མེད་རྟོག་ལྡུམ་རྭའི་ནང་གི།

མེ་ཏོག་རྒྱ་སེ་ལྕམ་པ།།

སྐྱེ་ས་ལྡུམ་རྭ་གཅིག་ཡང་།

འཕྲེད་པའི་སྐལ་བར་མི་འདུག།།

༢༠༢༤/༤/༢༦/_____སྐྱི་གར https://t.cn/zRlhbxU

ལང་ཚོའི་འོད་ཟེར་འབར་བའི་གུར་གྱི་ཁྱིམ།།
མཆོག་གི་ལྕུག་མའི་སེམས་ཀྱི་རྒྱན་ཆ་གསོལ།།
མི་ཤིགས་དགའ་བའི་མིག་ཟུང་བརྐྱངས་པ་ཡིས།།
མཛའ་བའི་སྙིང་ལ་བརྩེ་བའི་སྐར་ཚོམ་འགྲེམ།།

ཆ་ཤས་ཡོངས་རྫོགས་ལྔ་གསུམ་བདུད་རྩིའི་འོད།།
རྒྱལ་སྲས་ཐུགས་ལ་འདིང་བའི་ཤེས་རབ་ཀྱིས།།
ཤར་ལམ་མུན་པའི་རྡུལ་འཚུབ་རབ་འཕྱགས་ཏེ།།
ཞོགས་ཀའི་ཉི་མར་འདེ་བཞིན་དར་ཅིག་འདུག།
(སྤྱི་ཟླ་/༡༠/༣༡)དགུང་བཞུད་ཀྱིས་སྔར་བྲིས་ཤིག

༄༅། །འབུམ་གྱི་བརྗེད་ཐོ།

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་བརྒྱ་བའམ་ཤེར་ཕྱིན་སྟོང་ཕྲག་བརྒྱ་བ། ཤེར་ཕྱིན་གྱི་མདོ་འབུམ་པ་སོགས་གསོལ་ལ། བསྡུས་པར་འབུམ་དང་ཡུམ་དུ་གསོལ། དེ་བཞིན་ཡུམ་རྒྱས་འབྲིང་བསྡུས༣ལས་རྒྱས་པ་ལགས།
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་བརྒྱ་བ་ཞེས་ལེའུ་བདུན་ཅུ་རྩ་གཉིས་དང་ལྡེབས་གྲངས་༩༤༦༢ཅན་འདི་ཉིན་བརྒྱད་ཀྱི་རིང་ལ་འདོན་རྫོགས་ཞིབ་པར་མཇལ་པའི་མཇུག་ཟུར་མཆན་པར་མཐོང་ནས། བརྗེད་ཐོའི་ཚུལ་དུ་འགོད་པར། སྔོན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལོ་ཙྪ་བ་རླངས་ཁམས་པ་གོ་ཆ་དང་བཻ་རོ་ཙ་ན། ལྕེ་ཁྱི་འབྲུག ། ཞང་ཡེ་ཤེས་སྡེ་སོགས་པས་ཡུམ་རྒྱས་འབྲིང་བསྡུས༣རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བར་གྲགས་མོད། ༼༄༅། །རྒྱ་གར་གྱི་པཎྜི་ཏ་བོད་དུ་རིམ་བྱོན་དང་། བོད་ཀྱི་མཁས་པ་རྒྱ་གར་དུ་རིམ་པར་བྱོན་པའི་མཚན་ཐོ་དང་། ལོ་དུས་མཛད་བརྗོད་རག་བསྡུས་༽སུ། ཐོན་མི་སམ་བྷོཊས་ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་བསྒྱུར། ཀ་ན་ཀ་ཝརྨ་འམ་བོད་སྐད་ཀྱི་མཚན་ལ་གསེར་མདོག་ཏུ་གསོལ་བ། དུས་རབས་བཅུ་གཅིག་པའི་སྨད་ཀྱི་ཆར་བྱུང་བ། པ་ཚབ་ལོ་ཙྪ་བས་བོད་དུ་གདན་དྲངས། ཁོང་གིས་པ་ཚབ་དང་ལྷན་དུ་རྭ་མོ་ཆེར་ཡུམ་ལ་འགྱུར་བཅོས་མཛད་ཅེས་པར་འཁོད། དེ་བཞིན་འབུམ་འདི་ཉིད་ཆེན་པོ་ཧོར་སོག་གི་སྐད་དུ་བསྒྱུར་བར༼༄༅། །སོད་བོད་ནན་སྦྱར་དག་ཡིག་མཁས་པའི་འབྱུང་གནས་༽སུ། པཎྜི་ཏ་ཤྲཱི་ཀེ་ཐུ་ཤྲཱི་ཆོས་རྗེས་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་སོག་སྐད་དུ་བསྒྱུར་ཞེས་འབྱུང་བར། རྒྱས་འབྲིང་བསྡུས་གསུམ་ཏེ་༼༄༅། །དུང་དཀར་ཚིག་མཛོད་༽དུ། བོད་ཡུལ་ན་ས་སྐྱའི་མཁས་པ་གཡག་ཕྲུག་སངས་རྒྱས་དཔལ་ལ་སོགས་པས། ཡུམ་རྒྱས་པ་སྟོང་ཕྲག་བརྒྱ་བ། འབྲིང་པོ་ཉི་ཁྲི། བསྡུས་པ་བརྒྱད་སྟོང་པ་ལ་བཞེད་དོ། །ཞེས་པའི་ཡུམ་དུམ་པ་བཅུ་དྲུག་པོ་ལ་གསུངས།ཞེས་ནོ་ནོ་ཤཱཀྱས་ཡུལ་ཡོས་སྒན་དུ་བྲིས་པ་དགེའོ། །


发布     👍 0 举报 写留言 🖊   
✋热门推荐
  • 回学校嘉和给我讲故事:友,你记得我上学期那个粉色的书包吗,太硬了,那还是我双十一抢的,花了我79块,太硬了实在是,装电脑还行,哎?最近要忙的好多好多事情,觉得好
  • #日行一善[超话]##日行一善[超话]##日行一善[超话]# 如果有来生我要做一棵树一棵并不高大的树我要站在塔克拉玛干大沙漠里让清风吹拂我的发丝享受阳光的温情如
  • 1-大美海南黄花梨之海南行 2-李氏圣林带你领略海南黄花梨魅力鉴赏如果你想了解海南黄花梨各 3-详解海南黄花梨山水纹之水波纹闪电纹 4-海南黄花梨的独有魅力!
  • 奶奶也许是想念爷爷和伯伯了吧,才抛下我们急急匆匆离开了这个荒谬的世界。宝贝出去旅游的第三天,很是想念[爱你][爱你]跟你视频,看你高兴的样子,妈妈也很开心[打c
  •      在党政机关的设置方面,《行动方案》提出从大部制改革、职能权限、管理方式、数字化转型等方面进行制度集成创新;围绕贸易自由便利,《行动方案》提出对标世界银
  • 在跨进考试周的最后一个周末去放纵[送花花]去买很多好吃的,我好爱好爱买奇奇怪怪没喝过的饮料,把放了一个学期的小麻将️拿出来,打的超级慢,但是超级有趣啊,夏天很难
  • 没想到他又带领着勇士们重返最高舞台,只因为他说过“下赛季没人想碰我们”[打call][打call][打call]关于KD,他和库里,和勇士永远是互相成就他来勇士
  • 一个女人,最大的幸福,不是自己有多美,而是能有一个男人在忙碌的时候,还会给你发一个信息,因为他知道,有一个女人在牵挂着他,等着他,一份感情不是靠一个人去拼命的珍
  • ☺︎ 我好想︱做一个橙色的︱梦可以是泡在茶杯里的小青柑︱ 一大瓶鲜榨的果汁儿剥开的橘瓣儿镜头定格在阳光下的向日葵太原生日蛋糕太原甜品太原蛋糕客定漫威英雄系列生日
  • 相比于 LCD 显示屏,硅基OLED 微显示技术具有不少优点: 1.低功耗。 发明了数字像素电路的数据刷新技术,领先了友商整整一代,相对于目前市场上同类解决方
  • 三个热搜并联思考,我们发现唐山这个地方,法治环境已经崩塌,到处都在上演侵害公民权利的荒唐闹剧。从零到开始,从一粒银沙开始,从淬炼开始,从火开始,一块冰冷的金属被
  • 那个郎中果然高明,看完母亲的病后,就告诉父亲说:这病好治,扎上七天的汉针也就好了。那个时期,日子本来过得就很艰难,在经历了接二连三的天灾人祸后,母亲精神受了刺激
  • ”“所以法律呢,一定是要捍卫人的尊严,要倡导对人的尊重,任何物化践踏人格尊严的行为,都应该受到法律的谴责”【全球竞争力排名】【香港回升至第五位】瑞士洛桑国际管理
  • 声音对人体神气的影响是最直接的,所以古人把音乐特别重视,乃至作为文明的维系,所谓黄钟大吕,以及礼崩乐坏。又有老子说的希声大音,时时刻刻环绕着我们,我们就浸泡在声
  • V信:lxy455015431 #李鑫一 一直一直一直喜欢你#lxy#爱豆v力量# 【通知】⭐目前超话积分助力功能已下线,超话排名根据超话内活跃度展示。⭐大家要
  • #光与夜之恋陆沉[超话]#有的人表面在接受采访,实际上一句话也不离爱人[哇]表面上从容不迫的商界大佬在接受采访时会无意识想到自己的爱人,谈到自己的爱人时也会不自
  • #唐山百人下跪请愿#案发现场的巷子里鲜血淋漓 本地有人说受害者里有人去世了 妇联声明2个女生没有生命危险 那还有2个呢 为什么受害人被关押在病房连好心人送的花
  • 用一颗简单的心笑看世态炎凉,坦然面对人生中的各种考验,不好高骛远,脚踏实地走好每一步,让一切坎坷泥泞都成为人生路上不可缺少的风景,保持一颗阳光的心,那么生活,定
  • 此外,北京电信10000号还将为不方便出行或有特殊困难的老人针对不便捷业务提供上门服务,另外考虑到疫情期间出行旅游安全问题,在“中国电信北京客服”微信公众号的尊
  • 不过,属猴人本身是特别有能力的人,身在逆境,意志力也格外顽强。 只要有一线生机,他们都不会放弃努力,往往是逆袭高手。