མཁྱེན་བརྩེ་དབང་པོས་མཛད་པའི་རྣམ་མགུར།ཅིས་ཀྱང་སྙིང་པོ་མེད་པ་ལ་སོམས

​ཀྱེ་མ།
དྲན་པས་སྙིང་གི་གདུང་བ་ཀུན་སེལ་བའི།།
ཁྱབ་བདག་བླ་མ་ཡེ་ཤེས་ཀྱི་སྐུ་ཅན།།
བཀའ་དྲིན་མཉམ་མེད་ཞབས་སེན་གྱི་ནོར་བུ།།
སྤྱི་བོའི་པདྨར་འབྲལ་མེད་དུ་བཞུགས་ཤིག།

ལེགས་པར་སོམས་དང་བླུན་རྨོངས་ཀྱི་དྲེག་པོ།།
རང་ལ་བལྟས་ན་འཁོལ་མེད་དང་ཐབས་སྡུག།
གཞན་ལ་བལྟས་ན་ཡི་མུག་གི་རང་བཞིན།།
ཅི་ལ་བསམ་ཀྱང་སྙིང་པོ་ནི་མ་མཆིས།།

མང་དུ་ཐོས་ཀྱང་ཚིག་སྐམ་གྱི་གཤར་སྦྱངས།།
འཆད་སྤེལ་བྱས་ཀྱང་དམ་ཉམས་ཀྱི་སྒྲུབ་ཐབས།།
ལྷག་བསམ་བསྐྱེད་ཀྱང་གཡོ་ཟོལ་དུ་མཐོང་བའི།།
དུས་ངན་སྙིགས་མའི་སྤྱི་ལུགས་ལ་གཟིགས་དང་།།

བསམ་པ་དགེ་ཡང་སྟོབས་འབྱོར་གྱིས་དབེན་པས།།
གཞན་ལ་ཕན་པའི་གོ་སྐབས་ནི་མ་མཆིས།།
མི་ཚེ་ཐམས་ཅད་དོན་མེད་ཀྱི་བྱ་བས།།

རང་གཞན་གཉིས་མགོ་བསྐོར་བ་འདི་མཐོང་ངམ།།

དྲག་དྲག་མགོན་ཅན་ང་རྒྱལ་གྱིས་སྦོམ་ཤིང་།།
ཞན་ཞན་རྣམས་ནི་ལྟོ་གོས་ཀྱི་ཁོལ་པོ།།
ཀུན་ཀྱང་བླུན་ཞིང་གཏི་མུག་གི་རང་བཞིན།།
འདི་འདྲས་རྒྱལ་བསྟན་ཇི་ལྟར་རང་འཛིན་ཨང་།།

མཁས་པ་ཕལ་ཆེར་ཆགས་སྡང་གི་ཚང་ཚིང་།།
གྲུབ་ཐོབ་རློམས་འགའ་བདུད་རིགས་ཀྱི་སྒྱུ་འཕྲུལ།།
གངས་དཀར་ཏི་སེའི་རྒྱངས་སྒྲ་ལྟར་མཐོང་བས།།
ད་ནི་རང་ཚོད་རང་ཉིད་ཀྱིས་ཟུངས་ཤིག།

དགོན་གོག་ཁ་འཛིན་དམྱལ་བ་ཡི་ཚོགས་ཁང་།།
བསྒྲིགས་དང་གྲྭ་ས་ཟིན་མེད་ཀྱི་སོ་ནམ།།
སྦྱིན་བདག་ངོ་སྲུང་མགུ་འཁང་གི་རང་བཞིན།།
ཅིས་ཀྱང་སྙིང་པོ་མེད་པ་ལ་སོམས་དང་།།

ཕར་ལྟོས་བླ་དཔོན་རེ་དོགས་ཀྱི་འབྱུང་གནས།།
ཚུར་ལྟོས་འཁོར་སློབ་སྡུག་བསྔལ་གྱི་ཞིང་ས།།

འདུལ་རྒྱུའི་དགྲ་བོ་ཞེ་སྡང་གི་བུད་ཤིང་།།
བསྐྱང་རྒྱུའི་གཉེར་ནོར་འདོད་ཆགས་ཀྱི་གཡབ་མོ།།

དེ་འདྲའི་དཀའ་ལས་དོན་མེད་ཀྱི་བྱ་བཞག།
སྨྱོན་པའི་ཟློས་གར་རྩེ་བ་ལྟར་མཐོང་ནས།།
བློ་སྣ་ཐུང་ངུས་སློབ་དཔོན་དང་འགྲོགས་ཏེ།།
མི་མེད་དབེན་པའི་རི་སུལ་དུ་གཤེགས་ལ།།

འཕགས་དག་མཁས་པའི་ཞལ་ལུང་གི་བདུད་རྩི།།
དེ་སྔ་ཐོས་པ་དེ་ཙམ་གྱིས་ཆོག་གི།།
ཐོས་དང་སྙིང་པོར་དྲིལ་བ་ཡི་ཉམས་ལེན།།
ད་ནི་མ་རན་དགུ་རན་དུ་འདུག་གོ།།

གལ་ཏེ་སྒྲུབ་པ་མ་བྱུང་དུ་ཟིན་ཀྱང་།།
རང་གཞན་གཉིས་མགོ་བསྐོར་བ་འདི་སྤངས་ནས།།
ཆགས་སྡང་མེད་པའི་གར་སྐྱིད་ཀྱི་ཡུལ་དུ།།
བཟའ་གཏད་བྲལ་བའི་སྤྱོད་ཚུལ་ལ་ཞུགས་ཤིག།

འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཐོལ་བྱུང་དུ་སྨྲས་པའོ།།

སྤྱིར་བརྩོན་འགྲུས་ཅི་ཙམ་བརྩམས་ན་འབྲས་བུ་དེ་ཙམ་ཡོད་པ་དེ་སྤྱིར་བཏང་གི་གཏན་ཚིགས་ཤིག་ཡིན་ཀྱང་། དངོས་ཡོད་འཚོ་བའི་སྟེང་། བརྩོན་འགྲུས་གཅིག་པུས་མི་ཆོག་སྟེ། ཀླད་པ་གྲིམ་དགོས། དཔེ་ཆ་ལྟ་ཤེས་དགོས། སློབ་སྦྱོང་བྱེད་ཐབས་ཤེས་དགོས། དེ་བས། སློབ་སྦྱོང་གི་འབྲས་བུ་ནི་མཐའ་གཅིག་ཏུ་བརྩོན་འགྲུས་ཀྱི་དབང་དུ་གྱུར་པ་ཞིག་ཀྱང་མ་རེེད།

—— བདུད་ལྷ་རྒྱལ།

༼བོད་བཙན་པོའི་དུས་ཀྱི་རྡོ་རིང་བཅོ་ལྔ།༽མཚར་སྡུག་འོད་སྟོང་འབར་བའི་བཙན་པོའི་དུས་ཀྱི་དངོས་ཡོད་ལོ་རྒྱུས་དེ་དག ཆོས་སྨྲ་བ་ཚོས་སྒྲུང་གཏམ་འབའ་ཞིག་གིས་ཕྱི་ཤུན་སྤྲད་དེ་ཁྱུར་མིད་བཏང་རྗེས། ང་ཚོའི་ལོ་རྒྱུས་ཞེས་པའི་ཐ་སྙད་དེ་ནི་མིང་གི་ལྷག་མ་ཙམ་དུ་གྱུར། ཡིན་ཡང་ལོ་ངོ་སྟོང་ཕྲག་ལྷག་ཙམ་ལ་ཁ་ཆར་དང་བུ་ཡུག་ཁྲོད་དུ་དཀྲོང་ངེར་འགྱིང་བའི་རྡོ་རིང་འདི་དག་ཁོ་ནས། ང་ཚོ་ལ་རིགས་རྒྱུད་ངོ་སྤྲད་ཅིང་སྨྲ་ཤེས་དོན་གོ་བའི་མི་ཞིག་གི་ཐོབ་ཐང་བྱིན། དེ་བས་ང་ཚོ་ལ་ང་རྒྱལ་ཞེས་མགོ་བོ་མཐོ་རུ་འདེགས་བྱེད་དང་། ལ་རྒྱ་ཞེས་གཞན་སུ་ལ་མི་སྒུར་བའི་རང་གཤིས་འདི་ཡོད་པ་རེད།


发布     👍 0 举报 写留言 🖊   
✋热门推荐
  • 【低门槛入代理活动】 女神系列——2本套餐针对于年轻女性,辣妈哦2⃣套餐B:小萌希奥卫生巾2箱(240.285)➕纯美棉棉柔巾1箱➕竹抽纸1箱➕手帕纸1箱本套餐
  • 所以治疗的首要方法就是要让皮肤不再对激素有依赖,因此就要停止使用一切带有激素的产品,比如膏、护肤品、化妆品等等,或许一开始不用激素的皮肤会非常难受,但是只有让皮
  • 《甜蜜暴击》《择天记》应该是他比较有代表性,比较典型的两部剧,虽然在这两部剧中,他的演技遭到了不少网友的吐槽,但作为一个不是专业演员出身的歌手,演技是需要磨练的
  • 【助企纾困促发展】#天津身边事##加快建设交通强国##交通运输民生实事# 为持续推动国务院和市委市政府稳经济一揽子政策措施尽快落地见效,推动交通运输加快发展,6
  • 库中所藏,如果透出,在没有其他克制情况下,即为能用而透清,比如:辰中戊土透出,是不需要“冲”出的,即不冲照样能用,因为四库同属土为同类同气,虽然有冲(如辰戌冲或
  • #林娜琏[超话]#NY#IM NAYEON林娜琏solo出道# 220629 Melon更新 #EVENT 인기가요 미공개 영상 감상평 이벤트!✨ P
  • 希望他的粉丝能做一个善良的人,也多次提出希望我们更多得是在意自己的生活,喜欢他就是看他的剧就行。柄南下头组出现cbl澄清贴多新鲜……大饼脾气怎么样看完一些综艺和
  • 技术档案科的团员青年作为白蚁处团支部的中坚力量,积极参与各项青年活动,取得了优异成绩。技术档案科自2007年首次被命名为省级青年文明号以来,始终以青年文明号提倡
  • 原来,每一座佛家山门的第一殿,竟已是世间空与色、相与法的第一关,我心中蓦地闪过一线明亮光芒,顿然若有所悟,却还没等我顶礼致谢,大哥已经转身踏阶而去,上了大雄宝殿
  • 这座史前遗址是华夏集团文化与文明的载体,被专家学者命名为“河洛古国”认为它很可能是黄帝时代的都邑所在地,至少是早期中国的酝酿阶段。考古学家曾经在登封王城岗发掘到
  • 正如李彦开复在本世纪初给中国学生的几封信中反复提到的“有勇气来改变可以改变的事情,有度量接受不可改变的事情 有智慧来分辨两者的不同”跟随自己的内心吧,我们对生活
  • 二、推拉门作用从使用上看:推拉门极大地方便了居室的空间分割和利用,其合理的推拉式设计满足了现代生活所讲究紧凑的秩序和节奏。得尚门窗断桥推拉窗系列满足你对生活的要
  • 人生就是在逆水行舟,机遇与挑战是并存的,生活不会比海上冒险来的容易,要掌握好自己的方向,永远的无惧,永远的坚定,永远的不放弃,直到看到你梦的岸!人生有很多的选择
  • 紧接着,他就看到一个披头散发的身影闪出,直奔着锅台飘过去,接着就拿起他们使用过的饭碗开始刷,边刷还边念叨着:“谁说洗不干净,谁说洗不干净。大壮这边却是不同,虽有
  • 好的,来试着模仿一下这个咆哮体。 (无意冒犯沈马宁伦远魏中的任何一位, 仅为调侃,有一定夸张成分,不代表真实水平) 王宁粉从来里外不是人啊有没有!!! 沈腾不记
  • @成毅成毅沉香如屑/成毅应渊唐周/成毅南风知我意/成毅傅云深冰皮蛋糕要说最喜欢吃的糯叽叽零食,那一定少不了冰皮蛋糕呀,算是小编多次回购的一款糕点,说实话我第一次
  •   猛料四:汽车大厂产销持续向好,零部件龙头有望受益!  猛料二:84个共享储能项目备案或公示,国内共享储能建设迎来爆发!
  • 但是,古格王朝期间,号称有“十万之众”它不仅统辖着而今札达县以外广大区域的民众,而且就算在札达县之内,史料记载也有两百多个村落——而今札达县的香孜古堡、达巴古堡
  • 如果人的一生能活出荷花的姿态,不管是风雨交加,还是风和日丽,能常怀一颗也无风雨也无晴的心态,于喧嚣世俗中,手握一份舍得,静守一方淡泊,安之若素,笑对浮生繁华,那
  • 不知道是自己口味变了还是官方审美大幅提高了,昨天白天阅兵的军事设备外形、游行队伍的配乐装扮以及昨晚的整场联欢活动,个人都觉得十分ojbk——但在几年前我对这些晚