ཁྱེད་ཉིད་ལས་མི་འདུག།

གུ་ཡངས་བློ་བདེ་ཨ་ཏིའི་མཁའ་དབྱིངས་སུ་འབྱམས་ཤིང་།།
བསྒོམ་མེད་འོད་གསལ་འཁོར་ལོའི་སྲོག་གནད་དེ་ཆུབ་པའི།།
རྒྱལ་སྲས་ས་འཛིན་སྤྱོད་པའི་མཛད་པ་ལ་བསམས་ན།།
ཆོས་སྐུ་ཀུན་བཟང་ཟེར་བ་ཁྱེད་ཉིད་ལས་མི་འདུག།

དུག་ལྔའི་རྟོག་པའི་འཚང་ཁ་བར་མེད་དུ་རྒྱག་ཅིང་།།
བག་མེད་ཆང་གིས་སྨྱོས་པའི་ར་རོ་ཡི་བུ་ལ།།
ཞལ་གསུང་ལྷ་ཆབ་གཙང་མའི་ཞལ་ཏ་ལ་བསམས་ན།།
ཕ་གཅིག་བླ་མ་ཟེར་བའི་ངེས་ཤེས་ཏེ་རྙེད་ཡོང་།།

ཁྱེད་སྐུ་དཔག་བསམ་ལྗོན་པའི་བསིལ་གྲིབ་ལ་བཅར་ན།།
ངེས་འབྱུང་རླུང་བུ་འཇམ་པོའི་རེག་བྱ་དེ་མྱོང་ལ།།
ཉོན་མོངས་ཚ་གདུང་སེལ་བའི་ནུས་པ་ལ་བསམས་ན།།
སྙིང་རྗེའི་བྱིན་རླབས་གོས་ཀྱི་དྲོད་ཁོལ་དེ་ཚོར་ཡོང་།།

གུས་ལྡན་དོན་གཉེར་སློབ་བུ་སྦྲང་ཆུང་གི་ཚོགས་ལ།།
ཉིན་མཚན་མི་དལ་ཆོས་ཕུང་བརྒྱད་ཁྲི་ཡི་སྙིང་བཅུད།།
མདོ་སྔགས་ཟེ་འབྲུ་གསར་བའི་དགའ་སྟོན་ལ་བསམས་ན།།
ས་སྟེང་བླ་མས་གང་ཡང་ཁྱེད་ལྷག་ཅིག་མི་འདུག།

ཆོས་བརྒྱད་འབྲུག་སྒྲ་རྒོད་པའི་སྙིགས་མ་ཡི་དུས་འདིར།།
ཆོས་མིན་གཟིག་ལྤགས་གྱོན་པ་ཤ་མོ་བཞིན་རྡོལ་ཡང་།།
ཆོས་མཐུན་སྐྱེ་བུའི་མ་བཅོས་ལྷད་མེད་ཀྱི་རང་བཞིན།།
ཆོས་ཚུགས་གསེར་གྱི་གར་བུའི་རང་མདངས་ནི་ལྷམ་མེ།།

རྩོད་ལྡན་ཡང་མཐར་སྐྱེས་པའི་ལས་དམན་གྱི་ཁྱུ་ཚོགས།།
སྔོན་བྱོན་རྒྱལ་བས་མ་ཐུལ་ལྷག་མ་རུ་ལུས་ཀྱང་།།
ཐུགས་བསྐྱེད་གོ་ཆ་བཙན་པོའི་སྨོན་ལམ་ལ་བསམས་ན།།
ཐུགས་རྗེ་གཞན་ལས་མྱུར་བའི་ཨོ་རྒྱན་དང་མཚུངས་བྱུང་།།

ཅོལ་ཆུང་གཡམ་རྒྱུག་མཁས་པའི་ཅལ་འདྲོགས་ཀྱི་སྐྱེ་བོར།།
གཅམ་ཚིག་ངག་གིས་བཀུར་བའི་བླ་མ་ནི་མང་ཡང་།།
ཨུ་ཚུགས་ལྕགས་ལས་བརྡུང་བའི་ཐ་མལ་གྱི་བུ་ལ།།
ལྷ་གཅིག་གསོལ་བ་འདེབས་ས་ཁྱེད་ཉིད་ལས་མི་འདུག།


༨༽འགྲོ་མིའི་རྐང་ལམ་དུ་འཐོར་བའི་སྡོང་ལོ་འདི་དག་ནི། ཉི་འོད་ཀྱིས་གསོན་ཞིང་ཉི་འོད་ཀྱིས་འཆི་བར་ཡང་སྐྱེལ་དགོས་པ་ཞིག་རེད། རྨི་ལམ་ཐུན་གཅིག་གི་རྗེས་སུ་བདག་གི་ཚེ་སྲོག་ཀྱང་རྐང་རྡུལ་ཁྲོད་ཀྱི་སྡོང་ལོ་ནང་བཞིན་ཆེས་མཐའ་མཇུག་གི་གནས་ཏེར་སླེབ་འགྲོ་སྲིད། གལ་ཏེ་ང་ལ་ད་དུང་རྨི་ལམ་མང་པོ་ཞིག་རྨི་བའི་དུས་ཚོད་ཡོད་ན། རྨི་ལམ་དེའི་ཁྲོད་ནས་བདག་གི་ཚེ་སྲོག་འདིའི་མཐའ་མཇུག་གི་གནས་མལ་དེར་ད་ནས་ཁ་ཡིག་ཅིག་འབྲི་བར་འདོད། ད་དུང་འཆི་བདག་གི་ཞགས་པ་དེ་ཡང་མེ་ཏོག་གི་མགུལ་རྒྱན་ཞིག་ཏུ་བསྒྱུར་ན་འདོད། འོན་ཀྱང་མང་པོ་ཞིག་བཤད་ཐུབ་པ་ལས་སྒྲུབ་པ་ཐུབ་པ་ཞིག་ཁྱོན་ནས་མ་རེད། དེ་ནི་བདག་ལ་ད་དུང་ལས་ཉོན་གྱི་ཞྭ་མོ་མཐུག་དྲགས་པས་རེད་ཟེར།#叶西达瓦[超话]#



དབུགས་ཀྱི་རྒྱུ་བ་ལ་བྲེལ་འཚུབ་ཀྱི་རླུང་བུ་འདར་ཞིང་གཡོས།

སེམས་ཀྱི་གསང་སྐུད་ཕྲ་མོའི་སྟེང་དུ་ལྷུང་བའི་བདེ་སྡུག་གི་ཟིལ་བ་ཡོད་ཚད།

འཚོ་བའི་མེ་ལོང་གི་བསྟར་ལ་བརྒྱུས་ཏེ་འཇིག་རྟེན་ལ་འགྲེལ་བཤད་ལོག་པ་བརྒྱབ།

ཟླ་བ་འདིའི་ངལ་དུབ་དག་གིས་མགོ་བོ་བཏུམས་ནས།

ལུས་སེམས་ཀྱི་ཐོན་སྒོ་ལ་སྒོ་ལྕཊ་བརྒྱབ་སྟེ་ཁོ་མོ་དར་ཅིག་ཡུག་ཅིག་ཏུ་སྨྲ་བ་གཅོད་བཞིན།

སྐད་ཅིག་ཉིད་ལ་འཇིག་རྟེན་གྱི་ངོ་བོ་འཚོལ་ལོང་མ་བྱུང་བས།

ང་རང་ད་དུང་ངག་བཅད་ནས་མགོ་བོ་གཏུམ་དགོས།

༢༠༢༤.༣.༢

འོད་མའི་ཟིན་ཐོ། https://t.cn/z8935OW


发布     👍 0 举报 写留言 🖊   
✋热门推荐
  • 他告诉我酒店好像是有可以来接站的服务,让我打电话问一下 结果真的有,我就下车了[心]其实他完全可以为了挣钱不提醒我的~但师傅没这么做真的很暖,今天好幸福呀[抱一
  • (悄悄地说一句:如果有人强行拆拔,门铃是会发出报警提醒同时将实时画面同步到云端的)最后说两个有待改进的地方,首先是门铃主体虽然内置有6500mAh的电池,不用担
  • 面试完后反馈不错,心情也就变好了一些,晚上就在附近逛,当时觉得,哇,新东方的楼好高好漂亮啊,晚上的新东方更美了!跟同事一起第二次去练普拉提了,这次的感觉又不一样
  • #戬杰#[心] #查老板与朱先生的23事# 纯虚构YY朱先生在抓娃娃机前徘徊了许久,终于还是下定决心般掏出了银币。查老板瞧他那样,猛然想起之前两个人抓娃娃,朱先
  • #六公主点评任嘉伦请君原声台词# #演员该不该用原声演戏# 哎呦,看来我们《请君》真的是太火了,路人看粉丝看剧粉看,业内人士也看,谁能不为我们陆炎的颜值倾倒[哇
  • 你需要一个为你鸡蛋里挑骨头的老书迷,也就是小编我,喜欢记得点赞收藏,从此再也不书荒!!今天给大家分享的是:《又被国服大佬带飞了》他爱他的小徒弟,只有夏甜兮本人不
  • 时尚百搭,环保面料,立体包形,属于你的潮流范 找其他巻戳→→ [心][心][心]领巻链→→→ 以下段子请忽略 -----------------------
  • 我在其他地方的新疆餐馆吃到的椒麻鸡都是凉菜,其实在新疆这是一道热菜,做法比大盘鸡简单得多,但味道毫不逊色。然而人虽然走远了,胃却还保留着对故乡的记忆,因此每隔一
  • 我时常会用“有舍才有得”劝诫别人,但是一想到拥有这些(并且没有想象中快乐)的代价是失去对你来说很重要的东西,会不会更心痛呢…[下雨]最能惊艳时光的三大星座,
  • 在嗷姨原博下发的字幕,第三个通话里有一句是“我也是给他们说,让他们不停的给你……”这个“……”部分我仔细听了一下,怎么听都想是个“jie”字,截图的截?部分网友
  • 但你是我最用心爱的人,我不能给你整个世界,但我能把我整个世界都给你,来日方长给你,朝朝夕夕都给你不经一番寒彻骨,怎得梅花扑鼻香把你的脸迎向阳光,那就不会有阴影愿
  • 。。
  • 拾级而下,它是孤独的需要有人陪伴,但孤独的它不信任我,而孤独的我又何尝相信它是安全的?#杨紫[超话]##杨紫长相思正式杀青# 她本是天之骄女,奈何从小颠沛流离,
  • 【世间八法】:利、衰、毁、誉、称、讥、苦、乐。【十善】:一不杀生而行放生,二不偷盗而行施舍,三不邪淫而修梵行,四不妄语而说实言,五不绮语而说质直语,六不两舌而说
  • 连续三个幼儿园退学,已经让我的心里很焦虑了,我和家人聊,孩子是不是确实有问题,老人都说,他什么都懂就是不愿多说话,又不是傻,长大就好了。妈妈和姥姥的方法是:“一
  • #电影感婚纱照# 给爱情一份仪式感这场名为人生的电影本是黑白自从遇见你便成了色彩斑斓的世界-当浪漫与现代的高级感相遇,两人站在【悉苑】之中,电影感瞬间弥漫开来。
  • 陆登夫妇心比嘴诚实 就是说嘴硬是会在CP中间传染的吗?前有陆炎任嘉伦Allen 明明内心已经接受于登登李沁 就是云羲的事实还嘴硬要百般考证,好不容易陆炎开始心口
  • 视频部:短视频编导(珠宝电商方向)岗位要求1、1-3年相关工作经验,广告影视策划编导、策划类相近的专业优先;2、有在珠宝翡翠类,高级定制带货账号工作经验优先;3
  • 放轻松,自然就快乐了 人生最大的痛苦就是我们的心太混乱了,无法平静下来,因此我们想要得到快乐却总是得不到。富相的人不必汲于开创前程,自然会有人来帮忙他开拓,能轻
  • 大多数想在股市上发财的人,都认为股市有一下共同心声因为股票很让人着迷,认为股市会让人一夜暴富。全天最多盯四个小时,双休日节假日,比所有企事业都多,认为进入股市,