࿐བཤེས་གཉེན་དམ་པ་སྤྲུལ་ཤེས་རབ་རྒྱལ་མཚན་མཆོག་གི་སྐུའི་གྱ་སྟོན་ལ་བརྟན་གསོལ་འཆི་མེད་རྔ་སྒྲ།

གདོད་མའི་གཞི་དབྱིངས་ཆོས་སྐུའི་ཞིང་ཁམས་ལས།།
མ་གཡོས་འཕོ་བྲལ་བདེ་ཆེན་ཟུང་འཇུག་ཐུགས།།
ལྷུན་གྲུབ་སྐུ་གསུམ་རོལ་པའི་རྩལ་རྫོགས་པ།།
བརྒྱུད་གསུམ་རྩ་གསུམ་བླ་མའི་ཤིས་པ་སྩོལ།།

དཔལ་ལྡན་ཚོགས་གཉིས་མཚོ་ཆེན་བསྲུབས་པ་ལས།།
ཁྱེད་སྐུ་མཚན་དཔེ་ལང་ཚོའི་འོད་དཀར་འཛུམ།།
བརྩེ་ཆེན་སྙིང་རྗེའི་མངའ་བདག་འགྲོ་བའི་མགོན།།
མི་ཡི་རྫུར་ལ་བྱོན་པའི་སེམས་དཔའ་ཆེ།།

འཇིགས་རུང་འཁོར་བ་སྒྱུ་མའི་གྲོང་ཆེན་ལ།།
མི་འདོད་ལས་ཀྱིས་སོན་པ་མ་ཡིན་པར།།
བརྩེ་ཆེན་དྲི་མེད་ཟེར་གྱི་འགྲོ་ལ་འཁྱུད།།
ལུགས་གཉིས་སྟོན་པའི་དེད་དཔོན་དམ་པ་ཞིག

ལྗོངས་འདིའི་བསྟན་འགྲོའི་མགོན་དུ་བྱོན་ནས་སུ།།
སྔོན་བྱོན་དམ་པའི་ཕྱག་བཞེས་མ་ཉམས་པར།།
ཚུལ་བཞིན་ཉམས་བཞེས་གནང་ཞིང་བསྟན་འགྲོ་ལ།།
ལྷག་བློ་དཀར་བས་སྲིད་ཞུ་མི་དམན་མཛད།།

གྲུབ་པའི་དབང་ཕྱུག་ལུང་རྟོགས་རྒྱལ་མཚན་གྱིས།།
སངས་རྒྱས་གླིང་པའི་གཏེར་བདག་རྣམ་རོལ་པའི།།
ལྕགས་མདུད་ཤེས་རབ་རྒྱལ་མཚན་ཡང་སྤྲུལ་ཞེས།།
མཚན་གྱི་ཅོད་པན་གསོལ་ཞིང་ཕྱག་ཡིག་གནང་།།

འཁྲུལ་མེད་ལུང་གིས་བསྔགས་པའི་སྐྱེས་མཆོག་དེ།།
སྔ་འགྱུར་མདོ་སྔགས་བསམ་གཏན་ཆོས་གླིང་གི།།
ཡང་དར་བསྟན་འཛིན་བླ་རབས་བཅུ་གཉིས་པ།།
ཤེས་རབ་རྒྱལ་མཚན་མཆོག་གི་གྱ་སྟོན་བསུ།།

ཆོས་བརྒྱད་སྒྱུ་མའི་གར་ལ་མ་ཆགས་པར།།
བློ་སྣ་ཆོས་དང་བླ་མར་རྟག་དུ་གཏད།།
བཤེས་གཉེན་དམ་པར་དུས་ཀུན་རབ་བསྟེན་པའི།།
མཚུངས་མེད་བཤེས་གཉེན་ཁྱེད་ལ་དད་ཕྱག་འབུལ།།

རབ་འབྱམས་རྒྱལ་ཀུན་གསུང་གསུམ་གཅིག་འདུས་པའི།།
བཅོམ་ལྡན་ཚེ་དཔག་མེད་པ་ཚེ་འཛིན་ལྷས།།
སྐུ་ཚེ་མི་འགྱུར་རྡོ་རྗེ་ལྟ་བུར་སྲུང་།།
བཞེད་དོན་གེགས་མེད་ཡིད་བཞིན་འགྲུབ་གྱུར་ཅིག།

བསླུ་མེད་སྐྱབས་དང་དམ་ཅན་སྲུང་མ་ཡི།།
བྱིན་རླབས་བདེན་མཐུ་ཟབ་མོའི་སྟོབས་བསྐྱེད་ན།།
བསྟན་དང་འགྲོ་བའི་དོན་དུ་འཚོ་བཞེས་གསོལ།།
ཕྲིན་ལས་སྣང་བའི་ས་གསུམ་ཁྱབ་གྱུར་ཅིག།

འོད་གསལ་གཞི་དབྱིངས་ལྷ་ལམ་ཡངས་པོའི་ངོས།།
ཉམས་རྟོགས་སྐར་ཚོགས་འཕྲེང་བ་རབ་ཏུ་མཛེས།།
ལུང་རིགས་ཉི་གཞོན་བར་ཆད་སྤྲིན་ཚོགས་བརྒལ།།
ཆོས་ཀྱི་གྲུ་ཆར་རྟག་ཏུ་འབེབས་པར་ཤོག།

ཅེས་དམ་པ་གང་ལས་དབང་ལུང་མན་ངག་སོགས་ཀྱི་བཀའ་དྲིན་ཐོབ་པའི་ཉག་ཁྲ་པ་པུཎྱེ་ཤྭ་རས་སྐུ་ཉིད་དགོངས་གྲངས་བརྒྱད་ཅུར་བཞེས་པའི་གྱ་སྟོན་བྱེད་སྒོ་ཐོས་ཕྲལ་༢༠༢༣ལོའི་ཟླ༡པོའི་ཚེས་༡་ལ་རང་ཁྱིམ་དུ་ལོ་སར་དང་ལྷན་དུ་བྲིས།།

࿐མཆོག་སྤྲུལ་༧གསང་སྔགས་བསྟན་འཛིན་གྱི་ཞབས་བརྟན་སྨོན་ཚིག་བཞུགས་སོ།།
རྟེན་ནས་འབྱུང་བའི་དེ་ཉིད་སྨྲ་བ་ཡི།།
ཟླ་མེད་སྟོན་པ་མཆོག་གྱུར་དོན་ཀུན་འགྲུབ།།
གངས་ཅན་འགྲོ་མགོན་མཁན་སློབ་ཆོས་རྒྱལ་སོགས།།
རིམ་བྱོན་གསེར་གྱི་ཕྲེང་བས་དགེ་ལགས་སྩོལ།།
ཐུབ་ཚུལ་ཉི་འོད་སྙིགས་ལྔའི་སྨག་གི་ཀློང་།།
ཆེས་ཆེར་ཉལ་བའི་དུས་ཀྱི་ཡང་མཐར་འདིར།།
སྤྱི་སྒོས་བསྟན་པའི་ཁུལ་གྱིས་མི་ངལ་བའི།།
༧གསང་སྔགས་བསྟན་འཛིན་ཞབས་པད་ཡུན་བརྟན་ཤོག།
རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ཟླ་༡ཚེས་༢༠ཕྱི་ལོ་༢༠༡༣ཟླ༣ཚེས་༢ལ་སྦྱར་བའོ།།

࿐བློ༵་གྲོས་སྒོམ་པའི་སྟོབས་རབ་རབ་རྒྱས་པའི། །
བཟ༵ང་པོའི་རྟགས་མཚན་དུ་མས་རབ་རྒྱན་ནས། །
སྙ༵ན་པའི་བ་དན་ས་གསུམ་ཀུན་ན་ཁྱབ། །
འབྲུག་ལྟར་གྲ༵གས་པའི་མཚན་སྙན་ཁྱོན་ཀུན་ཁྱབ། ། ཚ་བུ་ནས་བྲིས།


发布     👍 0 举报 写留言 🖊   
✋热门推荐
  • 6. 撞够了南墙,只想撞你的胸膛7. 借我50元买草莓,到时候还到你脖子上8. 我的人生中最想干的就是三件事,我爱你,爱你和你9. 奥利奥的打开方式是舔一舔,泡
  • 在“才聚酒泉、筑梦飞天”引才活动上,在瓜就业的优秀毕业生化身引才形象大使和引才特派员,组成引才小分队携政策大礼包,先后到兰州大学、四川大学等13所高校开展宣介引
  • ”••————••『爱是放不开的手,是时刻想要奔赴的心,是黑夜和崎岖道路也挡不出的距离,是想要见证你的成长,是想要永远的陪伴,是怕你被冷落,时刻想要哄你。独特的
  • 演唱会见[锦鲤附体] #罗云熙# ☁️#罗云熙平安熙乐# 欢熙过大年 抽奖组【第15棒☁22:30】欢熙过大年,龙年好运来愿罗云熙龙翔九天,傲然星辉[送福][
  • 参见(评论区欢迎更多答疑解惑,会放一些剧情释意举例)看了热辣滚烫,总体感受是敬佩贾玲,甚至有些嫉妒姐能活的如此精彩,如此相信、热爱自己,单凭这一点这部片子就足够
  • #ITZY中转站[超话]#新年快乐,有没有粒妈溜妈志妈来拼盘 有很多早期卡和小热卡试拼超级好价主粒盘,有少量志溜娜除AB其他多带可挤(我是车主)红色10/1其余
  • 让我们记住这位一元店创始人的名字——郝稷丞,也期待他带领着一元店模式,在未来的市场竞争中,创造更加辉煌的成就!郝稷丞,这个名字或许在现在的市场上已经逐渐被淡忘,
  • 可当我身为水云天战神面对的确实无休止的杀戮时我有些想不通、看不懂自己最初的选择是否正确,明明在我的认知和司命那些人间话本子里战神应该是庇佑生灵带来幸福的一个角色
  • DMA在过去一年内非常火爆,所以当前我认为最核心的观察指标就是中证500和中证1000的基差,什么时候能够收敛到正常的区间,可以认为量化中性策略调整得差不多了,
  • [好喜欢][好喜欢]#20220211真的很感谢他能来北奥,从而认识到他,慢慢了解后发现他真的很好,认识到柚子真的是一件很美好的事,始于颜值,陷于才华[心]他是
  • 云南山路十八弯,当地老司机驾车更放心,不但是司机还是私人向导、摄影助手、美食达人!不搜索攻略,我们就是旅行私人定制师不搜攻略我们是旅行微管家7*24小时活动地图
  • ” 贺云笙很是正经的瞧着他,嘴角的笑意止不住的溢了出来:“你医院的研究做的怎么样了?我以为他真心后悔,想和我复婚,哪怕我不接受,可是心里总有一些痛快,所以当我听
  • 新车还配备主动车辆动态系统和Bilstein DTX自适应减振,电子后差速器(E-Diff)与ESP高度集成,可以提供更稳定的操控性和更高的灵活性。尾部变化就更
  • 在之后的训练和比赛中,小林每次都是最亮眼的崽,也出现了很多经典语录,比如在致敬科比那期,他说:在我的人生字典里没有失败,总有一个人要赢,为什么不能是我?幸好小林
  • 对不起了,大神,修修,于老师,燕子,都怪杨洋,每一个角色都出神入化,让人难以自拔。有人说杨洋是抠书式演技,我想说,杨洋是认真型的演员,演了那么多剧,每一个形象就
  • 娃今天去姑姑家了,终于有时间把这个小甜剧看完了,是一个关于古风,美食,热爱的故事,很温暖治愈,剧里没有一个反派,没有一点误会,全程看的特别开心,看的时候嘴角一直
  • 【评语】 不给红包八字肯定没有一撇,给了也许有一撇,女方第一次上门还是要好好招待一下,红包还是要封的,不然人家看你们家不是很重视她,分手的概率会很大!
  • 从来都是一个板板正正、一副眼镜、慢条斯理、温和冷静……的男人政委,坐在大家面前语重心长,如果一下子换成一个伶牙俐齿、一身正气、目光犀利、风韵犹存……的女上校女大
  • 再说难听些直白些 金钱方面我也依然有人可以提供帮助 正如上文而言 我以为你是出于愧疚之心 所以我接受你的帮助 其实你也在骗自己不是吗 想用这些方式填补过去的错误
  • #蛋仔派对交易[超话]# 【TXU966】iOS历史无敌第五月白护目镜阿存魔女机甲瓜宝11彩78紫织梦甜酷阿莉 1.5w可刀可分(自带方案) 【至臻】阿存/魔