ནམ་ཞིག་ཚེ་ཡི་འདུ་བྱེད་འཐོར་བའི་ཉིན།།
མི་འདོད་སྡུག་བསྔལ་འཇིགས་པ་བརྒྱ་ཕྲག་དག།
མྱོང་མི་དགོས་པའི་ཐབས་ཀྱི་དམ་པ་མཆོག།
ད་ནས་སྒྲུབ་ཅིང་ཡིད་བཞིན་འགྲུབ་པར་ཤོག།

“ཚད་མ་རྣམ་འགྲེལ་གྱི་དོགས་དཔྱོད་ལེགས་བཤད་དངུལ་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།”ཕྱག་དཔེ་འདི་ཉིད་རིགས་པའི་དབང་ཕྱུག་འབྲས་སྒོ་མང་ཀླུ་འབུམ་ལྷ་རམས་པ་མཚན་མཆོག་བརྗོད་པར་དཀའ་བ་དོན་སླད་མཚན་ནས་སྨྲས་ན་ཆོས་རྗེ་བློ་བཟང་དགེ་འདུན་གྱི་དཔེ་ཁྲིད་སྒྲ་བཤུས་ཤིག་ཡིན་ཞིང་།འདི་ཉིད་བྱ་མདོའི་ལྷ་རམས་པ་སྐལ་རྒྱམ་མཆོག་གིས་ཞུ་བསྒྲིགས་ཀྱི་བརྩོན་པ་གནང་བ་ཞིག་ཡིན་འདུག ཕྱག་དཔེ་འདི་ཉིད་ལོ་སྔོན་མར་འཕགས་ཡུལ་གྱི་གདན་ས་ཆེན་མོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་དཔར་བསྐྲུན་བགྱིས་ཤིང་སྐབས་དེར་ཀླུ་འབུམ་ཁམས་ཚན་དུ་འགྲེམ་སྤེལ་བྱས་པ་བཅས་མིག་ཡིད་རྣ་བའི་དགའ་སྟོན་དུ་གྱུར་མྱོང་མོད།དེ་རིང་བར་དེབ་མཆོག་འདི་དང་དངོས་སུ་མཇལ་སྐལ་མ་བྱུང་།གུས་དམན་རང་ལ་མཚོན་ན་དམ་པ་ཁོང་གི་སློབ་བརྒྱུད་ལ་ཆོས་ཀྱི་འབྲེལ་ཟབ་ཞིང་ཁྱད་པར་དུ་ཁོང་གི་གདན་ས་ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་གི་དགེ་འདུན་འདུས་སྡེའི་གྲལ་མཐའ་ཙམ་ཟིན་མྱོང་ཞིང་།ཁོང་གི་དབང་ལུང་ཁྲིད་གསུམ་ལས་ཕྱི་མའི་བྱིན་རླབས་ཀྱི་རྒྱུན་མ་ཉམས་པར་བསོད་ནམས་རྣ་བའི་དཔྱིད་དུ་སྨིན་མྱོང་ནི་ད་ལྟར་ཇི་འདྲའི་སྐལ་བ་བཟང་འང་སེམས་སོ།།ད་ལན་མདོ་ཁམས་སྟོད་ཀྱི་ས་ཆ་འདི་ལྟ་བུ་ཞིག་ཏུ་ཁོང་གི་གསུང་རྩོམ་འདི་དང་ལས་ཀྱིས་མཇལ་ནས་བླུ་སྐལ་བྱུང་བ་ནི་ཕ་ཡུལ་དངརྒྱང་ཐག་ཅུང་རིང་བའི་ཡུལ་རྒྱུས་མེད་འདི་འདྲར་དམ་པ་ཁོང་དང་དངོས་སུ་མཇལ་བ་འདྲ་བའི་དགའ་སྤྲོས་ལྟོས་སོ།།འདི་ཡང་སྔར་བསགས་བསོད་ནམས་ཀྱི་འབྲས་བུ་ཆུད་མ་ཟོས་པ་ཞིག་ཡིན་པ་ནི་གདོན་མི་ཟའོ།།

“དེང་ནས་བྱང་ཆུབ་སྙིང་བོར་བདུད་སྡེ་ལས། །

ཇི་སྲིད་རྒྱལ་བར་མ་གྱུར་དེ་སྲིད་དུ། །

སྐྱེ་ཞིང་སྐྱེ་ཞིང་སྐྱེ་བར་ཁྱོད་ཀྱིས་རྗེས་བཟུང་ནས། །

གསུང་གི་བདུད་རྩིས་ངོམས་པ་མེད་པར་ཤོག ། ”ཅེས་པའི་གསོལ་འདེབས་ཀྱང་ངག་ནས་དབང་མེད་དུ་ཐལ་ལོ།། གུས་པ་གྲོལ་སྡེས།

ལྷུན་སྟུག་རྫ་རིའི་སྨུག་སྤྲིན་ཞལ་ཁེབ་སྒྲོན་པའི་འོག་ན། །
ལྷུང་ལྷུང་དྭངས་བསིལ་འབབ་པའི་བརྒྱད་ལྡན་མཚེའུའི་ངོགས་སུ། །
རྩོལ་བའི་མ་བསྒྲུབས་རང་བྱུང་རིན་ཆེན་བྲག་རིའི་ཕུག་པར། །
མ་བཅོས་ལྷུག་པར་སྡོད་པའི་བྱར་མེད་རྣལ་འབྱོར་སྐྱིད་པ། །

—— པདྨ་མདོ་སྔགས་རྒྱ་མཚོ།


发布     👍 0 举报 写留言 🖊   
✋热门推荐
  • 【通常盘BD】税込¥6,820【通常盘DVD】税込¥5,720*通常盘包含1张碟片收录了m26正片;封入特典为明信片和收藏卡コナンコレクターズクラブパスポート通
  • 据统计,整个西方世界(包括日本)的公共博物馆中收藏了约160万件中国古代艺术品,但这只是流失的中国文物的20%左右,其他80%左右收藏在私人手中,且多半没有公开
  • #福州租房##福州身边事#2022年10月,租客林某某与他人协商转让店铺事宜并开始将店内设备搬离租赁场地,房东接到物业公司通知后将店铺上锁。同年12月,房东林某
  • 先凿开电梯坑与水泥交界处的一周,将水泥凿成3.5*4.5的U型缝口和平面漏水处的每一个漏缝都成U型,清理漏水层表面,冲洗干净后,即使用速凝止水材料进行埋管、抽营
  • 不可能的哈哈哈 为了可以待在一起 不在曲靖上班 选择来普洱和我一起备考 我总是凶凶的哈哈哈哈哈其实也不是凶只是在完全做我自己 我们两会对对方表达爱意 告诉对方喜
  • Q老师已递交辞呈,我的事也已沸沸扬扬,但我怕愧疚终生,不想多麻烦任何人,临毕业前一天,前路的所有事已成定局,我让兄弟传出我“渣男”、“利用Q 和涵”的谣言,
  • 当你放开,让它自己去修自己,你会发现你还有那么多别的管道,有那么多源源不断地流向你的爱 跟这些管道呆在一起就好了呀 这就是“当我在爱了自己之后别人才会来爱我”这
  • 当日情绪:低预计后市:弱仓位:三成以下板块概况:房地产服务、抗病毒面料、教育、供销社、酒水饮料板块涨幅靠前;养殖业、超级品牌、农产品加工、机场航运、汽车整车、云
  • 项目自建约2000㎡下沉式商业街区,据西侧信息港消息,信息港内商业地块约2万㎡商业预计年末开业,享受家门口的咫尺便利;距离区域成熟商业起,中心约2km,距离的沙
  • 9️⃣荞麦面:如果想吃面阔以选择荞麦面,饱腹感强,升糖慢。6️⃣蓝莓:营养丰富,热量和糖分也不高。
  • 7、锅里剩下一点汤时,用尖椒丝和大蒜炒一下,倒入适量的水和淀粉,加热至汤变粘。5、加入干豆腐丝,盐,炒匀,快速加入韭菜,炒匀,上碟。
  • 1️⃣垃圾袋是柜子新款,整体随意的感觉超级好看,团了小号中号和迷你,根据平时搭配和身高需求进行选择哦,全包身油蜡牛皮,拿到手就能看出完美的质感了!有黑金黑银还是
  • 广州天河区21号线棠东站,家私家电齐全,复试两房,只要3800。#广州租房联盟[超话]# #科韵路租房# #生物岛# #琶洲大桥北租房# #海珠区租房# #广州
  • 很幸运你的很多重要时刻我都没有错过,而且我也很愿意奔赴这每场属于你的浪漫时刻,婚礼当天我觉得我都不会哭的,因为你的煽情流程并没有走,哈哈,结果到了晚宴结束的时候
  • 冷酷文学看小说 《苏柚曦秦知舟》(热门推荐小说) 《难忘初遇时黎月霍少谦》(热门推荐小说) 《江可心霍景琛姜毅》(热门推荐小说) 《将错就错,替补老公太黏人华椹
  • 连续看完14集好过瘾汁源来之不易[冲刺][冲刺][冲刺] 金永大 / 表艺珍 / 温宙完主演生活不就是这样么,你厌恶自己的生活,然而有人在梦想着过你的生活,感情
  • 这样一个坦诚的人他能坏到哪里去~他经历了太多太多,他从不抱怨,也不争强好胜,只想好好的拍戏做好自己的事情,让自己现有的生活变得更好~我只希望你能够做自己喜欢的事
  • 【要点总结】两大忌讳:❌不要在面试中吐槽前公司,比如领导不行、老板不行等;❌不要说自己当时没想清楚/没有其他选择;两大要点:✅频繁跳槽的目的在于探索和试错,是经
  • 殿前欢·懒云窝✧元·阿里西瑛懒云窝醒时诗酒醉时歌瑶琴不理抛书卧无梦南柯得清闲尽快活日月似撺梭过富贵比花开落青春去也不乐如何懒云窝醒时诗酒醉时歌瑶琴不理抛书卧尽自
  • 十二星座转赞,收取满满的祝福。#好运##星座#天秤座:万事顺遂,毫无蹉跎天蝎座:前程似锦,顺风顺水射手座:万事胜意,福星加持摩羯座:霉运退散,锦鲤附身水瓶座:颠